Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་གིས་ Fight Club ཞེས་པའི་གློག་བརྙན་གྱི་ལེའུ་མཐའ་མ་བཅོས་སྒྲིག་བྱས་པ།

ཕྱི་ལོ་ ༡༩༩༩ ལོར་ཨ་རི་ནང་གློག་བརྙན་བཟོ་བཀོད་པ་ David Fincher  ཡིས་སྤྱི་ཚོགས་བདེ་ཐབས་དང་འབྲེལ་ནས་ཆེད་བཟོ་གནང་བའི་གློག་བརྙན་གྲགས་ཅན་  Fight Club ཞེས་པ་དེ་ཉེ་ལམ་རྒྱ་ནག་གི་ Tencent བརྒྱུད་ལམ་ཐོག་མང་ཚོགས་ནས་ལྟ་རྒྱུ་ཡོད་པ་བཟོས་སྟབས་དེ་སྔ་གློག་བརྙན་ངོ་མ་ལྟ་མྱོང་མཁན་དག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་ནག་གིས་གློག་བརྙན་དེའི་མཐའ་མའི་ལེའུ་དེ་བཀག་ནས་དེའི་ཚབ་ཏུ་དབང་ལྡན་ཉེན་རྟོག་པར་རྒྱལ་ཁ་ཐོབ་ཡོད་ཚུལ་བཀོད་ནས་མཇུག་སྡོམ་བྱས་པར་གླེང་སློང་ཤུགས་ཆེར་གནང་བཞིན་འདུགགློག་བརྙན་དངོས་ཀྱི་ལེའུ་མཐའ་མར་སྤྱི་ཚོགས་བདེ་ཐབས་ཀྱི་གནད་དོན་དང་འབྲེལ་ནས་འབར་རྫས་ཀྱིས་ཁང་པ་མ་གཏོར་གོང་གི་གློག་བརྙན་དེའི་ནང་སྒྲུང་བཤད་མཁན་ Edward Norton གྱིས་ཁོང་རང་ཉིད་ཀྱི་བསམ་བློའི་ནང་གི་མི་སྣ་གློག་བརྙན་ཁྲབ་སྟོན་པ་ Brad Pitt བསད་པའི་རྣམ་པ་ཡོད་ཀྱང་། རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་མཐའ་མཇུག་གི་ལེའུ་ནང་དབང་འཛིན་མི་སྣ་ཉེ་རྟོག་པས་འཆར་གཞི་ཡོད་ཚད་ཤེས་ཡོད་ཚུལ་དང་འབར་རྫས་གས་ མ་བཅུག་པར་ནག་ཉེས་ཅན་གྱི་མི་སྣ་རྣམས་འཛིན་བཟུང་གིས་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གིས་ཁྲབ་སྟོན་བྱས་པའི་ Tyler Durden དེ་སྨྱོན་ཁང་ཞིག་ཏུ་ནད་གསོའི་སླད་བཏང་སྟེ་ ༢༠༡༢ ལོར་དྲག་སྐྱེད་བྱུང་ཡོད་ཚུལ་གྱི་བརྡ་ལན་ཞིག་ཆེད་བཀོད་ཀྱིས་གློག་བརྙན་མཇུག་སྒྲིལ་ཡོད་པ་རེད་འདུགགློག་བརྙན་ Fight Club གྱི་སྒྲུང་གཞི་ངོ་མ་དེ་ ༡༩༩༦ ལོར་རྩོམ་པ་པོ་ Chuck Palahniuk ཡིས་སྤྱི་ཚོགས་ཀྱི་དངོས་བྱུང་གནས་སྟངས་དང་འབྲེལ་ནས་བྲིས་པའི་བརྩམ་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོ་ Chuck ལགས་ཀྱིས་རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་གློག་བརྙན་ལ་ཧང་སང་ཡོད་པ་མ་ཟད། རྒྱ་ནག་ལ་ཟུར་ཟ་དང་སྦྲགས་ཏེ་རྒྱ་ནག་ནང་དུ་ལེའུ་མཐའ་མ་དེ་དགའ་པོའི་ངང་ནས་མཇུག་སྒྲིལ་ཡོད་པར་བཤད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་བྱེད་བབ་དེས་རྒྱ་ནག་གི་སྤྱི་ཚོགས་ནང་དུ་དཀའ་ངལ་ཆེན་པོ་དང་མི་དྲང་བའི་ཁྲིམས་ཀྱི་དབང་བསྒྱུར་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་བརྗོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ Ted Cruz ལགས་ཀྱིས་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་གློག་བརྙན་ལ་གསོ་མྱུལ་བྱས་པ་དེ་གསར་པ་གང་ཡང་མིན་པ་དེ་ལྟར་ནའང་གློག་བརྙན་བཅོས་སྒྲིག་བྱས་པ་དེ་དཀོན་པོ་ཡིན་པར་བཤད་ཡོད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་མི་གནང་བར་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་དང་སྐུ་ཞབས་ Jiri Oberfalzer རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ནང་མཉམ་ཞུགས་མི་གནང་བའི་ལས་གུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགཟླ་ཤས་གོང་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕ་རན་སི་རྒྱལ་ཁབ་ནས་དབུ་འཛུགས་གནང་སྟེ་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཏུ་ཆེད་བཅར་གྱིས་ས་གནས་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་སྙན་སེང་ཞུས་པ་དང་སྦྲགས་ཏེ་འཚོགས་ལ་ཉེ་བའི་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་ཐོག་རྒྱལ་སྤྱིའི་གཞུང་ཁག་ནས་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་སོགས་གནང་བཞིན་ཡོད་པ་ལྟར། ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་དབུས་པའི་སྲིད་གཞུང་ལ་དེ་འབྲེལ་ཞུ་སྐུལ་གནང་ཡོད་པ་རེད།སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་ཞུ་སྐུལ་ལ་དགའ་བསུ་ཆེན་པོ་གནང་བ་མ་ཟད་ཡུལ་དེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་དང་སྐུ་ཞབས་ Jiri Oberfalzer རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཟུང་འབྲེལ་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་དོན་གྲུབ་དབང་ཆེན་ལགས་ནས་ཨོ་ལམ་པིག་སྐོར་ཞུ་སྐུལ་གནང་བའི་དོན་ཚན་ཁག་དངོས་འབྲེལ་ཡིན་པ་དང་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་སླར་ཡང་རྒྱ་ནག་གཞུང་ལ་ཨོ་རྩལ་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་གནང་བ་དེ་ནི་ནོར་འཕྲུལ་ཆེན་པོ་ཞིག་ཡིན་པ་དང་། དེ་ནི་དེ་སྔ་ ༡༩༣༦ ལོར་ Berlin དང་དེ་རྗེས་ Soviet Union བཅས་སུ་ཚོགས་པའི་ཨོ་ལམ་པིག་རྩེད་འགྲན་ལྟར། ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་སླར་མང་ཚོགས་སྤྱི་ལ་དམ་དྲག་དང་། ལྷག་པར་དུ་གྲངས་ཆུང་མི་རིགས་ཚོ་ལ་གཉའ་གནོན་དང་གཅིག་བསྡུས་རིང་ལུགས་ཀྱི་སྲིད་གཞུང་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་འདུགལྷག་པར་དུ་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནི་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་ལ་ངོ་རྒོལ་གྱི་རྣམ་པ་ཆེད་བསྟན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཐོག་མ་དེ་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ད་རེས་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགསྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Přemysl Rabas ལགས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གཙོས་ཆབ་སྲིད་མི་སྣ་རྣམས་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་སེར་འཛིན་བཟུང་བཙན་ཁྲིད་དང་བོད་མིས་གཙོས་པའི་རང་དབང་དང་མང་གཙོའི་ལས་འགུལ་བ་རྣམས་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་ཀྱི་ངལ་བ་སེལ་བའི་ཐོག་ནས་ད་རེས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དང་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་རེ་སྐུལ་ཡང་གནང་འདུག  

རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་རྣམས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད།

རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད་འདིར་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་ནས་རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་ཤུགས་ཆེར་བྱས་དང་བྱེད་མུས་དང་འབྲེལ།ཟླ་བ་རྗེས་མ་འཚོགས་ལ་ཉེ་བའི་རྒྱ་ནག་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ཐོག་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་པའི་ཐག་གཅོང་དང་། ཉེ་ཆར་རྒྱ་ནག་གཞུང་གིས་ཨོ་རྩལ་དང་འབྲེལ་བའི་མཉེན་ཆས་འདོན་སྤེལ་བྱས་པའི་ནང་དུའང་གསང་བའི་ལྟ་སྲུང་དང་བདེ་འཇགས་ཀྱི་སྐྱོན་ཆ་ཡོད་པ་ཐེར་འདོན་གནང་བ་དང་སྦྲགས་ཏེ་རྒྱལ་ཁབ་མང་དག་ཅིག་གིས་སོ་སོའི་རྩེད་འགྲན་པ་རྣམས་ལ་ཁ་པར་དང་གློག་ཀླད་རྣམས་རང་ཁྱིམ་དུ་འཇོག་དགོས་པའི་སྐུལ་མ་བྱེད་བཞིན་པའི་ཁྲོད་འདིར་པེ་ཅིང་ཨོ་རྩལ་ལ་སྦྱིན་བདག་བྱེད་མཁན་ཚོང་ལས་ཁང་ཆེ་གྲས་ཁག་གཅིག་ནས་གནད་དོན་དེ་དག་ཐོག་ཤེས་རྟོགས་གང་ཡང་མེད་པ་ལྟ་བུའི་ཁ་ཁུ་སིམ་པོར་སྡོད་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱིས་ཐེར་འདོན་གནང་འདུགཁ་སང་ New York Post སོགས་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བར་དེ་སྔ་ལྷོ་ཀོ་རི་ཡའི་ཨོ་རྩལ་རྩེད་འགྲན་འཚོགས་ལ་ཉེ་བའི་སྐབས་སུ་ VISA ཚོང་ལས་ཁང་གིས་ཉིན་གྲངས་ ༡༠༠ ཡི་སྔོན་ཚུད་ནས་ཉིན་ལྟར་ Twitter དྲ་ལམ་ཐོག་ཁྱབ་བསྒྲགས་སྤེལ་བ་དེ་ལྟར་ཡང་ད་ལྟ་པེ་ཅིང་གི་ཨོ་རྩལ་ཐོག་ཚོང་ལས་ཁང་དེའི་ངོས་ནས་ཁྱབ་བསྒྲགས་ཤུགས་ཆེ་བ་གང་ཡང་སྤེལ་མེད་པ་མ་ཟད། པེ་ཅིང་ཨོ་རྩལ་ཐོག་འགྲེལ་བརྗོད་གང་ཡང་གནང་མེད་པ་དང་། བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་གནང་མེད་པ་མངོན་གསལ་གནང་འདུག དེ་བཞིན་ Gillette དང་ Olay དེ་བཞིན་ Pampers དང་ Tide སོགས་དངོས་ཆས་མང་པོ་བཟོ་སྐྲུན་བྱེད་མཁན་གྱི་ཚོང་ལས་ཁང་ Procter and Gamble ཞེས་པ་དེའང་ཁ་ཁུ་སིམ་པོར་བསྡད་པ་མ་ཟད་ཉེ་ཆར་ཚོང་ལས་ཁང་དེའི་དཔལ་འབྱོར་འགན་འཛིན་ Andre Schulten ཟེར་བས་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་གྱིས་ཚོང་ལས་ཁང་གི་ངོས་ནས་རྩེད་འགྲན་པ་རྣམས་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དང་ཨོ་ལམ་པིཀ་གནད་དོན་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་ལས་དོན་རྣམས་རྒྱ་ནག་ནང་གི་འབྲེལ་ཡོད་དྲིལ་བསྒྲགས་མི་སྣས་སྤེལ་བཞིན་ཡོད་པ་གསུངས་ཡོད། འདི་ལོ་ཨོ་རྩལ་གྱི་སྦྱིན་བདག་བྱེད་མཁན་ཚོང་ལས་ཁང་ཆེ་གྲས་༡༣གྱི་ཚོང་ཟོག་ཁྱབ་བསྒྲགས་མ་བྱས་པ་དེ་དུས་རྒྱུདན་དང་མི་འདྲ་བའི་བྱེད་ཕྱོགས་ཞིག་ཡིན་པ་མཐེར་བསྟོན་གནང་འདུག་པ་དང་། དེ་བཞིན་ཕྱི་ལོ་༢༠༠༨ལོའི་རྒྱ་ནག་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་ཚོང་ལས་འགན་འཛིན་ Rick Burton ལགས་ཀྱིས།འདི་ལོའི་ཨོ་རྩལ་སྦྱིན་བདག་རྣམས་ཀྱིས།རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་མཉམ་དུ་དངུལ་འབོར་ཆེན་གྱི་གྱན་རྒྱ་བཞག་ཟིན་སྟབས།ད་ལྟའི་གནས་སྟངས་ལ་གཞིགས་པའི་ཡིད་གཟབ་གྱིས་ཚོད་ལྟ་བྱེད་བཞིན་ཡོད་པ་གསུངས་འདུགNew York Post སོགས་བརྒྱུད་ལམ་ཁག་གཅིག་གིས་སྤེལ་བར་འདི་ལོར་ཨོ་རྩལ་གྱི་སྦྱིན་བདག་བྱེད་མཁན་ཚོང་ལས་ཁང་ཆེ་གྲས་ ༡༣ གྱི་ཚོང་ཟོག་ཁྱབ་བསྒྲགས་མ་གནང་བ་དེ་དུས་རྒྱུན་དང་མི་འདྲ་བའི་བྱེད་སྟངས་ཤིག་ཡིན་པ་ཐེར་འདོན་གནང་འདུག་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་ཚོང་ལས་འགན་འཛིན་ Rick Burton ལགས་ཀྱིས་འདི་ལོའི་ཨོ་རྩལ་སྦྱིན་བདག་རྣམས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་མཉམ་དུ་དངུལ་འབོར་ཆེན་གྱི་གྱན་རྒྱ་བཞག་ཟིན་སྟབས། ད་ལྟའི་གནས་སྟངས་ལ་གཞིགས་པའི་ཡིད་གཟབ་ཐོག་ནས་ཚོད་ལྟ་བྱེད་བཞིན་ཡོད་པར་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ Sophie Richardson ལགས་ཀྱིས་ད་ལྟ་པེ་ཅིང་ཨོ་རྩལ་འགྲན་ཚོགས་འཚོགས་ལ་ཉེ་སྟབས་ཚོང་ལས་ཁང་དེ་དག་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་བར་རང་གི་ཤུགས་རྐྱེན་གང་འདྲ་སྤྱོད་མིན་ཐོག་གང་ཡང་གསུངས་མེད་སྐོར་གསུངས་པ་དང་འབྲེལ། ཚོང་ལས་ཁང་དེ་དག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རང་གི་ཆོས་སེམས་བརྟན་པོ་ཇི་ཙམ་ཡོད་མེད་བལྟ་རྒྱུའི་གོ་སྐབས་བཟང་པོ་དེ་འཕྲོ་བརླག་གཏོང་བཞིན་ཡོད་པ་གསུངས་ཡོད།འདས་པའི་གཟའ་འཁོར་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ NBC དང་ Omega སོགས་ཐེངས་འདིའི་པེ་ཅིང་ཨོ་སྩལ་འགྲན་ཚོགས་ཀྱི་སྦྱིན་བདག་ཁག་གཅིག་གི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་རིམ་པ་སྤེལ་ནས་རྒྱ་ནག་གི་རྩེད་འགྲན་ལ་སྦྱིན་བདག་གནང་རྒྱུ་མེད་པའི་འབོད་སྐུལ་གནང་དང་གནང་མུས་ཡིན་པ་རེད།

གྷུ་གྷལ་ས་ཁྲའི་ཐོག་བོད་ཀྱི་ས་ཆ་ཁག་གཅིག་བཀག་སྡོམ་བྱས་པར་རྒྱ་ནག་ལ་དོགས་སློང་།

ཉེ་ཆར་ཨ་རི་ནང་ལ་དར་སྲོལ་ཆེ་བའི་ Reddit  ཞེས་པའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ཐོག་ལ་མི་སེར་ཁག་གཅིག་གིས་གྷུ་གྷལ་བཟོ་ལས་ཁང་ནས་བཟོ་སྐྲུན་བྱས་པའི་ Google Map ཞེས་པའི་གྷུ་གྷལ་མཉེན་ཆས་བརྒྱུད་འཛམ་གླིང་ཐོག་གི་ས་ཁུལ་ཁག་ཚད་ལྡན་ངང་འཚོལ་ཞིབ་ཐུབ་ཀྱི་ཡོད་ཀྱང་བོད་ནང་གི་ཆ་ཁུལ་ཁག་གཅིག་མཉེན་ཆས་དེའི་ཐོག་གསལ་ཆ་མེད་པར་བཀག་སྡོམ་བྱེད་དོན་གང་ཡིན་དང་འབྲེལ་བའི་རྒྱ་ནག་ལ་དོགས་སློང་བྱེད་བཞིན་ཡོད་པ་རེད།Reddit  ཞེས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག་གང་ཟག་ཅིག་གིས་གྷོ་གྷལ་ས་ཁྲའི་ཐོག་ལ་བོད་མངའ་རི་ཁུལ་གྱི་ས་ཆ་ཁག་གཅིག་གསལ་གྱི་མེད་པའི་པར་རིས་དངོས་ར་དང་སྦྲགས་ཏེ་ས་ཁུལ་དེ་དག་གྷོ་གྷལ་ས་ཁྲའི་ཐོག་མ་གསལ་བ་དེ་གྷུ་གྷལ་བཟོ་ལས་ཁང་གིས་བཟོས་པ་ཞིག་ཡིན་ནམ། ཡང་ན་ས་ཁུལ་དེར་གསང་བ་བྱེད་དགོས་པའི་གནས་སྟངས་ཤིག་ཡོད་དམ་ཞེས་བཀོད་འདུག པར་རིས་དེའི་གཤམ་ལ་གང་ཟག་ཅིག་ནས་རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་རང་སྐྱོང་ཆ་ཤས་ཤིག་ཡིན་ཞེས་བརྗོད་བཞིན་ཡོད་སྟབས། ད་ཆ་རྒྱ་ནག་གཞུང་ནས་ས་ཁྲའི་ཐོག་གསལ་རྒྱུ་མེད་པའི་བོད་ཀྱི་ས་ཁུལ་དེ་དག་ཐོག་གསང་བའི་ལས་གཞི་ག་རེ་སྤེལ་བཞིན་ཡོད་དམ་ཞེས་རྒྱ་ནག་གཞུང་ལ་དོགས་སློང་གནང་འདུག གང་ཟག་གཞན་ཞིག་ནས་གྷུ་གྷལ་ས་ཁྲའི་ཐོག་བོད་ཀྱི་ས་ཁུལ་ཁག་ཅིག་བཀག་སྡོམ་བྱས་པ་དེ་དག་བཀག་སྐྱིལ་ཁང་ཡིན་རྒྱུ་མ་རེད། གང་ལ་ཟེར་ན་དེང་སང་བཀག་སྐྱིལ་ཁང་མང་དག་ཅིག་ས་ཁུལ་གང་དུ་ཡོད་པ་གསལ་པོ་རེད་ཅེས་རྒྱ་ནག་གཞུང་གིས་ཤིང་ཅང་ནང་བཀག་སྐྱིལ་ཁང་མང་དག་ཅིག་བཙུགས་ཏེ་མི་སེར་མང་པོ་འཛིན་བཟུང་བྱེད་བཞིན་པའི་བྱ་སྤྱོད་ལ་ཟུར་ཟ་དང་སྐྱོན་བརྗོད་བྱས་འདུག གཞི་རྩའི་གྷུ་གྷལ་ས་ཁྲའི་ཐོག་བོད་ཀྱི་ས་ཁུལ་ཁག་ཅིག་འཚོལ་ཞིབ་བྱེད་རྒྱུར་བཀག་སྡོམ་བྱས་པ་ད་རེས་ཐེངས་དང་པོ་མིན་པ་དང་། དེ་སྔ་གྷུ་གྷལ་ས་ཁྲའི་ཐོག་༸གོང་ས་མཆོག་གི་འཁྲུངས་ཡུལ་སྟག་འཚེར་དང་། བོད་ལྷོ་ཕྱོགས་ཁུལ་གྱི་ས་ཁུལ་ཁག་ཅིག་བཀག་སྡོམ་བྱས་ཏེ་ཕྱིས་སུ་སླར་གསོ་བྱས་པའི་གནས་ཚུལ་ཁག་ཅིག་ ABC གསར་ཁང་ནས་ཡོངས་གྲགས་གནང་ཡོད། ད་རེས་ཀྱི་གནས་ཚུལ་འདི་དང་འབྲེལ་ཨོ་སི་ཀྲོ་ལོ་ཡའི་ས་ཁམས་རིག་པའི་སློབ་དཔོན་ Amy Griffin ལགས་ནས་གྷུ་གྷལ་ས་ཁྲའི་ཐོག་ནས་ས་ཁུལ་ཁག་ཅིག་གསལ་རྒྱུ་མེད་པར་བཟོས་པ་དེ་དག་གྷུ་གྷལ་བཟོ་ལས་ཁང་ལ་ཐད་ཀར་སྐྱོན་བརྗོད་བྱས་པ་ཙམ་མིན་པར་བྱ་སྤྱོད་དག་དེ་དག་གི་རྒྱབ་ལ་འབྲེལ་ཡོད་མང་དག་ཅིག་ཡོད་དེ་དག་དང་། ལྷག་པར་དུ་སྲིད་གཞུང་ཁག་ཅིག་ནས་ས་ཁྲའི་ཐོག་གི་ས་ཁུལ་ཁག་ཅིག་ཆེད་དུ་མི་གསལ་བ་བཟོ་བཞིན་ཡོད་པ་དེ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་འདུག

བོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་ཏུ་ Keanu Reeves ལགས་ཀྱི་གློག་བརྙན་ལ་གཟིགས་རྒྱུ་མེད་པའི་ངན་སྐུལ།

ཁེ་ན་ཌའི་མི་སེར་ཡིན་པ་ཕྱི་རྒྱལ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Keanu Reeves ལགས་ཀྱིས་ཨ་རིའི་ New York གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པའི་ལོ་འཁོར་རོལ་དབྱངས་འདུ་འཛོམས་ཐོག་མཉམ་ཞུགས་གནང་གཏན་ཁེལ་བ་དང་འབྲེལ་ནས་རྒྱ་ནག་མང་ཚོགས་རྒྱལ་ཞེན་པ་ཁག་གཅིག་གིས་སྐུ་ཞབས་ Keanu Reeves ལགས་ལ་ངོ་རྒོལ་བྱས་ནས་རྒྱ་ནག་ནང་གི་གློག་བརྙན་ཁང་ཁག་ཏུ་བདུན་ཕྲག་གཅིག་ཙམ་གྱི་སྔོན་ལ་འདོན་སྤེལ་གནང་བའི་ཁོང་གི་གློག་བརྙན་གསར་པ་ The Matrix Resurrections ཞེས་པར་གཟིགས་རྒྱུ་མེད་པའི་ངན་སྐུལ་བྱེད་བཞིན་ཡོད་པ་རེད།ཁ་སང་ CBR ཞེས་པའི་ཁེ་ན་ཌའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་དེ་སྔ་ཕྱི་ལོ་ ༡༩༨༧ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་ཨ་རི་ནང་དུ་གསར་འཛུགས་གནང་བའི་ཨ་རི་བོད་ཁང་གི་ངོས་ནས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣ ཉིན་བོད་ཀྱི་གནམ་ལོ་གསར་དུ་བཞད་པའི་དུས་ཚིགས་དང་བསྟུན་རོལ་དབྱངས་འདུ་འཛོམས་ཐེངས་ ༣༥ པ་དེ་གོ་སྒྲིག་གནང་བཞིན་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཁྲོད་དྲ་རྒྱའི་ཐོག་འཚོགས་གཏན་ཁེལ་བའི་རོལ་དབྱངས་འདུ་འཛོམས་ཐོག་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Keanu Reeves ལགས་ཀྱིས་གཙོས་པའི་ Patti Smith དང་ Jason Isbell དེ་བཞིན་ Iggy Pop བཅས་གཞས་པ་དང་སྒྱུ་རྩལ་བ་ཁག་གཅིག་མཉམ་ཞུགས་གནང་གཏན་ཁེལ་འདུག རེས་གཟའ་པ་སངས་ཉིན་ཨ་རི་བོད་ཁང་གིས་ཕྱི་ཟླ་ ༣ པའི་ལས་རིམ་སྐོར་ཁྱབ་བསྒྲགས་གནང་བ་དང་འབྲེལ་ཏེ་རྒྱ་ནག་ནང་གི་མང་ཚོགས་ནས་ Keanu Reeves ལགས་ལ་ངོ་རྒོལ་དང་རྒྱ་ནག་མང་ཚོགས་རྣམས་ལ་ཉེ་ཆར་གསར་དུ་འདོན་སྤེལ་གནང་བའི་ Keanu Reeves ལགས་ཀྱི་གློག་བརྙན་གསར་ཤོས་ Matrix Resurrections ཞེས་པ་དེ་གཟིགས་རྒྱུ་མེད་པའི་ངན་སྐུལ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་མང་རིང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་བསྒྲུབ་ཐབས་སུ་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་མཁན། དེ་བཞིན་༸གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་ཞུ་མཁན་ཡོངས་ལ་རྒྱ་ནག་ནང་དུ་འགྲོ་བར་དམ་དྲག་བྱས་དང་བྱེད་བཞིན་པའི་གནས་སྟངས་ཁྲོད་ད་བར་ཨ་རི་ནང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Brad Pitt དང་ Richard Gere དེ་བཞིན་ Harrison Ford གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ Martin Scorsese ལགས་དང་བཞས་མ་ Lady Gaga དང་ Miley Cyrus དེ་བཞིན་ Maroon5 རོལ་དབྱངས་རུ་ཁག་སོགས་རྒྱལ་སྤྱིའི་སྒྱུ་རྩལ་བ་གྲགས་ཅན་མང་དག་ཅིག་ལ་བཀག་སྡོམ་དང་ཁོང་རྣམ་པའི་གློག་བརྙན་དང་གླུ་གཞས་སོགས་རྒྱ་ནག་ནང་འདོན་སྤེལ་གནང་བར་དམ་དྲག་བྱས་པ་མ་ཟད། གློག་བརྙན་མང་པོའི་ནང་བོད་ཀྱི་མིང་དང་བོད་ཀྱི་སྐོར་ཡོད་པ་མང་པོ་བཟོ་བཅོས་བཏང་བའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད།ཨ་རིའི་ Pen རྩོམ་པ་པོ་མཐུན་ཚོགས་དང་རྩོམ་པ་པོ་ C Robert Cargill ལགས་ཀྱིས་ CBR བརྒྱུད་ལམ་ལ་ལོ་ཤས་སྔོན་འདོན་སྤེལ་གནང་བའི་ Doctor Strange ཞེས་པའི་གློག་བརྙན་ནང་དུ་བོད་སྐོར་ཡོད་པ་དེ་བཅོས་སྒྲིག་བྱས་སྐོར་གསུངས་པ་དང་སྦྲགས་ཏེ་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེས་ཆེར་སྤྲོད་བཞིན་པའི་ཁྲོད་དེང་སྐབས་གློག་བརྙན་བཟོ་སྐྲུན་པ་མང་པོར་བོད་ཀྱི་གནད་དོན་ཐོག་དོགས་ཟོན་གནང་དགོས་པ་ཆགས་ཡོད་ཅེས་གསུངས་འདུག

ཡུ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་ལ་པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ཞུགས་རྒྱུ་མེད་པའི་འབོད་སྐུལ།

ཡུ་རོབ་མཐུན་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་ཁག་ལ་པེ་ཅིང་ནང་འཚོགས་ལ་ཉེ་བའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་ཡིག་ཕུལ་འདུགའབོད་སྐུལ་གྱི་ཞུ་ཡིག་ལ་ཡུ་རོབ་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༢༧ དང་ཡུ་རོབ་གྲོས་ཚོགས་འཐུས་མི་ ༣༩ བཅས་མི་གྲངས་ ༦༦ གིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་པ་ཞིག་ཆགས་ཀྱི་འདུག་པ་དང་། ཁོང་རྣམས་ཀྱིས་གཙོ་བོ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ལྟོས་མེད་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ལ་སླར་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་གོ་སྐབས་གནང་བ་དེ་ནི་གོམ་ལོག་སྤོས་པ་ཞིག་རེད་ཅེས་བརྗོད་དེ་རྒྱ་ནག་ལ་དེ་ལྟ་བུའི་རྒྱལ་སྤྱིའི་རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་འོས་བབ་མེད་སྐོར་ནན་བརྗོད་གནང་བ་མ་ཟད་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས་སྐབས་སུ་བོད་མིས་ངོ་རྒོལ་གནང་བར་བརྟེན་ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ རྗེས་སུ་བོད་ནང་གུ་ཡངས་དང་ཡར་རྒྱས་འགྲོ་ངེས་ཡིན་པར་བསྒྲགས་ཡོད་ཀྱང་དོན་དངོས་ཐོག་བོད་ནང་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་མ་ཚད་པར་ཤིན་ཅང་དང་ནང་སོག་བཅས་ཀྱི་ནང་སྨྲ་བརྗོད་རང་བདང་དང་ཆབ་སྲིད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་བྱས་འདུགདེ་བཞིན་ཞུ་ཡིག་ནང་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་འོག་བོད་གཙོས་ཧོང་ཀོང་དང་ཤར་ཏུ་ཀིས་ཐན། ལྷོ་སོག་བཅས་ཀྱི་ནང་འཆར་གཞི་ལྡན་པའི་ཐོག་མི་རིགས་རྩ་གཏོར་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་གནང་བ་དང་ལྷག་དོན་ Macao ནང་གི་གསར་འགོད་རང་དབང་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་སོགས་ལ་ཆེས་དྲག་གནོན་བྱེད་མུས་ཡིན་པ་དག་ནི་རྒྱལ་སྤྱིའི་ཨོ་རྩལ་གྱི་བཟང་སྤྱོད་ཀྱི་སྒྲིག་གཞི་དང་འགལ་ཡོད་པ་ལུང་འདྲེན་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་གནང་མཁན་དང་ལྷན་དུ་བཞག་པའི་སྒྲིག་མཐུན་ནང་གསལ་རྒྱལ་ཚོགས་ཀྱི་འབྲུ་དོན་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆ་རྐྱེན་ཁག་གཅིག་ཁ་སྣོན་གནང་ཡོད་ཀྱང་། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་སྒྲིག་མཐུན་དེ་གཏན་འབེབས་མ་གནང་བའི་གོང་དུ་རྒྱ་ནག་ལ་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུའི་མགྲོན་བདག་གནང་ཡོད་པ་རེད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་རྒྱ་ནག་ལ་འདྲི་རྩད་བྱ་རྒྱུའི་འགན་དབང་ཡོད་ཀྱང་ལྷན་ཚོགས་ཀྱིས་དེ་ལྟར་མ་གནང་བ་དེས་དེ་སྔ་ཁས་ལེན་བྱས་པའི་དམ་བཅའ་རྣམས་སྲུང་སྐྱོབ་མ་ཐུབ་པ་ཞིག་མཚོན་གྱི་ཡོད་ཅེས་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་ཏུ་ད་ཆ་ཡུ་རོབ་གཞུང་གི་ངོས་ནས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་དག་ལ་ངོ་རྒོལ་གནང་ཕྱིར་ཡོ་རུབ་མཐུན་ཚོགས་དང་དེའི་གཞུང་གི་ངོས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མ་འཚོགས་པའི་སྔ་རོལ་དུ་རྒྱ་ནག་ནང་གི་ཉམ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་དགོས་པ་དང་། ཡུ་རོབ་རྒྱལ་ཁབ་ཀྱི་ཨོ་རྩལ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཡོངས་རྩེད་འགྲན་པ་རྣམས་ལ་གནད་དོན་དེ་དག་ཐོག་གོ་རྟོགས་སྤེལ་དགོས་ངེས་ཡིན་པར་ནན་སྐུལ་གནང་ཡོད།ཉེ་ཆར་ཨ་རི་གཙོས་ཁེ་ན་ཌ་དང་དབྱིན་ཡུལ་སོགས་རྒྱལ་ཁབ་ཁག་ཅིག་གིས་འཚོགས་ལ་ཉེ་བའི་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཐོག་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པ་ཡོངས་གྲགས་གནང་དོན་བཞིན་ཡུ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་ནས་དེ་དེ་བཞིན་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་ལྷག་དོན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མ་ཕྱིན་པའི་བར་དུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་ཁ་ཡ་བྱ་རྒྱུ་མེད་པ་མ་ཟད་གནད་དོན་དེའི་ཐོག་ཡུ་རོབ་མཐུན་ཚོགས་ནས་ཆིག་སྒྲིལ་གྱི་བཞེངས་ཕྱོགས་བརྟན་པོ་བཟུང་སྟེ་རྒྱ་གཞུང་གི་དཀའ་སྡུག་འོག་ཡོད་པའི་མི་རིགས་དག་ལ་རྒྱབ་སྐྱོར་གྱིས་བརྡ་ལན་ཤུགས་ཆེན་པོ་སྤྲོད་དགོས་པ་དང་དེ་ལྟར་མ་གནང་བ་དེས་རྒྱ་གཞུང་གི་ཚུལ་མིན་བྱ་སྤྱོད་དག་ལ་བཟོད་བསྲན་བྱས་པ་ལྟ་བུའི་བརྒྱུད་རྒྱ་ནག་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ཐོག་མུ་མཐུད་དམ་དྲག་སྔར་ལྷག་བྱ་ངེས་ཡིན་པ་མ་ཟད། དེས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཁྱད་གསོད་ཀྱིས་དེ་སྔ་ཁས་ལེན་བྱས་པའི་ཨོ་ལམ་པིལ་རྩེད་འགྲན་གྱི་ལྟ་གྲུབ་ཀྱི་སྙིང་སྟོབས་དང་རིན་ཐང་བཅས་ལ་བརྩི་མེད་རྡོག་རོལ་གཏོང་ངེས་ཡིན་པར་ནན་བརྗོད་གནང་འདུག ད་ཆ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་དངོས་སུ་འགོ་འཛུགས་བྱ་བར་ཉིན་གྲངས་བཅུ་ལས་མེད་པ་ལྟར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་མཚམས་སུ་ཁ་སང་བོད་མི་དང་ཧོང་ཀོང་ལས་འགུལ་བ་ཁག་གཅིག་ཨ་རི་ Colorado མངའ་སྡེའི་ Aspen ཁུལ་དུ་ཚོགས་པའི་ X Games རྩེད་འགྲན་ཚོགས་ཡུལ་ས་ཚིགས་སུ་ཆེད་བསྐྱོད་ཀྱིས་ཨོ་ལམ་པིཀ་རྩེད་འགྲན་པ་རྣམས་དང་ཐུག་འཕྲད་ཐོག་ནས་འགྲན་ཚོགས་ཐོག་ཕེབས་རྒྱུ་མེད་པའི་ཞུ་སྙན་ཕུལ་བ་མ་ཟད། རྩེད་འགྲན་ལ་མ་ཕེབས་པའི་གོང་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཇི་ཆགས་ཐད་ལ་ངེས་པར་དུ་རྒྱུས་ལོན་གནང་དགོས་སྐོར་ནན་སྐུལ་གནང་ཡོད།ཟླ་བ་འདིའི་ཚེས་ ༢༢ ཉིན་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སུད་སི་ Zurich གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་པེ་ཅིང་གི་ཨོ་ལམ་པིཀ་རྩེད་འགྲན་ལ་མཐུན་འགྱུར་བྱེད་མཁན་  Omega བཟོ་ཚོང་ཁང་གི་ཚོུད་ཀྱི་ཚོང་ཁང་མདུན་ངོས་སུ་མི་རིགས་རྩ་མེད་བཟོ་བའི་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་མེད་པའི་སྦྱར་ཡིག་ཁག་ཅིག་བཤམ་སྟོན་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་སྐར་མ་ཁ་ཤས་ནང་ཚུད་ལ་སྐོར་སྲུང་མི་སྣས་བོད་མི་ལས་འགུལ་བ་རྣམས་ཀྱི་ཕྱག་ནས་སྦྱར་ཡིག་དེ་དག་ཧོབ་འཕྲོག་བྱས་པ་དང་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་ཁག་རྒྱུས་ལོན་བྱས་ཏེ་ཁོང་རྣམས་ལ་དངུལ་ཆད་ཀྱང་བཏང་འདུག དེ་བཞིན་ཚེས་ ༢༡ ཉིན་འཇར་མ་ནིའི་རྒྱལ་ས་ Berlin ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ Tibet Initiative Deutschland ཞེས་ Germany ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་པེ་ཅིང་གི་ཨོ་ལམ་པིཀ་རྩེད་འགྲན་ལ་མཐུན་འགྱུར་བྱེད་མཁན་ Allianz བཟོ་ཚོང་ཁང་གི་ལས་ཁུངས་མདུན་དུ་ལས་འགུལ་བས་རང་ཉིད་ཀྱི་སྐེར་ལྕགས་ཐག་བརྒྱབ་ནས་མི་རིགས་རྩ་མེད་བཟོ་བའི་རྩེད་འགྲན་ལ་མཉམ་ལས་གནང་རྒྱུ་མེད་པའི་ངོ་རྒོལ་གནང་སྟེ་ང་ཚོས་བོད་རང་དབང་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པར་རྒྱབ་སྐྱོར་མ་གནང་རོགས་ཞེས་སྐད་འབོད་གནང་ཡོད།

བོད་མི་དང་ཡུ་གུར་བའི་རིགས་རྫས་ཆོག་མཆན་མེད་པར་སྤྱོད་པའི་ཉམས་ཞིབ་སྙན་ཐོ་ཞིག་ཕྱིར་འཐེན།

རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་ཁག་གཅིག་གིས་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་གཅིག་དང་ཟུང་འབྲེལ་ཐོག་འདོན་སྤེལ་བྱས་པའི་འགྲོ་མིའི་རིགས་རྒྱུད་བརྟག་དཔྱད་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོར་བོད་མི་དང་ཡུ་གུར་གཙོས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་སེར་ ༣༨༠༠༠ གྱི་ DNA འམ་རིགས་རྫས་ཆོག་མཆན་མེད་པར་བེད་སྤྱོད་བྱས་པའི་གནས་སྟངས་དབང་གིས་ད་ཆ་ཉམས་ཞིབ་སྙན་ཐོའི་ནང་འཁོད་པའི་བོད་མི་དང་ཡུ་གུར་བའི་སྐོར་གྱི་ཚན་པ་ཁག་ཕྱིར་འཐེན་བྱས་འདུགརྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་ཁག་གཅིག་ནས་ཕྱིའི་ཉམས་ཞིབ་པ་ཁག་དང་ཟུང་འབྲེལ་ཐོག་ཕྱོགས་སྒྲིག་བྱས་པའི་འགྲོ་བ་མིའི་རིགས་རྒྱུད་བརྟག་དཔྱད་དང་འབྲེལ་བའི་ཉམས་ཞིབ་སྙན་ཐོ་དེ་ཐོག་མར་ཕྱི་ལོ་ ༢༠༡༧ ལོར་འཇར་མ་ནིའི་ Springer ཞེས་པའི་ཚན་རིག་དུས་དེབ་པར་འགྲེམས་ཁང་ནས་ Human Genetics ཞེས་པའི་དུས་དེབ་ནང་ལ་འདོན་སྤེལ་བྱས་ཡོད་པ་དང་། ཕྱིས་སུ་ Belgium ཡི་ Leuven གཙུག་ལག་སློབ་གཉེར་ཁང་གི་སྐྱེ་དངོས་ཚན་རིག་གི་སློབ་དཔོན་ Yves Moreau ལགས་གཙོས་ཚན་རིག་མཁས་པ་ཁག་ཅིག་ནས་སྙན་ཐོའི་ནང་གསལ་བའི་བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་རིགས་རྫས་སྐོར་འཁོད་པ་དེ་དག་དོ་བདག་མི་སེར་ནས་ཆོག་མཆན་ཡོད་པའི་ཐོག་བེད་སྤྱོད་བྱས་པ་ཞིག་ཡིན་མིན་དང་ལྷག་པར་དུ་ཉམས་ཞིབ་སྙན་ཐོ་དེ་བྲིས་མཁན་ཁོངས་སུ་རྒྱ་ནག་གཞུང་གི་བདེ་འཇགས་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་སྟབས་སྙན་ཐོ་དེ་ཚད་ལྡན་ག་ཚོད་ཡིན་མིན་ཐད་ཞིབ་འཇུག་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད། ཁ་སང་གནད་དོན་དེ་དང་འབྲེལ་ Springer ཞེས་པའི་ཚན་རིག་དུས་དེབ་པར་འགྲེམས་ཁང་ནས་རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་རྣམས་ལ་སྙན་ཐོའི་ནང་གསལ་བའི་བོད་དང་ཡུ་གུར་བས་གཙོས་པའི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རིགས་རྫས་མཁོ་སྒྲུབ་གང་འདྲ་བྱས་ཡོད་མེད་སོགས་ཀྱི་ཐད་ལ་འདྲི་རྩད་བྱེད་བཞིན་པའི་སྐབས་ལན་འདེབས་ཁ་གསལ་གང་ཡང་བྱས་མེད་སྟབས། ད་ཆ་ཉམས་ཞིབ་སྙན་ཐོའི་ནང་གསལ་བའི་བོད་མི་དང་ཡུག་གུར་བའི་རིགས་རྫས་སྐོར་གྱི་ཚན་པ་ཁག་ཉེ་ཆར་ཕྱི་ཟླ་བཅུ་གཉིས་ཀྱི་ཟླ་མཇུག་ནས་ཕྱིར་འཐེར་བྱས་ཟིན་ཡོད་སྐོར་གསུངས་འདུག ཉམས་ཞིབ་ཀྱི་གྲུབ་དོན་དེ་ཕྱིན་འཐེན་གནང་བའི་རྗེས་སུ་གནད་དོན་དེའི་ཐོག་འདྲི་རྩད་གནང་མཁན་སློབ་དཔོན་ Yves Moreau ལགས་ནས་ཉམས་ཞིབ་ཀྱི་དུས་དེབ་པར་འགྲེམས་གནང་མཁན་ནས་ཉམས་ཞིབ་ཀྱི་ནང་དོན་ཁག་ལ་ཐོག་མ་ཉིད་ནས་དོ་སྣང་ནན་པོ་མ་གནང་བ་དེ་ནི་འཐུས་ཤོར་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་ནས་སྙན་ཐོ་དེར་དམིགས་བསལ་གྱི་དོན་སྣང་གནང་དོན་ནི་རྒྱལ་སྤྱིའི་ཐོག་མང་ཚོགས་ལ་ལྟ་སྲུང་བྱེད་མཁན་གྱི་གཞུང་གཙོ་བོ་དེ་རྒྱ་ནག་ཆགས་ཀྱི་ཡོད་སྟབས་རྣམ་ཀུན་ནས་རྒྱ་ནག་གིས་འདོན་སྤེལ་བྱས་པའི་སྙན་ཐོ་ཁག་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་ཅེས་གསུངས་འདུག དབྱིན་ཡུལ་ནང་ཡོད་པའི་ཁྲིམས་དང་ཞུ་སྐུལ་ལས་རིགས་ཐོག་ཕྱག་ལས་གནང་མཁན་ Samuel Pitchford ལགས་ནས་ ༢༠༡༧ ལོར་ཉམས་ཞིབ་སྙན་ཐོ་དེ་འདོན་སྤེལ་བྱས་པའི་དུས་སྐབས་དེ་ནི་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བའི་ DNA འམ་རིགས་རྫས་བཙན་དབང་ཐོག་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་བཏང་དུས་དང་གཅིག་མཚུངས་ཁེལ་གྱི་ཡོད་སྟབས། ཉམས་ཞིབ་ཀྱི་སྙན་ཐོའི་ནང་གསལ་བའི་བོད་མི་དང་ཡུ་གུར་བའི་རིགས་རྫས་དེ་དག་རྒྱ་ནག་གཞུང་དང་ལག་འབྲེལ་བྱས་ཏེ་བེད་སྤྱོད་ལོག་པར་བཏང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ཉམས་ཞིབ་དེ་ནི་ཉམས་ཞིབ་པའི་གཞི་རྩའི་རྩ་འཛིན་དང་འགལ་བ་ཙམ་མ་ཟད་མི་སེར་སྒེར་གྱི་འཕྲོད་བསྟེན་དང་འབྲེལ་བའི་གནས་ཚུལ་ལོག་སྤྱོད་བྱས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་རིགས་རྫས་བཙན་དབང་ཐོག་བསྡུ་རུབ་བྱེད་བཞིན་པ་མ་ཟད་ད་ལྟའི་གནད་དོན་འདིས་རྒྱ་ནག་ནང་ལ་མང་ཚོགས་སྒེར་སོ་སོའི་གནས་ཚུལ་སྲུང་སྐྱོབ་གནང་དབང་མེད་པ་གསལ་པོ་མཚོན་ཡོད་ཅེས་གསུངས་ཡོད། རྒྱལ་སྤྱིའི་དུས་དེབ་ནང་ནས་རྒྱ་ནག་གཞུང་དང་རྒྱ་ནག་གི་ཉམས་ཞིབ་པས་འདོན་སྤེལ་བྱས་པའི་ཉམས་ཞིབ་ཀྱི་གྲུབ་དོན་ཕྱིེར་འཐེན་བྱས་པ་ད་རེས་ཐེངས་པོ་མིན་པ་དང་སྔ་ལོའི་ཕྱི་ཟླ་བརྒྱད་པ་དང་བཅུ་གཅིག་ནང་ལ་རྒྱ་ནག་གིས་བྲིས་པའི་འཕྲོད་བསྟེན་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོ་ཁག་གཅིག་རྒྱལ་སྤྱིའི་འཕྲོད་བསྟེན་ཉམས་ཞིབ་ཀྱི་དུས་དེབ་དང་། Human Genetics ཞེས་པའི་དུས་དེབ་བཅས་ནས་ཕྱིར་འཐེན་བྱས་པའི་གནས་སྟངས་བྱུང་ཡོད། ད་རེས་སླར་ཡང་ Human Genetics ཞེས་པའི་ཉམས་ཞིབ་དུས་དེབ་ནང་ནས་ཕྱིར་འཐེན་བྱས་པའི་ཉམས་ཞིབ་ཀྱི་སྙན་ཐོ་དེ་བྲིས་མཁན་ཁོངས་སུ་ཕྱིའི་ཉམས་ཞིབ་པ་ཁག་གཅིག་ཡོད་པ་རྣམས་ཀྱིས་ Springer ཚན་རིག་དུས་དེབ་པར་འགྲེམས་ཁང་གི་ཐག་གཅོད་ལ་ངོས་བཞེས་གནང་འདུག་ཀྱང་རྒྱ་ནག་གི་ཉམས་ཞིབ་པས་ཐག་གཅོད་བྱས་ཁག་ལ་མོས་མཐུན་མེད་པའི་རྣམ་བསྟན་འདུག

ཧྥ་རན་སིའི་གྲོས་ཚོགས་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གྲོས་ཆོད་གཏན་འབེབས། 

ཁ་སང་ཧྥ་རན་སིའི་གྲོས་ཚོགས་འོག་མར་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་ཡོད་པ་ནི་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་ཀྱིས་གྲོས་ཆོད་གཏན་འབེབས་གནང་འདུག དེའང་ཧྥ་རན་སིའི་གྲོས་ཚོགས་ཀྱི་གྲོས་ཚོགས་འོག་མའི་གྲོས་ཆོད་དེ་བཞིན་ཁ་སང་རེས་གཟའ་ཕུར་བུའི་ཉིན་ཡུལ་དེའི་སྤྱི་ཚོགས་རིང་ལུགས་ཕྱོགས་འགལ་ཚོགས་པས་འདོན་གནང་བ་ཞིག་དང་། གྲོས་ཆོད་དེར་ངོ་རྒོལ་གནང་མཁན་གཅིག་མ་གཏོགས་གཞན་ཧྥ་རན་སིའི་སྲིད་འཛིན་ Emmanuel Macron ལགས་ཀྱི་སྤྱི་མཐུན་མདུན་སྐྱོད་ཚོགས་པ་གཙོས་པའི་ཁྱོན་གྲོས་ཚོགས་འཐུས་མི་ ༡༦༩ རྒྱབ་སྐྱོར་ཐོབ་འདུགཐེངས་འདིའི་གྲོས་ཆོད་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་གུར་བའི་ཐོག་ལ་ལག་བསྟར་བྱེད་བཞིན་པའི་དྲག་རྩུབ་ཆེ་བའི་སྤྱོད་ཚུལ་དེ་འགྲོ་བ་མིའི་རིགས་ལ་གནོད་འཚེ་དང་མི་རིགས་རྩ་མེད་བཟོ་བའི་ནག་ཉེས་ཆགས་ཡོད་པར་གཞུང་འབྲེལ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བྲིས་གནང་ཡོད་པ་དང་ད་དུང་ཧྥ་རན་སིའི་སྲིད་གཞུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་དེ་གའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་དགོས་ངེས་ཀྱི་ཐབས་ཤེས་གང་ཡོད་གནང་སྟེ་ཤིན་ཅང་ས་གནས་ཀྱི་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག གྲོས་ཆོད་གྲོས་འཆར་འདོན་མཁན་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་དབུ་ཁྲིད་གྲོས་ཚོགས་འཐུས་མི་སྐུ་ཞབས་ Oliver Faure ལགས་ཀྱིས་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཞིང་ང་ཚོས་རྒྱ་རིགས་མི་མང་ལ་དགའ་ཞེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ང་ཚོས་རྒྱ་ནག་དམར་ཤོག་སྲིད་གཞུང་ལྟ་བུའི་འདོད་རྔམ་ལ་བརྟེན་ཏེ་འཛེམ་ཟོན་མེད་པར་རང་ཉིད་ཀྱི་མི་རིགས་རྩ་མེད་བཟོ་མཁན་སྲིད་གཞུང་གི་འཁྱོགས་བཤད་དྲིལ་བསྒྲགས་ལ་རྩ་བ་ཉིད་ནས་མགོ་སྒུར་རྒྱུ་མིན་ཞེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་མནར་གཅོད་མྱོང་མཁན་ཡུ་གུར་བ་ཚོས་ཧྥ་རན་སིའི་ གྲོས་ཚོགས་ལ་མཁོ་འདོན་གནང་བའི་དཔང་པོའི་ཞུ་ཚིག་དེ་ཚོའང་རེ་རེ་བཞིན་འགྲེལ་བརྗོད་གནང་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་རྙིང་གཉིས་ཀས་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བ་ནི་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་གྲོས་ཆོད་བཞག་པའི་རྗེས་སུ་འདས་ལོའི་ཕྱི་ཟླ་ ༢ ནང་ཁེ་ན་ཌས་ཀྱང་རྒྱ་གཞུང་གིས་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་གནང་བ་ནི་ཨ་རི་གཞུང་གིས་དེ་ལྟར་ངོས་འཛིན་གནང་བའི་རྗེས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། དེ་རྗེས་སླར་ཡང་ནི་ཐར་ལནཌིའི་གྲོས་ཚོགས་ནས་ཀྱང་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཏང་བར་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།

ལྕམ་ Roberta Metsola མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ལྕམ་ Roberta Metsola མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཁོང་གི་ལས་དོན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་མཛད་འདུག དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལྕམ་ Metsola མཆོག་གིས་མཚན་ཐོག་ལ་ཕྱག་བྲིས་ཤིག་སྩལ་བའི་ནང་དུ། ལྕམ་སྐུ་ཁོང་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ། མགོན་པོ་མཆོག་དེ་སྔ་ཡུ་རོབ་གྲོས་ཚོགས་ནང་དུ་ཆིབས་བསྒྱུར་མཛད་པ་ཐུགས་དྲན་གསོ་དང་སྦྲགས། ཡུ་རོབ་གྲོས་ཚོགས་ནས་མགོན་པོ་གང་ཉིད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་མཛད་འདུགལྷག་པར་དུ་༸གོང་ས་མཆོག་གིས། རང་ལོ་ ༤༣ ཡིན་པའི་ལྕམ་Roberta Metsola ཁོང་ད་བར་གྱི་ཚོགས་གཙོ་སྐུ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་པ་དང་ཡུ་རོབ་གྲོས་ཚོགས་ཀྱི་བུད་མེད་ཚོགས་གཙོ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་འབྲེལ། གོང་ས་མཆོག་གང་ཉིད་ཀྱི་ངོས་ནས་སྐྱེས་པ་ཚོ་དང་བསྡུར་ན་བུད་མེད་རྣམས་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་དང་སེམས་ཁུར་ལེན་རྒྱུའི་ནུས་པ་ཆེ་བ་ཡོད་པར་བརྟེན་ཞི་བའི་ཐོག་ནས་འཛམ་གླིང་སྣེ་ཁྲིད་ཐུབ་རྒྱུར་བུད་མེད་རྣམས་ལེགས་པོ་ཡོད་པར་ངོས་འཛིན་མཛད་ཀྱི་ཡོད་པ་བཀའ་གནང་འདུག དེ་བཞིན་གོང་ས་མཆོག་གིས་གང་ཉིད་ནི་དུས་རྟགས་ཏུ་ཕན་ཚུན་བསམ་ཤེས་དང་། མཉམ་འབྲེལ། རྒྱལ་ཁབ་ཕན་ཚུན་གུས་བརྩི་ཞུ་དགོས་པར་ཡིད་ཆེད་མཛད་མཁན་ཞིག་ཡིན་པའི་ཆ་ནས། ཡུ་རོབ་མཐུན་ཚོགས་འདི་བཞིན་ཞི་བདེ་མཉམ་གནས་དང་མཉམ་ལས་ཀྱི་དཔེ་མཚོན་བཟང་ཤོས་དེ་ཡིན་སྐོར་ནན་བརྗོད་དང་སྦྲགས། དཀའ་རྙོག་གིས་ཁེངས་བའི་འཛམ་གླིང་འདིའི་ཁྲོད་ཕུགས་རྒྱང་རིང་པོའི་བསམ་བློ་ཡོད་མཁན་གྱི་འགོ་ཁྲིད་ཧ་ཅང་མཁོ་བའི་སྐབས་འདིར། མགོན་པོ་གང་ཉིད་མཆོག་ནས་འགྲོ་བ་མིའི་རིགས་ཀྱི་རྙོག་གླེང་ཡོངས་རྫོགས་དོན་དམ་གྱི་གྲོས་མོལ་དང་འཆམ་མཐུན་གྱི་བསམ་བློའི་ཐོག་ནས་སེལ་ཐུབ་རྒྱུ་ཡིན་པར་ངོས་འཛིན་མུ་མཐུད་མཛད་བཞིན་ཡོད་པ་བཀའ་གནང་སྟེ། གང་ཉིད་ཀྱིས་དེ་སྔ་ཕྱི་ལོ་ ༡༩༨༨ ལོར་ཆོད་སེམས་དེ་ག་རང་གི་ཐོག་ནས་ཡུ་རོབ་གྲོས་ཚོགས་ནང་དུ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་དགོངས་འཆར་ཕུལ་ཡོད་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་། ཕྱོགས་ཚང་མར་འདོད་བློ་ཁེངས་བའི་ཁེ་ཕན་ཞིག་ཡོད་ན་མ་གཏོགས་དོན་དམ་གྱི་གྲོས་མཐུན་ཡོང་ཤེས་ཐབས་མེད་པའི་དགོངས་གཞི་གཙོར་བཟུང་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་གླེང་སྟེགས་དེ་ཆེད་མངགས་བདམས་གནང་ཡོད་པར་བཀའ་མཛད་འདུག

Latest news