Tibetan Royal Year of 2151 | Year of the Wood Dragon

ནང་པའི་ཆོས་ལ་རྒྱུའི་ཆ་ནས་ངལ་བ་མེད་ཀྱང་ལག་ལེན་ཐོག་ནས་ངལ་བ་ཕྲན་བུ་འཕྲད་བཞིན་འདུག་ཅེས་གསུངས་སོང་།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

 

དེ་རིང་ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་སྐུ་མགྲོIMG_8895ན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་དང་། དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་འགན་འཛིན་ཀརྨ་ཐུབ་བསྟན་ལགས། ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་རྣམ་པ་གསུམ་གཙོས། ཟབ་སྦྱོང་མཉམ་ཞུགས་བ་གྲྭ་བཙུན་ཞལ་གྲངས་ ༣༢ བཅས་ལྷན་འཛོམས་ཀྱིས་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་སོང་བ་དང་། ཟབ་སྦྱོང་དེ་ཡང་གཟའ་འཁོར་གཉིས་རིང་ཚོགས་གནང་རྒྱུ་ཡིན་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་ཀྱིས་ཆེས་ཐོག་མར་༸གོང་ས་མཆོག་གིས་དགོན་སྡེ་ཁག་ཏུ་དེང་དུས་ཚན་རིག་ཐོག་བསླབ་པ་སློབ་གཉེར་གནང་གལ་ཆེ་བའི་བཀའ་སློབ་ཕེབས་དོན་ལྟར་བོད་ཀྱི་དཔེ་མཛོད་ཁང་གིས་བཙན་བྱོལ་ནང་བོད་པའི་དགོན་སྡེ་ཁག་ཏུ་མཚན་རིག་སློབ་མཚན་ངོ་སྤྲོད་གནང་པ་ནས་བཟུང་སྟེ། དེང་ཆར་དགོན་སྡེ་གྲྭ་ཚང་ཁག་ཅིག་གི་ནང་དུ་མཚན་རིག་གི་བསྟི་གནས་བཙུགས་ཐུབ་པ་བྱུང་ཡོད་སྐོར་ངོ་སྤྲོད་དང་སྦྲགས། ཁོང་གིས་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་དམག་འཁྲུག་དང་། འགྲོ་བ་ཀུན་རྒ་ཤི11འི་རླབས་འཕྲུག་བཞིན་པའི་དུས་སྐབས་འདིར་ནང་ཆོས་ཀྱི་གྲུབ་དོན་རྣམས་འཛམ་གླིང་ཐོག་གསལ་བཏོན་གནང་ཐུབ་ཚེ། རང་གཞན་ཀུན་ལ་ཕན་ཐོགས་ཡོང་ངེས་ཡིན་པར་བཀའ་བསྩལ་གནང་བ་ལུང་འདྲེན་གནང་པ་མ་ཟད། ནང་པའི་ཆོས་ལ་རྒྱུའི་ཆ་ནས་དེང་དུས་ཚན་རིག་ལས་ལྷག་པའི་རྒྱུ་ཆ་ཡོད་ཀྱང་། དོན་དངོས་ལག་བསྟར་ནགང་སྐབས་ལས་དོན་ཆུང་ཙགས་རིགས་ནས་འཐུས་ཤོར་ཕྱིན་པ་སོགས་ཀྱི་ངལ་བ་ཕྲན་བུ་འཕྲད་བཞིན་འདུག་ཅེས་གསུངས་སོང་།

དགེ་བཤེས་ལྷག་རྡོ་ལགས་ཀྱིས་མུ་མཐུད་གསུངས་པར་ཐེངས་འདིའི་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་གྱི་གྲྭ་བཙུན་རྣམས་ལ་ཚན་རིག་ལ་སློབ་སྦྱོང་བྱེད་པ་དེ་ཕྱི་རྒྱལ་གྱི་རྣམ་གྲངས་ཙམ་མ་ཡིན་པར། གཙོ་བོ་ནང་ཆོས་ཀྱི་སློབ་སྦྱོང་ཡོད་པའི་ཐོག་དེང་དུས་ཚན་རིག་གི་སློབ་སྦྱོང་ཚད་ལྡན་ཞིག་གནང་ཐུབ་ཚེ། གཞན་ལ་ཕན་པའི་བྱ་གཞག་གི་ནུས་པ་དེའང་ཤུགས་ཆེ་རུ་འགྲོ་ངེས་ཡིན་པའི་སྐུལ་མ་གནང་ཡོད།

དེ་བཞིན་ཆོས་རིག་ལIMG_8906ས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་དེ་རིང་ཟབ་སྦྱོང་དེའི་དགོས་དམིགས་གཙོ་བོ་ནི་གྲྭ་བཙུན་རྣམས་ལ་དེང་དུས་ཚན་རིག་ངོ་སྤྲོད་ཞུ་རྒྱུ་དང་། ལྷག་དོན་ཚན་རིག་གི་འཛིན་གྲྭ་མེད་པའི་དགོན་ཁག་གི་གྲྭ་བཙུན་རྣམ་པར་ཆེད་དམིགས་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་དང་། ད་ལན་གྱི་ཟབ་སྦྱོང་དེའི་ཐོག་རྒྱ་གར་དང་བལ་ཡུལ་བཅས་ནས་དགོན་སྡེ་ ༢༠ ལྷག་གི་གྲྭ་བཙུན་ ༣༢ མཉམ་ཞུགས་གནང་ཡོད་པ་བཅས་གསུངས་སོང་།

རྩ་བའི་ཐེངས་འདིའི་ཟབ་སྦྱོང་གི་ཚོགས་བཅར་བ་རྣམས་ལ། Neuroscience འམ་དབང་རྩའི་ཚན་རིག་དང་། Physics འམ་དངོས་ཁམས་ཚན་རིག དེ་བཞིན་ Biology འམ་སྐྱེས་དངོས་ཚན་རིག་བཅས་ཀྱི་ཐོག་ལ་ཟབ་ཁྲིད་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།