Tibetan Royal Year of 2151 | Year of the Wood Dragon

བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སྲིད་སྐྱོང་ནི་དྲང་པོ་དང་ཆོལ་ཁའི་ཕྱོགས་ཞེན་མེད་མཁན་ཞིག་དགོས་པ་གསུངས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཁོང་བཀའ་བློན་ནས་དགོངས་ཞུ་བྱ་དགོས་པའི་རྒྱུ་མཚན་གང་ཡིན་གསལ་བསྒྲགས་གནང་བ་དང་སྦྲགས། མང་ཚོགས་ཀྱི་འོས་འདེབས་བྱ་རྒྱུའི་མ་འོངས་པའི་སྲིད་སྐྱོང་དེ་ནི་དྲང་པོ་དང་ཆོལ་ཁའི་ཕྱོགས་ཞེན་མེད་མཁན་ཞིག་དགོས་པ་སོགས་ཀྱི་ཆ་རྐྱེན་དགུ་གསལ་བསྟོན་གནmmexport1456635538236ང་འདུག

ཕྱི་དྲིལ་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་དང།  སྐབས་དེར་ཁོང་གིས་སྒེར་དོན་ལས་སྤྱི་དོན་གཙོ་བ་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ལ་ཡུན་རིང་ནས་བསམ་ཞིབ་གཏིང་ཟབ་གནང་ནས་ད་ལན་བཀའ་བློན་གྱི་ལས་གནས་དངོས་སུ་དགོངས་ཞུ་གནང་པ་ཡིན་ཞེས་གསུངས་ཡོད་པ་མ་ཟད། ལྷག་པར་དུ་ཁོང་གིས་ད་ལན་བཀའ་བློན་ནས་དགོངས་nyima votཞུ་དགོས་པའི་རྒྱུ་མཚན་ཞིབ་ཕྲ་རྗེས་སུ་གསལ་བཤད་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།

དེ་རིང་ཟླ་ ༣ ཚེས་ ༧ ཉིན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་འདི་གར་བཏང་འབྱོར་བྱུང་བའི་བརྙན་དཔར་ཞིག་གི་ཐོག་ཁོང་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་འོས་བསྡུའི་ཆེན་མོའི་བགྲོ་གླེང་གི་ལས་རིམ་ཁག་ཏུ་ཞུགས་བདེ་བའི་ཆེད་ཡིན་པ་ལས། ཕྱིའི་གནོན་ཤུགས་ལས་བྱུང་བ་ཞིག་མིན་ལ། སྐབས་རྗེས་མའི་བཀའ་ཤག་ཏུ་བསྐོ་གཞག་བྱེད་མིན་ལའང་འབྲེལ་བ་མེད་ཅེས་གསུངས་པ་མ་ཟད། ཁོང་སྒེར་གྱི་ངོས་ནས་ཐེངས་འདིའི་འོས་བསྡུ་བརྒྱུད་རིམ་ནང་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོད་སྐོར་འགྲེལ་བརྗོད་གནང་པ་དང་འབྲེལ། མང་ཚོགས་ཀྱི་འོས་འདེམས་བྱ་རྒྱུའི་མ་འོངས་པའི་སྲིད་སྐྱོང་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཁག་དགུ་གསལ་བཏོན་གནང་སྟེ་དེའི་ཐོག་དགོངས་པ་ཆེ་བཞེས་ཡོང་བའི་འབོད་སྐུལ་གནང་འདུག

བཀའ་ཟུར་མཆོག་གིས་ཡིག་ཆ་དེའི་ནང་ སྲིད་སྐྱོང་ནི་ཐོུང་གི་ཁེ་ཕན་ལ་ནུས་ཤུགས་འདོན་མཁན་། དེའང་གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐོུང་གི་ཁེ་ཕན་ལ་ནུས་ཤུགས་འདོན་མཁན་ཞིག་དང་། ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་པ་མ་ཟད། དོན་དངོས་བརྗོད་མཁན་དང་། ཕྱི་གསལ་ནང་གསལ་དང་དྲང་པོའི་ཐོག་དྭོགས་འདྲི་ཁག་ལ་ལན་འདེབས་གནང་མཁན་གྱི་ཟོལ་མེད་ལྡན་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་ཡོད།

དེ་བཞིན་སྲིད་སྐྱོང་དེ་ལས་དོན་མཉམ་རུབ་ཀྱིས་སྒྲུབ་ཐུབ་མཁན་དང་ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན། རང་ཉིད་ཀྱི་ལས་རོགས་དང་དེ་སྔའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་མཐོང་སྤྲོད་མཁན། རང་ཉིད་ཀྱི་ཡོན་ཏན་གྱི་སྟེང་ལ་རྐང་པ་བཙུགས་ནས་ལངས་པ་མ་གཏོགས་༸རྒྱལ་བ་རིན་པ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་མཚན་ཐོ1930663_901561883272822_3907323154385661486_nག་ནས་མང་ཚོགས་ཁྲོད་ནས་རང་ཉིད་ལ་ཀྱི་ཡིད་ཆེས་དང་གུས་བརྩི་ཐོབ་བྱེད་ལ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས་པ། རང་བསྟོད་མི་བྱེད་པར་གཞན་གྱི་ཤེས་ཚད་དང་འཇོན་ཐང་བརྩི་བཀུར་ཞུ་མཁན། ལྷག་པར་དུ་ལུང་ཚན་གྱི་འཐེན་འཁྱེར་སྤངས་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་ཆེད་དུ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

རྩ་བའི་ཡིག་ཆ་དེའི་ནང་བཀའ་ཟུར་མཆོག་གིས་སྲིད་སྐྱོང་ལ་ཚང་དགོས་པའི་ཆ་རྐྱེན་མ་གཏོགས་གང་ཟག་སྒེར་གྱི་མིང་འདོན་གང་ཡང་གནང་མིན་འདུག འོན་ཀྱང་ཁོང་ནས་༸གོང་ས་མཆོག་ད་ཆ་དགུང་གྲངས་  ༨༠ ཕེབས་ཚར་ཡོད་པ་དྲན་ཤེས་དང་འབྲེལ། བོད་མི་ཚོའི་མདུན་དུ་ད་དུང་ཡང་གདོང་ལེན་བྱ་དགོས་པའི་དཀའ་ངལ་མང་པོ་ཞིག་ཡོད་སྟབས། དུས་ཚོད་འཕྲོ་བརླག་ཏུ་མི་གཏང་བར་གྲ་སྒྲིག་དགོས་པ12814332_901561899939487_3792590589998002846_n་མ་ཟད། ལྷག་པར་དུ་མ་འོངས་པའི་སྲིད་སྐྱོང་ནི་བོད་མི་མང་གི་ཆབ་སྲིད་ཀྱི་དབང་ཆ་མཐོ་ཤོས་ལ་བསྐུར་བས་ཧ་ཅང་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཡོད། དེ་བཞིན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བོད་ཕྱི་ནང་གཉིས་ནས་བོད་མིས་རང་ལུས་མེར་བསྲེག་མཚོན་པའི་ཛ་དྲག་གནས་སྟངས་བརྒྱུད་འོས་བསྡུའི་ལས་རིམ་དེའི་ནང་ལའང་བོད་མི་བདེ་དོན་གལ་ཆེ་བ་བརྩི་རྒྱུ་ནི་བོད་མིའི་བཟང་སྤྱོད་ཀྱི་འགན་འཁུར་ཞིག་ལ་འགྲེལ་བརྗོད་གནང་པ་དང་འབྲེལ་ཏེ། རིང་མིན་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་གྱི་འོས་བསྡུའི་ལས་རིམ་ཐོག བཙན་བྱོལ་བོད་མི་ཁྱོན་ཡོངས་ནས་འགན་འཁུར་བའི་ཐོག་གཞིས་ལུས་བོད་མིའི་ཆེད་དུ་རྒྱུ་མཚན་དང་ལྡན་པའི་རང་ཉིད་ཀྱི་མ་འོངས་པའི་འགོ་ཁྲིད་དེ་མ་ནོར་བ་ཞིག་འདེམས་རོགས་ཞེས་འབོད་སྐུལ་ཞུས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ད་ལན་བཀའ་བློན་ནས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་གཞན་ཁག་ཅིག་གསལ་བཤད་གནང་རྒྱུ་ཡིན་ཅེས་གསུངས་པ་ལྟར། དེ་དག་ཁོང་གིས་འོས་བསྡུའི་ལས་རིམ་ཟིན་རྗེས་གནང་རྒྱུ་རེད་འདུག

 

 

འབྲེལ་ཡོད་གསར་གནས།

གསར་གནས།