Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་དགོངས་པ་རྫོགས་པ།

དེ་རིང་ཟླ་ ༡༡ ཚེས་ ༢༦ ཉིན་ཞོགས་པ་ཚོུད་ ༢ ནམ་ཕྱེད་ཡོལ་ཙམ་ལ་བཞུགས་སྒར་རང་ཤག་ཏུ་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་བོད་ལུགས་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ༸སྐུའི་བླ་སྨན་པ་ཟུར་པ་ཁོང་གི་ཞབས་ཞུ་བ་བློ་བཟང་ལགས་སུ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར་བླ་སྨན་ཁོང་དགུང་ལོ་བགྲེས་པོ་ཡིན་པ་མ་གཏོགས་སྙུང་གཞི་རིགས་གང་ཡང་བཞེས་མེད་ཀྱང་གློ་བུར་དུ་སྐུ་གཟུགས་བདེ་བོ་རང་མི་འདུག་ཅེས་བཀའ་གནང་སྟེ་༸གོང་ས་མཆོག་གི་༸སྐུ་པར་དེ་དབུ་ལ་གཏུག་ཙམ་གནང་ནས་སྨོན་ལམ་ཡག་པོ་ཞིག་བསྐྱོན་སོང་། ཏོག་ཙམ་གྱི་རྗེས་ནས་༸སྐུའི་ཁྲག་རྩ་རྣམས་ཀྱང་རང་འགུལ་གྱིས་ལྡང་མཚམས་བཞག་ནས་སྐུའི་དྲོད་ཁོལ་རང་བཞིན་གྱིས་ཉམས་ཏེ་དགོངས་པ་རྫོགས་ཡོད་པ་འགྲེལ་བརྗོད་གནང་སོང་། ༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་ཡེ་ཤེས་དོན་ལྡན་ལགས་དམ་པ་ཁོང་ནི་དུས་རྒྱུན་ནས་དངུལ་དངོས་སོགས་ལ་དོ་སྣང་གཅིག་ཀྱང་མེད་པར་ནད་པར་ལྷག་བསམ་རྣམ་དག་གིས་གཟིགས་སྐྱོང་གནང་མཁན་ཞིག་ཡིན་པ་མ་ཟད་ཐུགས་གཤིས་ཧ་ཅང་འཇམ་པོའི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ནི་ཕྱི་ལོ་ ༡༩༢༧ ལོར་བོད་ལྷོ་ཁ་རྫོང་ཁོངས་གནམ་རི་གྲོང་སྡེར་འཁྲུངས་ཤིང་དགུང་ལོ་ ༡༡ ཕེབས་སྐབས་ལྷ་ས་ལྕགས་པོ་རི་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་ཁང་དུ་སློབ་ཞུགས་ཀྱི་སློབ་གཉེར་གནང་ཡོད་པ་དང་། རྒྱ་གར་དུ་སྐྱབས་བཅོལ་ཕེབས་རྗེས་༸གོང་ས་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་པ་གནང་བ་མ་ཟད། ༡༩༦༡ ལོར་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་འཛུགས་ཀྱིས་ཕྱི་ལོ་ ༡༩༧༩ བར་སྨན་རྩིས་ཁང་གི་ངེས་སྟོན་པ་དང་སློབ་སྤྱིའི་ཐུགས་འགན་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དམ་པ་དེ་ཉིད་ཀྱིས་རྒྱ་གར་ནང་གི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་ Padma Shri གཟེངས་རྟགས་ཕུལ་ཡོད་པ་རེད། ཁོང་ནི་ཧི་མཱ་ཅལ་གྱི་ཁོངས་སུ་བོད་རིགས་ཙམ་མ་ཟད་རྒྱ་གར་བའི་ཁྲོད་དུ་གཟེངས་རྟགས་དེ་བཞེས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད། ན་ནིང་གི་གཟེངས་རྟགས་དེ་དང་འབྲེལ་ནས་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཁོང་ནི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ཁྲོད་དུ་སྐྲན་ནད་ཀྱི་རིགས་ལ་སྨན་བཅོས་གནང་མཁན་ཐུན་མོང་མ་ཡིན་པའི་སྨན་པ་ཞིག་ཡིན་པ་མ་ཟད། ལྡི་ནི་ནས་མཁའ་ལམ་བརྒྱུད་ནས་ཧི་མཱ་ཅལ་དུ་ཡོང་མཁན་གྱི་འགྲིམ་འགྲུལ་བ་མང་ཆེ་བ་ཁོང་གི་ནད་པ་རྐྱང་རྐྱང་ཡིན་པར་བརྟེན་དཔལ་འབྱོར་གྱི་ཆ་ནས་ཡང་ཧི་མཱ་ཅལ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད། དེ་རིང་དམ་དེ་ཉིད་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་མ་ཐག་སྔ་དྲོ་ཚོུད་ ༡༡ ཙམ་ལ་དབུས་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་འཕྲལ་དུ་དམ་པ་གང་གི་དགོངས་རྫོགས་ལ་དམིགས་པའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་། སྐབས་དེར་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དམ་གང་གི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་ནི་བོད་མི་ཡོངས་ལ་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་དམ་པ་གང་གི་བོད་ས་མ་ཤོར་སྔོན་དུ་ལྷ་སའི་སྨན་རྩིས་ཁང་དུ་སློབ་སྦྱོང་གནང་ཡོད་པ་མ་ཟད་ལས་བྱེད་ཡང་གནང་མྱོང་ཡོད་པའི་བཙན་བྱོལ་ནང་གི་བླ་སྨན་ཐོག་མ་དེ་ཡིན་པ་དང་།  དེ་བཞིན་ཁོང་གིས་བཙན་བྱོལ་དུ་སྨན་རྩིས་ཁང་ཐོག་མར་གསར་འཛུགས་ཀྱིས་སྐུ་ལས་བླ་ལྷག་བསྐྱོན་ཡོད་པའི་རླབས་ཆེན་གྱི་སྐྱེས་མཆོག་ཅིག་ཡིན་པར་ངོ་སྤྲོད་གནང་ཡོད།

དབྱིན་ཡུལ་གྱིས་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་འཕྲལ་དུ་ཤིན་ཅང་ཁུལ་དུ་གཏོང་དགོས་པ་བརྗོད་འདུག

དེ་རིང་ BBC གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གིས་ཡུ་གུར་མི་མང་ལ་དོ་དམ་ནན་པོ་བྱས་ནས་བཀག་བསྐྱིལ་ཁང་དུ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་གཞུང་འབྲེལ་གྱི་ཡིག་ཆ་ཞིག་ཕྱིར་འགྱར་དང་བསྟུན་དབྱིན་ཡུལ་གྱི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་ངོས་ནས་ཁྲིམས་སྒྲིག་གི་ཆ་རྐྱེན་གང་ཡང་མེད་པར་ཡུ་གུར་བ་ས་གཅིག་ཙམ་བཀག་བསྐྱིལ་ཁང་དུ་བཅུག་ནས་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པ་བརྗོད་པ་དང་འབྲེལ། རྒྱ་ནག་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་པ་འཕྲལ་དུ་ཤིན་ཅང་ཁུལ་དུ་རང་དབང་གི་ཐོག་ནས་རྟོག་ཞིབ་བྱེད་རྒྱུར་གཏོང་དགོས་པའི་འབོད་སྐུལ་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་ཀྱང་ཐེངས་འདིར་ཕྱི་ལ་འགྱར་བའི་ཡིག་ཆ་དེ་ནི་རྒྱ་ནག་གིས་བཀག་བསྐྱིལ་ཁང་དུ་ཡུ་གུར་བ་རྣམས་ལ་སེམས་ཁམས་ཀྱི་ཐོག་ནས་མནར་གཅོད་ཚ་ནན་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་དཔང་རྟགས་ལྟ་བུ་ཞིག་ཡིན་པར་སྐྱོན་བརྗོད་བྱས་པ་མ་ཟད་ཁྲིམས་ལུགས་ལག་ལྟར་བྱེད་མཁན་རྣམས་ཀྱིས་ཡིག་ཆ་དེ་ངེས་པར་དུ་བེད་སྤྱོད་བྱེད་དགོས་པའི་འབོད་སྐུལ་བྱས་འདུག རྩ་བའི་ཐེངས་འདིར་རྒྱ་གིས་ཤིན་ཅང་གི་མི་མང་ལ་བཀག་བསྐྱིལ་ཁང་དུ་དམ་དྲག་ནན་པོ་བྱེད་བཞིན་པའི་གསང་བའི་ཡིག་ཆ་ཕྱི་ལ་འགྱར་ཡོད་པ་དེ་ནི་ཕྱི་ལོ་ ༢༠༡༧ ལོར་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་གཞོན་པ་ Zhu Hailun གྱིས་ཡུ་གུར་མི་མང་བཀག་བསྐྱིལ་བྱེད་སའི་ལྟེ་གནས་ཁང་གི་འགོ་ཁྲིད་ཁག་གཅིག་ལ་བཏང་བའི་ཡིག་ཆ་ཞིག་ཡིན་པ་དང་། དེའི་ནང་བཀག་བསྐྱིལ་ཁང་གིས་ཡུ་གུར་མི་མང་ལ་སྟངས་འཛིན་ནན་པོ་བྱེད་དགོས་པར་སྐུལ་བའི་ཁྲོད་དུ་དོ་དམ་གྱི་ཁྲིམས་སྒྲིག་ཇེ་དམ་དུ་བཏང་ནས་སྒྲིག་འགལ་བྱེད་མཁན་རྣམས་ལ་ཉེས་ཆད་ནན་པོ་གཅོད་དགོས་ལུགས་དང་། དེ་བཞིན་སློབ་ཕྲུག་རྣམས་ལ་རྒྱ་ཡིག་གཙོར་བཟུང་གིས་སློབ་ཁྲིད་བྱས་ཏེ་རྨང་གཞི་ནས་འགྱུར་བ་གཏོང་དགོས་པར་སྐུལ་སློང་བྱེད་རྒྱུ། ཡུ་གུར་བ་རྣམས་ལ་བློ་འགྱོད་ཡོད་པར་ཁས་ལེན་བྱེད་ཐབས་ཤུགས་ཆེར་བཏང་ནས་གཅིག་ཀྱང་ཕྱི་ལ་འགྲོ་ཐབས་མེད་པར་བཟོ་དགོས་སོགས་འཁོད་ཡོད་པ་མངོན་གསལ་གནང་འདུག གསར་ཁང་གིས་ཐེངས་འདིར་ཕྱིར་འགྱར་བྱུང་བའི་ཡིག་ཆ་དེ་ལས་རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་ཁུལ་གྱི་བཀག་ཉར་ཁང་དེ་དག་ནི་ཤེས་ཡོན་སློབ་གསོ་གོང་སྤེལ་དང་འཇིགས་སྐུལ་ལ་གདོང་ལེན་བྱེད་ཐབས་ཤིག་ཡིན་པར་བརྗོད་བཞིན་པ་དེ་བདེན་པ་མིན་པ་ར་སྤྲོད་བྱུང་ཡོད་པ་དང་། བཀག་བསྐྱིལ་ཁང་དེར་ དངོས་སུ་སློབ་ཕྲུག་རྣམས་ལ་ངེས་གཏན་གྱི་ཁྲིམས་སྒྲིག་བརྟན་པོའི་འོག་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་ཀྱི་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། ཉལ་སྟངས་དང་རུ་སྒྲིག་སྟངས། དེ་བཞིན་འཛིན་ཁང་དུ་འདུག་སྟངས་སོགས་ཀྱི་ཐད་ནས་ཀྱང་སྒྲིག་གཞི་བརྟན་པོ་བཟོས་ཏེ་བསམ་བློ་ལ་འགྱུར་བ་བཏང་ཐོག་ཉེས་ཆད་ལྗིད་པོ་གཅོད་སའི་བཙོན་ཁང་ལྟ་བུ་ཞིག་ཡིན་པར་ཡོངས་གྲགས་གནང་འདུག གསང་བའི་ཡིག་ཆ་དེ་ནི་རྒྱལ་སྤྱིའི་རྟོག་ཞིབ་རང་བཞིན་གྱི་གསར་འགོད་ཚོགས་པ་ ICIJ ལས་ཕྱིར་འགྱར་བྱུང་ཡོད་པ་དང་ཚོགས་པ་དེའི་ཁྱབ་ཁོངས་སུ་དབྱིན་ཡུལ་གྱི་ BBC དང་ Guardian  སོགས་ཀྱིས་གཙོས་པའི་གསར་ཁང་ ༡༧ ལྷག་མཉམ་ལས་གནང་བཞིན་པ་རེད་འདུག

བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཐོབ་ཆེད་སྤྱི་འཐུས་རུ་ཁག་གཅིག་ཡོ་རོབ་ཏུ་བོད་དོན་ཞུ་སྐུལ།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཚེ་རིང་ལྷ་མོས་སྣེ་ཁྲིད་པའི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། ཀུན་དགའ་བསོད་སྟོབས་ལགས། དེ་བཞིན་བློ་བཟང་གྲགས་པ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཉེ་ལམ་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་བྷེལ་འཇམ། ནེ་ཐར་ལན་ཌི་བཅས་སུ་བོད་དོན་ཞུ་སྐུལ་གནང་འདུག ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་ལ་གཞིགས་ན། ད་རེས་བོད་དོན་ཞུ་སྐུལ་དེའི་ཁྲོད་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ཚེས་ ༡༨ ནས་ ༢༠ བར་བྷེལ་འཇམ་གྱི་རྒྱལ་ས་ Brussels ནང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Fabio Massimo Castaldo ལགས་དང་ལྕམ་སྐུ་ Isabel Santos ལགས། དེ་བཞིན་སྐུ་ཞབས་  Manuel Pizarro ལགས་གཙོས་གྲོས་ཚོགས་ཀྱི་འཐུས་མི་གཞན་དང་མཇལ་འཕྲད་ཀྱིས་གཞིས་བྱེས་གཉིས་སུ་གནས་བཞུགས་བོད་མིའི་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་གནད་དོན་ཐད་གོ་བསྡུར་གནང་འདུག དེ་བཞིན་སྤྱི་འཐུས་རྣམས་པས་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་དང་འབྲེལ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་འགྲེམས་སྤེལ་གནང་ཡོད། དེ་བཞིན་སྤྱི་འཐུས་རྣམས་པས་བྷེལ་འཇམ་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་དང་ཆོས་ལུགས་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་འགྲེལ་བརྗོད་གནང་འདུག་པ་དང་། ལྷག་པར་དུ་སླད་མར་བོད་དོན་ཐད་རྒྱབ་སྐྱོར་ཇི་ལྟར་གནང་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་ཡོད་པ་རེད། ཕྱོགས་མཚུངས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པས་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག སྤྱི་འཐུས་རྣམ་པས་ད་དུང་  Brussels ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་འཚམས་གཟིགས་གནང་ཡོད་པ་མ་ཟད། བོད་དོན་སྐོར་སྐྱོད་དེའི་ཁྲོད་སྤྱི་འཐུས་རྣམ་པས་བྷེལ་འཇམ་གྱི་གྲོང་ཁྱེར་ Antwerpen ནང་གནས་བཞུགས་བོད་མི་དང་ཐུག་འཕྲད་གནང་འདུག་པ་དང་། སྐབས་དེར་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དང་འཛམ་གླིང་ཞི་བདེ་སླད་ད་བར་མཛད་འཕྲིན་བླ་མེད་བསྐྱངས་པ་ཁག་དང་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་གནང་འདུག་པ་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་ལུགས་སོགས་ངོ་སྤྲོད་གནང་ཡོད་པ་རེད།  ལྷག་དོན་སྤྱི་འཐུས་རྣམ་པས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་དང་སྦྲགས། བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་དང་ཁུལ་དེར་གནས་བཞུགས་བོད་མི་རྣམས་ནས་རང་ཉིད་ཀྱི་འཇོན་ནུས་ལ་དཔག་པའི་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་བོད་དོན་ཐད་རྒྱབ་སྐྱོར་ཐོབ་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་འདུག གཞི་རྩའི་སྤྱི་འཐུས་རྣམ་པས་བྷེལ་འཇམ་ནང་གི་བོད་དོན་སྐོར་སྐྱོད་སྔ་རོལ་དུ་ཕ་རན་སི་ནང་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་བྷེལ་འཇམ་གྱི་བོད་དོན་ཞུ་སྐུལ་རྗེས་ནེ་ཐར་ལན་ཌི་ནང་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག

རྒྱལ་ས་ལྡི་ལི་དང་མ་ཧཱ་རཱཤྚའི་མཛད་འཆར་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མ་ཧཱ་རཱ་ཤྚའི་མངའ་སྡེའི་གྲོང་ཁྱེར་ཨོ་རངྒ་བྷད་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་ཚོུད་ ༨༌༤༥ ཙམ་ལ་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་སོང་། ཨོ་རངྒ་བྷད་ནང་གི་ཆིབས་བསྒྱུར་དེ་ནི་ཁུལ་དེར་རྟེན་གཞི་བྱས་པའི་འཕགས་པ་གནས་བརྟན་པའི་ཆོས་ཚོགས་བྷི་ཀུ་ནི་སྦྱོང་བརྡར་ལྟེ་གནས་ཁང་གིས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། ༸གོང་ས་མཆོག་གིས་ཕྱི་ཚེས་ ༢༤ ཉིན་ཆོས་ཚོགས་དེའི་དྲྭ་རྒྱ་ཞིག་དབུ་འབྱེད་དང་རྒྱ་གར་གྱི་ནང་པའི་སེར་སྐྱ་ཕོ་མོ་ཁྲི་ལྔ་ཙམ་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་ནང་ཆོས་ངོ་སྤྲོད་བཅས་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་རྒྱ་ཞིག་དབུ་འབྱེད་མཛད་པ་ལྟར་རིམ་བཞིན་དྲྭ་རྒྱ་དེ་དག་གི་ནང་དུ་དབུ་མ་རྩ་བ་ཤེས་རབ་དང་མངོན་རྟོགས་རྒྱན་ལ་སོགས་པའི་གཞུང་གི་སྙིང་བསྡུས་འགའ་ཞིག་དྲྭ་ཐོག་ཏུ་བསྟན་ཐུབ་ཚེ་༸དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཀྱི་གོ་བ་ཡག་པོ་ཞིག་ཆགས་ངེས་ཡིན་པ་བཀའ་བསྩལ་བ་དང་འབྲེལ། ནཱ་ལེནྡཱའི་ཆོས་བརྒྱུད་ཆ་ཚང་བ་ཅིག་མཁན་ཆེན་ཞི་བ་འཚོས་དུས་རབས་བརྒྱད་པའི་ནང་བོད་དུ་དར་སྤེལ་གནང་བ་ལྟར་ང་ཚོས་ལོ་ངོ་སྟོང་ཕྲག་རིང་ལ་རྒྱུན་འཛིན་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད་ནཱ་ལེནྡཱའི་ཆོས་བརྒྱུད་ཆ་ཚང་བ་ཅིག་བདག་གཉེར་གནང་མཁན་ནི་བོད་པ་གཅིག་པོ་ཡིན་པ་བཀའ་བསྩལ་ཏེ་ཕྱག་དཔེ་གཟིགས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག ༸མགོན་པོ་མཆོག་གིས་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། སརྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་གཉིས་ཡོད་པ་ལྟར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཐོག་ནས་འཇུག་ཚེ་སརྒྱས་པའི་ཆོས་དེ་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་གནས་ཐུབ་ངེས་ཡིན་སྟབས་སརྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་བཀའ་བསྩལ་ཡོད། མགོན་པོ་མཆོག་གིས་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་དར་བ་ཅིག་ཡིན་པ་དང་ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཕལ་མོ་ཆེར་ནང་པའི་བསྟན་པ་དར་ཁྱབ་ཏུ་ཕྱིན་ནས་ཨེ་ཤ་ཡའི་ཁུལ་གྱི་འོད་སྣང་ལྟ་བུར་གྱུར་ཡོད་པ་བཀའ་བསྩལ་ཏེ་རྒྱ་གར་ལྟ་བུར་མཚོན་ན་དུས་རབས་ཉི་ཤུ་པའི་ནང་ Dr. Bhimrao Ramji Ambedkar  དམ་པ་མཆོག་གིས་ནང་པའི་བསྟན་པ་སླར་གསོ་གནང་ཕྱོགས་ཀྱི་ཐད་ལ་རླབས་ཆེན་གྱི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་མ་ཟད་དུས་རབས་ཉི་ཤུ་པ་ནས་ནུབ་ཕྱོགས་པའི་ཕྱི་གླིང་བ་ཚོས་ཀྱང་ནང་པའི་ཆོས་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ད་ལྟའི་ཆར་སངས་རྒྱས་ཞེས་བརྗོད་སྐབས་གང་འདྲ་ཞིག་ལ་སརྒྱས་ཞེས་བརྗོད་ཀྱི་ཡོད་མེད་དང་། ཆོས་ཟེར་ན་གང་ཞིག་ལ་ཟེར་བ། དེ་བཞིན་ཆོས་དཀོན་མཆོག་ལ་ཉམས་སུ་བླངས་ནས་དཀོན་མཆོག་གསུམ་ངོ་འཕྲོད་རྒྱུ་དེ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རངྒ་བྷད་གྲོང་ཁྱེར་ནང་ཕྱི་ཚེས་ ༢༡ ཉིན་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ཚེས་ ༢༢ ཉིན་ནང་པའི་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་དེ་ནང་པའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་བཞུགས་མོལ་ལྷན་ཚོགས་ཚོགས་ཡོད་པ་དང། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཤྲི་ལངྐ་དང་བལ་ཡུལ། ལྷོ་ཀོ་རི། ཐེ་ཝན་སོགས་ཀྱི་རྒྱལ་ཁབ་བཅུའི་དགེ་འདུན་པའི་འཐུས་ཚབ་ཀྱིས་འཛུལ་ཞུགས་གནང་ཡོད་པ་རེད། གྲོང་ཁྱེར་ཨོ་རངྒ་བྷད་ནང་ཆིབས་བསྒྱུར་མ་མཛད་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལིའི་ St.Columbia’s  སློབ་གྲྭའི་ནང་དུ་ལྡི་ལིར་རྟེན་གཞི་བྱས་པའི་བླ་མ་བཟོད་པ་རིན་པོ་ཆེའི་ Tushita ཆོས་ཚོགས་གསར་འཛུགས་མཛད་དེ་ལོ་ངོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་དེ་མང་ཚོགས་ལ་ང་རྒྱལ་དང་དངངས་སྐྲག་ལ་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀྲིན་བསྩལ་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ IIC ནང་དུ་སྲིད་འཛིན་དམ་པ་ sarvapalle radhakrishna མཆོག་ལ་རྗེས་དྲན་གྱི་གསུང་བཤད་ལས་རིམ་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་དེ་གོ་ལ་སྤྱི་ལ་ཁྱབ་པའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།

རྒྱ་གཞུང་གིས་རྫ་དབོན་པོར་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམ་དྲག་བྱེད་བཞིན་པ།

རྒྱ་གཞུང་གིས་སེར་ཤུལ་རྫོང་རྫ་སྨད་ནང་དམག་མི་འབོར་ཆེན་ཞིག་འགྲེམས་འཇོག་གིས་སྲང་ལམ་ཁག་ཏུ་ཉེན་རྟོག་རླངས་འཁོར་མང་པོ་བཞག་ནས་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་མོད་ཁམས་རྫ་ཆུ་ཁ་རྫ་སྨད་དབོན་པོ་སྡེ་པའི་གཞོན་སྐྱེས་ཡོན་ཏན་དང་ཆོས་རྒྱལ་གཉིས་ཀྱིས་རྫ་སྨད་སྲིད་གཞུང་སྒོ་འགྲམ་ནས་བོད་རང་བཙན་སྐོར་གྱི་ཞི་བའི་སྐད་འབོད་གནང་རྐྱེན་འཛིན་བཟུང་བྱས་ཡོད་པ་དང་། འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བར་ཁོང་གཞོན་སྐྱེས་གཉིས་རྫ་སྨད་ནང་ཉིན་གཉིས་བཀག་ཉར་གྱིས་རྡུང་རྡེག་དྲག་པོ་བཏང་རྗེས་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་སེར་ཤུལ་རྫོང་ཐོག་ལ་ཁྲིད་འདུག ད་ལྟའི་ཆར་སེར་ཤུལ་རྫོང་གི་དམག་མི་འབོར་ཆེན་ཞིག་རྫ་སྨད་ལ་བསླེབས་ཏེ་སྲང་ལམ་ཁག་ཏུ་ཉེན་རྟོག་རླངས་འཁོར་མང་པོ་བཞག་ནས་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་ལ་ཧ་ཅང་དམ་དྲག་དང་དམག་སྦྱོང་བྱེད་བཞིན་པ་མ་ཟད། དམག་མི་ཕོན་ཆེན་འགྲེམས་འཇོག་གིས་ས་ཁུལ་ཡོངས་ལ་ཚོང་པ་དང་སྤྲང་པོ། དེ་བཞིན་ཡུལ་མི་དཀྱུས་མའི་ཚུལ་གྱིས་སོ་སྨྱུལ་དང་ཁག་གཅིག་གིས་རྫ་སྨད་གྲོང་བརྡལ་ལ་གློག་མིག་དང་ལྐོག་ཉན་འཕྲུལ་ཆས་བརྒྱུད་ནས་གང་སར་སོ་ལྟ་བྱེད་བཞིན་ཡོད་པར་བརྗོད་འདུག རྩ་བའི་རྫ་སྨད་སྲིད་གཞུང་ནི་རྫ་སྨད་དབོན་པོ་སྡེ་པ་དང་མཉམ་དུ་ཡོད་ཅིང་། ས་གནས་དེར་རྒྱུན་དུ་ཕྱོགས་གང་སའི་མི་འབོར་མང་པོ་འཛོམས་ཀྱི་ཡོད་པ་མ་ཟད། ཡུལ་ལུང་འདྲ་མིན་ནས་ཚོང་ཁང་དང་ཟ་ཁང་། ཇ་ཁང་ཡང་མང་པོ་བཙུགས་ཡོད་པ་ལྟར་སྲིད་གཞུང་དེའི་ཁྱབ་ཁོངས་སུ་དབོན་པོ་སྡེ་པ་དང་ཁྲོམ་རྫ་སྡེ་པ། ཨ་རིག་རྫ་སྡེ་པ། ཝ་ཤུལ་སྡེ་པ། ཁྲོ་ཤུ་གོང་མ་སྡེ་པ། ཁྲོ་ཤུལ་འགབ་མ་སྡེ་པ་བཅས་སྡེ་པ་དྲུག་ཡོད་པ་རེད།

ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་དང་འབྲེལ་བའི་ཉིན་གྲངས་ ༡༦ ཀྱི་ལས་འགུལ་དབུ་འཛུགས།

རྒྱལ་སྤྱིའི་ཁྲོད་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་རྒྱལ་སྤྱིའི་བེུད་ལ་འཚེ་བ་གཏན་འགོག་ཉིན་མོ་ཞེས་སྲུང་བརྩི་གནང་བཞིན་པ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་གནད་དོན་དེ་རིགས་འབྱུང་བཞིན་ཡོད་པ་དང་དེ་དག་འགོག་ཐབས་གནང་དགོས་པའི་གོ་རྟོགས་ཆེད་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བར་དུ་ཉིན་གྲངས་ ༡༦ རིང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཐོག་མྱོང་ཚོར་གསལ་བརྗོད་ཞེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་མཛད་སྒོ་ཞིག་བསྐོང་ཚོགས་དང་སྦྲགས་ཏེ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་དང་འབྲེལ་བའི་ཉིན་གྲངས་ ༡༦ གི་ལས་འགུལ་དབུ་འཛུགས་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་དང་འབྲེལ། ལྟེ་གནས་ཁང་གིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་སྒར་ ༨ ཙམ་གྱི་ནང་དུ་སྐོར་བསྐྱོད་གནང་བའི་ཁྲོད་དུ་བེུད་ཐོག་བཙན་གཡེམ་དང་རྩུབ་སྤྱོད་སོགས་ཀྱི་གནད་དོན་ ༣༣ ཙམ་ཞིག་བྱུང་ཡོད་སྐོར་ལ་དོ་བདག་དང་འབྲེལ་ཡོད་ཁག་གཅིག་ལ་བཅར་འདྲི་ཞུས་པའི་བརྙན་པར་བླངས་ཁོངས་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་བོད་རིགས་བེུད་དང་དང་བུ་མོ་ ༡༦ གི་གནས་ཚུལ་བརྒྱུད་སྤེལ་དང་གནས་ཡུལ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱངས་པའི་བོད་རིགས་བུ་མོ་དང་བེུད་རྣམས་ཀྱི་མྱོང་ཚོར་སྐོར་གྱི་བརྙན་ཐུང་བཅས་ཟླ་ ༡༢ ཚེས་ ༡༠ བར་དེ་ལས་སྤྱི་ཚོགས་དྲྭ་རྒྱའི་ཐོག་འདོན་སྤེལ་གནང་རྒྱུ་ཡིན་པ་རེད། དེ་རིང་དབུ་བྱེད་མཛད་སྒོའི་ཐོག་རང་ཉིད་ནི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱངས་མྱོང་མཁན་ཞིག་ཡིན་པ་མ་ཟད་གནད་དོན་དེ་འགོག་ཐབས་ཐོག་རང་འགུལ་ནས་ལས་འགུལ་སྣེ་ཁྲིད་གནང་བའི་ཁྲོད་དུ་རང་གི་མྱོང་ཚོར་དང་འབྲེལ་བའི་ཕྱག་དེབ་འདོན་སྤེལ་གནང་མཁན་བོད་རིགས་བེུད་ཀུན་བཟང་སྒྲོལ་མ་ལགས་ད་རེས་མཛད་སྒོར་དངོས་སུ་བཅར་ཐུབ་མེད་པ་རེད། འོན་ཀྱང་ཁོང་གིས་རང་གི་མྱོང་ཚོར་སྐོར་བརྙན་པར་ཞིག་བཏང་ཡོད་པ་དེ་གཟིགས་འབུལ་གནང་སོང་བའི་ནང་དུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཚོར་བ་ཆེན་པོས་རང་ཉིད་ལོ་ ༡༥ ཐོག་བུ་ཞིག་གིས་བཙན་གཡེམས་བཏང་བ་དང་། དེའི་རྗེས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་པའི་མྱོང་ཚོར་སྐོར་གསུངས་པ་དང་འབྲེལ། ཁོང་དང་ཁོང་འདྲ་བའི་བོད་པའི་བེུད་མང་དག་ཞིཅི་ཡོད་པ་རྣམས་ལ་སྤྱི་ཚོགས་ནང་བེུད་ལ་གཙན་གཡེམ་དང་རྩུབ་སྤྱོད་གཏང་མཁན་སྐྱེས་པ་ཡོད་ཀྱང། བེུད་ལ་རྒྱབ་སྐྱོར་དང་བསམ་བཤེས་བྱེད་མཁན་སྐྱེས་པ་ཡང་མང་དག་ཅིག་ཡོད་པ་དང། རང་ལ་གནད་དོན་དེ་རིགས་བྱུང་བ་ཡིན་ན་དེའི་སྐོར་ལ་ངེས་པར་དུ་བཤད་ཐུབ་དགོས་པ་དང་། དེས་རང་གི་དཀའ་ངལ་ཉུང་རུ་འགྲོ་བ་དང་མཉམ་དུ་གཞན་ལ་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དེ་རིང་གི་བརྗོད་གཞི་དང་འབྲེལ་བའི་གསུང་འཕྲིན་བསྩལ་བར་སྤྱིར་ནང་པ་སངས་རྒྱས་པའི་ཆོས་དང་སྒོས་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་དེ་སྙིང་རྗེ་ཡིན་སྟབས། འཚེ་བའི་ལས་རིགས་སྤེལ་བ་ཡིན་ན་ནང་པའི་ཆོས་དང་འགལ་འགྲོ་རྒྱུ་ཡིན་པ་དང་། སེམས་ཅན་ཐམས་ཅད་གཉེན་དུ་བལྟས་ནས་མི་གཞན་དང་རང་གི་བཟའ་ཚང་དང་བེུད་སོགས་ལ་མཐོང་ཆུང་དང་བརྙས་བཅོས་བྱ་རྒྱུ་མེད་པ་མ་ཟད་རང་ནུས་གང་ལྕོགས་ཀྱིས་ཕྱག་རོགས་གནང་དགོས་པ་བཀའ་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་དྷ་སའི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ Rajni Vyas ལགས་ཀྱིས་བོད་མི་དང་རྒྱ་གར་བའི་སྤྱི་ཚོགས་གཙོས་སྤྱི་ཚོགས་ཚང་མའི་ནང་དུ་བེུད་ལ་བཙན་གཡེམ་དང་རྩུབ་སྤྱོད་ཀྱི་གནད་དོན་རིགས་འབྱུང་བཞིན་ཡོད་པ་དང་། ཁོང་གིས་ད་བར་གྱི་ཉམས་མྱོང་ཁྲོད་དུ་བེུད་ ༢༠༠༠ བརྒལ་བར་གནད་དོན་དེ་རིགས་བྱུང་བ་ལས་ཤེས་རྟོགས་བྱུང་བའི་ནང་དུ་བྱིས་པ་བུ་མོ་ཟླ་བ་ ༡༣ ནས་ལོ་ ༦ དེ་བཞིན་མ་རྒན་ལོ་ ༨༠ ལའང་གནད་དོན་དེ་ལྟར་བྱུང་ཡོད་པ་དང་། བུ་མོ་ཡིན་པའི་རྐྱེན་གྱིས་གནད་དོན་དེ་རིགས་འབྱུང་བཞིན་ཡོད་སྟབས། ཁོང་དང་ཁོང་གི་སྤྱི་ཚོགས་ཀྱི་ངོས་ནས་དེ་འདྲའི་འཚེ་སྤྱོད་འགོག་ཐབས་ཀྱི་ལས་འགུལ་སྣ་མང་ཅིག་སྤེལ་བཞིན་པ་དང་ལས་འགུལ་སྤེལ་སྐབས་སུ་དཀའ་ངལ་ཡང་མང་དག་ཅིག་འཕྲད་བཞིན་ཡོད་ཀྱང་། བོད་མི་དང་རྒྱ་གར་བ་སོགས་སྤྱི་ཚོགས་ཚང་མས་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་གལ་ཡིན་སྐོར་གསུངས་པ་དང་འབྲེལ། ཁོང་གི་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་ལ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་རིགས་ཀྱི་གནས་ཚུལ་ནམ་བྱུང་ལ་ཞུ་ས་ཡོད་པའི་ HelpLine འམ་ཁ་པར་བརྒྱུད་འབྲེལ་བ་གནང་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་གསུངས་སོང་། ལས་འགུལ་དེའི་ཁྲོད་བོད་པའི་གཞིས་ཆགས་ཁག་བརྒྱད་ཀྱི་ནང་དུ་དངོས་སུ་གནད་དོན་རྒྱུས་ལོན་ཆེད་སྐོར་བསྐྱོད་གནང་མཁན་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་བརྙན་པར་ལེན་མཁན་བསྟན་འཛིན་ཕུལ་བྱུང་ལགས་གཉིས་ནས་བེུད་ཐོག་རྩུབ་སྤྱོད་སོགས་ཀྱི་གནད་དོན་དངོས་སུ་བྱུང་ཡོད་ནའང་དེའི་སྐོར་བཀའ་མོལ་གནང་མཁན་ཧ་ཅང་ཉུང་ཉུང་དང་བཀའ་མོལ་གནང་ཁག་པོ་ཡོད་པ། དེ་བཞིན་སྤྱི་ཚོགས་སྣེ་ཁྲིད་གནང་མཁན་མི་སྣ་ཁག་གཅིག་གིས་གནད་དོན་དེ་རིགས་རྩ་བ་ནས་བྱུང་མེད་སྐོར་བརྗོད་དེ་དེ་ལྟར་ཕྱག་ལས་གནང་དཀའ་སྐོར་སོགས་ཀྱི་མྱོང་ཚོར་གསུངས་སོང་། བོད་པའི་སྤྱི་ཚོགས་ནང་དུ་གནད་དོན་དེ་རིགས་བྱུང་གི་ཡོད་པ་གསལ་པོ་ཆགས་པ་དང་། དེའི་འོག་དཀའ་ངལ་འཕྲད་མཁན་རྣམས་ལ་སྤྱི་ཚོགས་ཁྲོད་གཟིགས་སྟངས་ངན་པའི་ངལ་བ་འཕར་མ་འཕྲད་བཞིན་ཡོད་པ། དེ་བཞིན་བེུད་ཐོག་བཙན་གཡེམ་བྱེད་མཁན་མི་སྣར་སུས་ཀྱང་གང་ཡང་བཤད་མ་ཐུབ་པར་རང་དབང་ངང་འཚོ་བ་རོལ་བཞིན་ཡོད་པ་སོགས་ཀྱི་གནད་དོན་མང་དག་ཅིག་རྒྱུས་ལོན་བྱུང་ཡོད་པ་སོགས་གསུངས་སོང་།  དེ་བཞིན་དེ་རིང་གི་ཉིན་མོ་དང་བསྟུན་མཛད་སྒོའི་ཐོག་འགྲོགས་མོ་ཞེས་པའི་བེུད་ཐོབ་ཐང་རྩོད་མཁན་ཚོགས་པའི་ངོས་ནས་འདི་ལོ་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གཅིག་གི་ནང་དུ་བྱིས་པའི་ཐོག་རྩུབ་སྤྱོད་དང་བཙན་གཡེམ་གྱི་གནད་དོན་ཇི་འཕྲད་ཀྱི་ཉམས་ཞིབ་གནང་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དེའི་སྐོར་གསུངས་པ་དང་འབྲེལ། སྤྱི་ཚོགས་ནང་དུ་གནད་དོན་དེ་རིགས་འབྱུང་བཞིན་པ་ཕྱིར་ཐོན་ཁག་པོ་ཡོད་པ་སོགས་ཀྱི་གནས་སྟངས་མངོན་གསལ་གནང་ཡོད།

རྒྱ་རིགས་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་དོན་གཏམ་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ལམ་ཨ་རིའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་དང་བསྟུན་རྒྱ་རིགས་མཁས་དབང་དང་ལས་འགུལ་བ་ ༣༠ མན་ཙམ་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ། རྒྱ་གཞུང་ལ་གདོང་ལེན་གནང་ཕྱོགས་སྐོར་གཏམ་བཤད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱིས་དྲྭ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན་ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་ཚེས་ ༢༠ ཉིན་གོ་སྒྲིག་གནང་བའི་འདུ་འཛོམས་དེའི་ཐོག་རྒྱ་རིགས་མི་གྲངས་ ༣༠ ཡོད་པ་དེའི་ཁོངས་རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Chen Guangcheng ལགས་དང། Wei Jinsheng དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱ་རིགས་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་ཚོགས་གཙོ་ yang jianli ལགས་བཅས་ཀྱིས་གཙོས་པའི་ཧོང་ཀོང་དང་ཐེ་ཝན་གྱི་སྐུ་ཚབ་ཁག་གཅིག་ཕེབས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གི་དྲག་གནོན་འོག་ལྷུང་བའི་བོད་མི་གཙོས་མི་རིགས་གཞན་ཁག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱའི་དབང་ཤུགས་འོག་ལྷུང་བའི་མི་རིགས་རྣམས་ནས་རྒྱ་གཞུང་ལ་གདོང་ལེན་བྱེད་དགོས་སྐོར་དང་། རྒྱ་གཞུང་ལ་གདོང་ལེན་གནང་བ་བརྒྱུད་གནས་སྟངས་ལ་བསྒྱུར་བཅོས་ཀྱི་གོ་སྐབས་ཤིག་ཡོང་ངེས་ཡིན་པ་གསུངས་འདུག དེང་རབས་རྒྱ་གཞུང་གིས་ཡིག་ཆ་ཨང་ ༥ ཞེས་བླ་སྤྲུལ་ངོ་འཛིན་བྱེད་ཕྱོགས་ཀྱི་རྩ་འཛིན་གྱི་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་བདམ་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་ཡོད་སྐོར་དང་། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་བོད་པའི་དགོན་སྡེ་ཁག་གཏོར་བཤིག་དང་ཆོས་ལུགས་ལ་དམ་དྲག་ཧ་ཅང་བྱེད་བཞིན་ཡོད་སྟབས་རྒྱ་རིགས་གྲོགས་པོ་ཚོ་ནས་བོད་ཀྱི་རང་དབང་བསྐྱར་གསོའི་སླད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག དེ་བཞིན་སྐུ་ཞབས་ Chen Guangcheng ལགས་ཀྱིས་རྒྱ་གཞུང་ནས་རྒྱ་ནག་ཧན་མི་རིགས་ཚོར་དྲག་གནོན་བྱས་སྐོར་དང་ཉེ་ལམ་ཨ་རི་གྲོས་ཚོགས་གོང་འོག་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་ཁྲིམས་འཆར་འདོན་སྤེལ་གནང་བ་དེས་ཨ་རི་ངོས་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་དང་།      ཧོང་ཀོང་གི་གནད་དོན་དང་འབྲེལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ཚོགས་པ་ཁག་ནས་སེམས་ཤུགས་ནམ་ཡང་མ་ཆག་པར་མུ་མཐུད་དེ་འབྲེལ་ལས་དོན་གནང་བར་འབོད་སྐུལ་ཞུས་འདུག ཁོང་གིས་ད་དུང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་སྦྲགས་ཏེ་རྒྱ་གཞུང་ནི་ཚང་མའི་ཐུན་མོང་གི་དགྲ་བོ་ཅིག་ཏུ་གྱུར་ཡོད་སྟབས་རྒྱ་གཞུང་ལ་ཁ་གཏད་གནང་སླད་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་གདོང་ལེན་གནང་དགོས་པ་གསུངས་འདུག འདུ་འཛོམས་དེའི་ཁོངས་སུ་ཡོད་པ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ Wei Jingsheng ལགས་ཀྱིས་ཧོང་ཀོང་གི་གནད་དོན་དང་འབྲེལ། ཧོང་ཀོང་མང་ཚོགས་ཀྱི་སེམས་ཤུགས་ལ་བསྔགས་བརྗོད་དང་རྒྱའི་དབང་བསྒྱུར་འོག་ལྷུང་བ་རྣམས་ནས་ཧོང་ཀོང་གི་ལས་འགུལ་ལས་སློབ་གསོ་བླང་དགོས་པ་མ་ཟད་རྒྱ་གཞུང་ནས་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ཐད་ཐེ་བྱུས་བྱས་པ་དེས་མང་ཚོགས་ཀྱི་ཆོས་དད་རྩ་མེད་བཟོ་རྒྱུར་དམིགས་ཀྱི་ཡོད་སྐོར་གསུངས་འདུག གཞི་རྩའི་སྲིད་སྐྱོང་མཆོག་ཨ་རིར་འཚམས་གཟིགས་གནང་བ་དེའི་ཁྲོད་ཉེ་ལམ་ཝ་ཤིང་ཊོན་དུ་བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཐོབ་ཆེད་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཙོས་པའི་ཕྱི་སྲིད་ལྷན་ཁང་གི་དབུ་ཁྲིད་མི་སྣ་ཁག་གཅིག་དང་མཇལ་མོལ་གནང་ཡོད་པ་མ་ཟད།  The Heritage Foundation  ཞེས་པའི་སྲིད་བྱུས་ཉམས་ཞིབ་ཁང་གི་གདན་ཞུས་ཐོག་བོད་ནང་གི་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་དང་འབྲེལ་བའི་ཉིན་གྲངས་ ༡༦ ཀྱི་ལས་འགུལ་དབུ་འཛུགས།

རྒྱལ་སྤྱིའི་ཁྲོད་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་རྒྱལ་སྤྱིའི་བེུད་ལ་འཚེ་བ་གཏན་འགོག་ཉིན་མོ་ཞེས་སྲུང་བརྩི་གནང་བཞིན་པ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་གནད་དོན་དེ་རིགས་འབྱུང་བཞིན་ཡོད་པ་དང་དེ་དག་འགོག་ཐབས་གནང་དགོས་པའི་གོ་རྟོགས་ཆེད་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བར་དུ་ཉིན་གྲངས་ ༡༦ རིང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཐོག་མྱོང་ཚོར་གསལ་བརྗོད་ཞེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་མཛད་སྒོ་ཞིག་བསྐོང་ཚོགས་དང་སྦྲགས་ཏེ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་དང་འབྲེལ་བའི་ཉིན་གྲངས་ ༡༦ གི་ལས་འགུལ་དབུ་འཛུགས་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་དང་འབྲེལ། ལྟེ་གནས་ཁང་གིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་སྒར་ ༨ ཙམ་གྱི་ནང་དུ་སྐོར་བསྐྱོད་གནང་བའི་ཁྲོད་དུ་བེུད་ཐོག་བཙན་གཡེམ་དང་རྩུབ་སྤྱོད་སོགས་ཀྱི་གནད་དོན་ ༣༣ ཙམ་ཞིག་བྱུང་ཡོད་སྐོར་ལ་དོ་བདག་དང་འབྲེལ་ཡོད་ཁག་གཅིག་ལ་བཅར་འདྲི་ཞུས་པའི་བརྙན་པར་བླངས་ཁོངས་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་བོད་རིགས་བེུད་དང་དང་བུ་མོ་ ༡༦ གི་གནས་ཚུལ་བརྒྱུད་སྤེལ་དང་གནས་ཡུལ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱངས་པའི་བོད་རིགས་བུ་མོ་དང་བེུད་རྣམས་ཀྱི་མྱོང་ཚོར་སྐོར་གྱི་བརྙན་ཐུང་བཅས་ཟླ་ ༡༢ ཚེས་ ༡༠ བར་དེ་ལས་སྤྱི་ཚོགས་དྲྭ་རྒྱའི་ཐོག་འདོན་སྤེལ་གནང་རྒྱུ་ཡིན་པ་རེད། དེ་རིང་དབུ་བྱེད་མཛད་སྒོའི་ཐོག་རང་ཉིད་ནི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱངས་མྱོང་མཁན་ཞིག་ཡིན་པ་མ་ཟད་གནད་དོན་དེ་འགོག་ཐབས་ཐོག་རང་འགུལ་ནས་ལས་འགུལ་སྣེ་ཁྲིད་གནང་བའི་ཁྲོད་དུ་རང་གི་མྱོང་ཚོར་དང་འབྲེལ་བའི་ཕྱག་ འོན་ཀྱང་ཁོང་གིས་རང་གི་མྱོང་ཚོར་སྐོར་བརྙན་པར་ཞིག་བཏང་ཡོད་པ་དེ་གཟིགས་འབུལ་གནང་སོང་བའི་ནང་དུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཚོར་བ་ཆེན་པོས་རང་ཉིད་ལོ་ ༡༥ ཐོག་བུ་ཞིག་གིས་བཙན་གཡེམས་བཏང་བ་དང་། དེའི་རྗེས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་པའི་མྱོང་ཚོར་སྐོར་གསུངས་པ་དང་འབྲེལ། ཁོང་དང་ཁོང་འདྲ་བའི་བོད་པའི་བེུད་མང་དག་ཞིཅི་ཡོད་པ་རྣམས་ལ་སྤྱི་ཚོགས་ནང་བེུད་ལ་གཙན་གཡེམ་དང་རྩུབ་སྤྱོད་གཏང་མཁན་སྐྱེས་པ་ཡོད་ཀྱང། བེུད་ལ་རྒྱབ་སྐྱོར་དང་བསམ་བཤེས་བྱེད་མཁན་སྐྱེས་པ་ཡང་མང་དག་ཅིག་ཡོད་པ་དང། རང་ལ་གནད་དོན་དེ་རིགས་བྱུང་བ་ཡིན་ན་དེའི་སྐོར་ལ་ངེས་པར་དུ་བཤད་ཐུབ་དགོས་པ་དང་། དེས་རང་གི་དཀའ་ངལ་ཉུང་རུ་འགྲོ་བ་དང་མཉམ་དུ་གཞན་ལ་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དེ་རིང་གི་བརྗོད་གཞི་དང་འབྲེལ་བའི་གསུང་འཕྲིན་བསྩལ་བར་སྤྱིར་ནང་པ་སངས་རྒྱས་པའི་ཆོས་དང་སྒོས་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་དེ་སྙིང་རྗེ་ཡིན་སྟབས། འཚེ་བའི་ལས་རིགས་སྤེལ་བ་ཡིན་ན་ནང་པའི་ཆོས་དང་འགལ་འགྲོ་རྒྱུ་ཡིན་པ་དང་། སེམས་ཅན་ཐམས་ཅད་གཉེན་དུ་བལྟས་ནས་མི་གཞན་དང་རང་གི་བཟའ་ཚང་དང་བེུད་སོགས་ལ་མཐོང་ཆུང་དང་བརྙས་བཅོས་བྱ་རྒྱུ་མེད་པ་མ་ཟད་རང་ནུས་གང་ལྕོགས་ཀྱིས་ཕྱག་རོགས་གནང་དགོས་པ་བཀའ་གནངསྐབས་དེར་སྐུ་མགྲོན་གཙོ་བོ་དྷ་སའི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ Rajni Vyas ལགས་ཀྱིས་བོད་མི་དང་རྒྱ་གར་བའི་སྤྱི་ཚོགས་གཙོས་སྤྱི་ཚོགས་ཚང་མའི་ནང་དུ་བེུད་ལ་བཙན་གཡེམ་དང་རྩུབ་སྤྱོད་ཀྱི་གནད་དོན་རིགས་འབྱུང་བཞིན་ཡོད་པ་དང་། ཁོང་གིས་ད་བར་གྱི་ཉམས་མྱོང་ཁྲོད་དུ་བེུད་ ༢༠༠༠ བརྒལ་བར་གནད་དོན་དེ་རིགས་བྱུང་བ་ལས་ཤེས་རྟོགས་བྱུང་བའི་ནང་དུ་བྱིས་པ་བུ་མོ་ཟླ་བ་ ༡༣ ནས་ལོ་ ༦ དེ་བཞིན་མ་རྒན་ལོ་ ༨༠ ལའང་གནད་དོན་དེ་ལྟར་བྱུང་ཡོད་པ་དང་། བུ་མོ་ཡིན་པའི་རྐྱེན་གྱིས་གནད་དོན་དེ་རིགས་འབྱུང་བཞིན་ཡོད་སྟབས། ཁོང་དང་ཁོང་གི་སྤྱི་ཚོགས་ཀྱི་ངོས་ནས་དེ་འདྲའི་འཚེ་སྤྱོད་འགོག་ཐབས་ཀྱི་ལས་འགུལ་སྣ་མང་ཅིག་སྤེལ་བཞིན་པ་དང་ལས་འགུལ་སྤེལ་སྐབས་སུ་དཀའ་ངལ་ཡང་མང་དག་ཅིག་འཕྲད་བཞིན་ཡོད་ཀྱང་། བོད་མི་དང་རྒྱ་གར་བ་སོགས་སྤྱི་ཚོགས་ཚང་མས་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་གལ་ཡིན་སྐོར་གསུངས་པ་དང་འབྲེལ། ཁོང་གི་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་ལ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་རིགས་ཀྱི་གནས་ཚུལ་ནམ་བྱུང་ལ་ཞུ་ས་ཡོད་པའི་ HelpLine འམ་ཁ་པར་བརྒྱུད་འབྲེལ་བ་གནང་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་གསུངས་སོང་། ལས་འགུལ་དེའི་ཁྲོད་བོད་པའི་གཞིས་ཆགས་ཁག་བརྒྱད་ཀྱི་ནང་དུ་དངོས་སུ་གནད་དོན་རྒྱུས་ལོན་ཆེད་སྐོར་བསྐྱོད་གནང་མཁན་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་བརྙན་པར་ལེན་མཁན་བསྟན་འཛིན་ཕུལ་བྱུང་ལགས་གཉིས་ནས་བེུད་ཐོག་རྩུབ་སྤྱོད་སོགས་ཀྱི་གནད་དོན་དངོས་སུ་བྱུང་ཡོད་ནའང་དེའི་སྐོར་བཀའ་མོལ་གནང་མཁན་ཧ་ཅང་ཉུང་ཉུང་དང་བཀའ་མོལ་གནང་ཁག་པོ་ཡོད་པ། དེ་བཞིན་སྤྱི་ཚོགས་སྣེ་ཁྲིད་གནང་མཁན་མི་སྣ་ཁག་གཅིག་གིས་གནད་དོན་དེ་རིགས་རྩ་བ་ནས་བྱུང་མེད་སྐོར་བརྗོད་དེ་དེ་ལྟར་ཕྱག་ལས་གནང་དཀའ་སྐོར་སོགས་ཀྱི་མྱོང་ཚོར་གསུངས་སོང་། བོད་པའི་སྤྱི་ཚོགས་ནང་དུ་གནད་དོན་དེ་རིགས་བྱུང་གི་ཡོད་པ་གསལ་པོ་ཆགས་པ་དང་། དེའི་འོག་དཀའ་ངལ་འཕྲད་མཁན་རྣམས་ལ་སྤྱི་ཚོགས་ཁྲོད་གཟིགས་སྟངས་ངན་པའི་ངལ་བ་འཕར་མ་འཕྲད་བཞིན་ཡོད་པ། དེ་བཞིན་བེུད་ཐོག་བཙན་གཡེམ་བྱེད་མཁན་མི་སྣར་སུས་ཀྱང་གང་ཡང་བཤད་མ་ཐུབ་པར་རང་དབང་ངང་འཚོ་བ་རོལ་བཞིན་ཡོད་པ་སོགས་ཀྱི་གནད་དོན་མང་དག་ཅིག་རྒྱུས་ལོན་བྱུང་ཡོད་པ་སོགས་གསུངས་སོང་། དེ་བཞིན་དེ་རིང་གི་ཉིན་མོ་དང་བསྟུན་མཛད་སྒོའི་ཐོག་འགྲོགས་མོ་ཞེས་པའི་བེུད་ཐོབ་ཐང་རྩོད་མཁན་ཚོགས་པའི་ངོས་ནས་འདི་ལོ་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གཅིག་གི་ནང་དུ་བྱིས་པའི་ཐོག་རྩུབ་སྤྱོད་དང་བཙན་གཡེམ་གྱི་གནད་དོན་ཇི་འཕྲད་ཀྱི་ཉམས་ཞིབ་གནང་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དེའི་སྐོར་གསུངས་པ་དང་འབྲེལ། སྤྱི་ཚོགས་ནང་དུ་གནད་དོན་དེ་རིགས་འབྱུང་བཞིན་པ་ཕྱིར་ཐོན་ཁག་པོ་ཡོད་པ་སོགས་ཀྱི་གནས་སྟངས་མངོན་གསལ་གནང་ཡོད།

ནང་པའི་བསྟན་པ་གོང་འཕེལ་གྱི་བཞུགས་མོལ་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ།

དེ་རིང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཁ་སང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དེ་རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་ Maharashtra   ཁུལ་གྱི་ Aurangabad  གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནང་པའི་དགོན་པ་ Lokuttra Mahavihara and Bhikkhu Training Centre ཞེས་པར་ཆིབས་བསྒྱུར་བཀའ་དྲིན་ཐེངས་གཉིས་པ་དེ་བསྐྱངས་ཡོད་པ་དང་། ས་གནས་ཀྱི་འབྲེལ་ཡོད་ཀྱི་གདན་ཞུ་བ་དང་དད་ལྡན་མང་ཚོགས། དེ་བཞིན་སློབ་གྲྭ་ཁག་གི་སློབ་ཕྲུག་སྟོང་ཕྲག་བརྒལ་བས་དགའ་བསུའི་མེ་ཏོག་མཆོད་པའི་ཐོག་༸གོང་ས་མཆོག་ཁུལ་དེར་༸ཞབས་སོར་བདེ་བོར་འཁོད་ཡོད་སྟབས། ཁ་སང་ནས་བཟུང་དགོན་པ་དེར་ཞི་བདེ་དང་མཐུན་ལམ། མཛའ་བརྩེ་སོགས་ཀྱི་དུས་ཚོད་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་པར་བརྗོད་འདུག ཉིན་གསུམ་རིང་གི་སྤྱིའི་ནང་པའི་ལྷན་ཚོགས་དབུ་འཛུགས་གནང་ཡོད་པ་ལྟར་དེ་རིང་༸གོང་ས་༸སྐྱབས་མགོན་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་ནང་པའི་དགེ་འདུན་པ་སུམ་བརྒྱ་ལྷག་དང་། རྒྱལ་ཁབ་བཅུ་ལྷག་གི་ཆེད་མཁས་ཀྱི་མི་སྣ་རྣམས་ལྷན་འཛོམས་ཀྱིས་ནང་པའི་བསྟན་པ་རིན་པོ་ཆེ་དེ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཐད་ནས་བཞུགས་མོལ་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་གར་གྱི་བདེ་སྲུང་དོ་དམ་སྔར་ལྷག་བརྟན་པོ་བྱས་ཡོད་པ་མ་ཟད་ལྷན་ཚོགས་དེར་གདན་ཞུའི་མི་སྣ་མ་གཏོགས་གཞན་སུའང་ཚོགས་བཅར་ཞུ་ཆོག་གི་མེད་པ་རེད། རྒྱ་གར་རྒྱལ་ཡོངས་ནང་པའི་དགེ་འདུན་པའི་དབུ་ཁྲིད་ Sadanand Mahasatvir ལགས་དང་རྒྱལ་སྤྱིའི་ནང་པའི་དགེ་སློང་རྣམས་ལ་སྦྱོང་བརྡར་སྤྲོད་སའི་ལྟེ་གནས་ Chauka ཞེས་པའི་འགན་འཛིན་ Bodhipalo Mahathero ལགས་རྣམ་གཉིས་ཀྱིས་གཟའ་ལྷག་པའི་ཉིན་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཐེངས་འདིའི་རྒྱལ་སྤྱིའི་ནང་པའི་ལྷནཚོགས་དེ་ Aurangabad རུ་འཚོགས་གཏན་འཁེལ་བ་དེ་ནི་ཁུལ་དེར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་དང་། དགོན་གྲོང་དེའི་ཉེ་འཁྲིས་སུ་བདག་ཅག་གི་སྟོན་པས་དངོས་སུ་བཀའ་ཆོས་བསྩལ་སའི་གནས་བྱིན་རླབས་ཅན་གཉིས་ཡོད་པ་གསུངས་འདུག  Bodhipalo ལགས་ཀྱིས་གསར་འགོད་པར་སྦྱོང་བརྡར་ལྟེ་གནས་ཁང་དེ་ནས་ད་བར་དགེ་འདུན་པ་བརྒྱ་སྐོར་ཞིག་ལ་སྦྱོང་བརྡར་གནང་ཡོད་པ་དང་། དགེ་འདུན་པ་དེ་དག་གིས་གིས་ཐེངས་འདིའི་ལྷན་ཚོགས་དང་འབྲེལ་བའི་ཕྱོགས་མཐའ་ཁག་གི་དད་ལྡན་པ་ཡོངས་ལ་སྒྲིག་སྤྱོད་ཕྱག་ལེན་ཐད་ནས་འགན་རྐང་བཞེས་གནང་གི་ཡོད་པ་མ་ཟད། ཉིན་གསུམ་རིང་གི་ཚོགས་འདུ་དེར་ཞི་བདེ་བརྟན་བརླིང་སྐྲུན་པར་མཐུན་འགྱུར་གྱི་རོགས་རམ་གནང་གཏན་འཁེལ་ཡོད་པ་ལྟར། ས་གནས་ཀྱི་དད་ལྡན་པ་ཡོངས་ཀྱིས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་མཐུན་འགྱུར་གནང་གི་ཡོད་པ་རེད་འདུག དེ་བཞིན་ཁོང་གིས་རྒྱལ་སྤྱིའི་ཐོག་དང་རྒྱ་གར་ནང་གི་ནང་པའི་བསྟན་པར་ཞུགས་མཁན་རྣམས་ལ་ཁྱད་པར་ཏོག་ཙམ་ཞིག་ཡོང་གི་ཡོད་ཀྱང་། དེ་ནི་ནང་པའི་ཆོས་གཞུང་དང་འབྲེལ་བ་ཞིག་མ་ཡིན་པར་སྤྱི་ཚོགས་སོ་སོའི་ནང་གི་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གྲལ་རིམ་དང་ཤེས་ཡོན་གྱི་འབྱུང་ཁུངས་བཅས་ཀྱི་ཁྱད་པར་ཞིག་ཡིན་པར་བརྗོད་པ་མ་ཟད། ནང་པའི་བསྟན་པ་རིན་པོ་ཆེ་རྒྱ་གར་དུ་ཐོག་མར་དབུ་བརྙེས་ཏེ་རྗེས་སུ་འཛམ་གླིག་གི་ཡུལ་ཕྱོགས་གང་སར་དར་ཁྱབ་བྱུང་བ་ཞིག་ཡིན་ཀྱང་། རྒྱ་གར་གྱི་རྩ་ཁྲིམས་ཀྱི་ཡབ་ཆེན་དུ་འབོད་པའི་མཁས་དབང་ཆེན་པོ་སྐུ་ཞབས་ Dr B.R Ambedkar ལགས་ཀྱི་བཀའ་དྲིན་མ་གཏོགས་ནང་པའི་བསྟན་པ་དེ་རྒྱ་གར་གྱི་ནང་དུ་རྩ་སྟོང་དུ་ཕྱིན་ཡོད་སྐོར་ངོ་སྤྲོད་གནང་འདུག Mahasatvir ལགས་ཀྱིས་ཀྱང་སྔོན་ཆད་རྒྱ་གར་གྱི་ནང་དུ་ནང་པའི་དགོན་པ་ ༨༤༠༠༠ ལྷག་ཡོད་པ་མ་ཟད་དགོན་པ་དེ་དག་ཏུ་དགེ་འདུན་པ་རྣམས་ཀྱིས་ནང་ཆོས་ལ་འཆད་ཉན་ཚགས་ཚུད་གནང་གི་ཡོད་པ་བརྗོད་འདུག གཞི་རྩའི་ཐེངས་འདིའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཤྲི་ལངྐ་དང་བལ་ཡུལ། ལྷོ་ཀོ་རི། ཐེ་ཝན་སོགས་ཀྱི་རྒྱལ་ཁབ་བཅུའི་དགེ་འདུན་པའི་འཐུས་ཚབ་ཀྱིས་འཛུལ་ཞུགས་གནང་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཞོགས་མགོན་པ་༸གང་ཉིད་མཆོག་གིས་ PES ལུས་སྦྱོང་མཐོ་སློབ་ཀྱི་རྩེད་ཐང་དུ་མང་ཚོགས་ལ་ཆོས་འབྲེལ་བསྩལ་རྒྱུ་ཡིན་པ་རེད། ༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

Latest news