Tibetan Royal Year of 2151 | Year of the Wood Dragon

audio english

རེས་གཟའ་ཉི་མ། ༢༠༢༤།༠༣།༡༠

རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་ནན་བརྗོད། རྡ་ས་གཙོས་བོད་མི་གནས་སྡོད་གང་སར་ངོ་རྒོལ་སྐད་འབོད་སོགས་ཀྱི་ལམ་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུས་སོང་། རྒྱ་ནག་གིས་བོད་ནང་མི་རིགས་སྡེབས་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་དང་འབྲེལ་བོད་དོན་སླད་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་སོང་། རང་སྲུང་དྲག་རྩལ་བ་བསྟན་འཛིན་པདྨས་བོད་ཀྱི་རྒྱལ་དར་ཕྱར་ཏེ་བོད་མིའི་ངོ་ཚབ་མཚོན་ཐུབ་པར་སྤོབས་སེམས་ལྡན་ཡོད་ཅེས་གསུངས་སོང་། https://www.youtube.com/watch?v=LnpJ7_0KQTU Sunday 10/03/2024 The PRC regulations and policy in Tibet contravenes very foundation and principles of the Chinese Constitution and Law: CTA on 65th Uprising day Exile Tibetans mark 65th National Uprising day with protest rallies worldwide Visiting Australian and German MPs slam ’Genocide’ in Tibet, pledge continued support to Tibet Tibetan woman participates in India’s premier mixed martial art

རེས་གཟའ་སྤེན་པ། ༢༠༢༤།༠༣།༠༩

ང་དགུའི་ལོ་རྒྱུས་དྲན་གསོ་དང་བཙན་བྱོལ་ནང་གི་བོད་མིའི་མི་རབས་དང་པོ་རྗེས་དྲན་ཞུས་པ། https://www.youtube.com/watch?v=ECBQyv-ebfI&t=2976s Saturday 09/03/2024 Honoring 65 Years of Tibetan resistance: Homage to first generation Tibetans in exile

རེས་གཟའ་པ་སངས། ༢༠༢༤།༠༣།༠༨

གོང་ས་མཆོག་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དབར་བྱམས་བརྩེའི་སྐོར་མཇལ་མོལ་མཛད་པ། སྡེ་དགེ་ནང་དུ་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་དང་བོད་མིའི་མངོན་འདོད་ལ་བརྩི་བཀུར་ཞུ་དགོས། ལྷ་སར་དྲག་པོའི་བཀག་རྒྱ་བཏང་སྟེ་ལོ་ངོ་ ༣༥ འཁོར་བར་གཞུང་འབྲེལ་མཆོད་འབུལ། སུད་སིའི་འོས་བསྡུ་གྲུབ་པ་དང་བསྟུན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ། འཕགས་བོད་ས་མཚམས་སུ་དམག་མི་ཆིག་ཁྲི་ལྷག་འཕར་མ་འགྲེམས་འཇོག་བྱས་འདུག རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི། Friday 08/03/2024 Dalai Lama interacts with Nobel Peace Laureates on Compassion and Love CTA urges PRC to immediately release all Tibetans detained in Derge protests and respect rights & aspirations of Tibetans Tibetans hold prayer vigil to commemorate 35th anniversary of China’s brutal crackdown on peaceful protesters in Tibet Swiss Parliamentary Group for Tibet re-established after elections India frees up 10,000 more soldiers to guard border with China Tibetans observe ‘International Women’s Day’, highlighting importance of ‘inclusion and diversity’

རེས་གཟའ་ཕུར་བུ། ༢༠༢༤།༠༣།༠༧

རྒྱལ་སྤྱིའི་གྲོང་སྡེ་ཆེ་ཁག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་པ། བོད་ནང་ཆབ་སྲིད་ཀྱི་དོན་རྐྱེན་གང་ཡང་བྱུང་མེད་པའི་རྫུན་བཤད། རྒྱ་གཞུང་ནས་བོད་དང་ཤིན་ཅང་གི་གནད་དོན་ཐོག་བཀལ་བའི་ཉེས་འཛུགས་ལ་སྐྱོན་བརྗོད། མེག་གྷན་བདེ་ལེགས་སྨན་ཁང་གི་ཡན་ལག་ཏུ་བརྟག་དཔྱད་ཚན་པ་གསར་འཛུགས། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་གསར་བསྡུའི་གསལ་བསྒྲགས། Thursday 07/03/2024 Cities and counties worldwide prepare to raise Tibetan flag ahead of 65th ‘Uprising Day’ 'No serious mass political incidents' in Tibet last year, claims China senior official China refutes ‘lies’ regarding Xinjiang and Tibet post UN Chief’s remarks Delek hospital opens new community diagnostic center in Mcleodganj CTA invites application for volunteering services in Tibetan community

རེས་གཟའ་ལྷག་པ། ༢༠༢༤།༠༣།༠༦

༸གོང་ས་མཆོག་གིས་སྔགས་རམས་དགེ་བཤེས་མ་བཅུ་ལ་མཇལ་ཁ་སྩལ་བ། གྲོང་ཁྱེར་སྦེང་ལོར་ནས་མེ་སོར་བར་ཞི་བའི་གོམ་བགྲོད་དབུ་འཛུགས། དབྱིན་ཡུལ་གྱི་ Greenwich གྲོང་སྡེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས། ཕྱི་ལོ་ ༢༠༢༤༌༢༥ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གསལ་བསྒྲགས། ཐེ་ཝན་ནང་ ༢༢༨ དོན་རྐྱེན་བྱུང་ནས་ལོ་ངོ་ ༧༧ འཁོར་བར་གདུང་སེམས་མཉམ་བསྐྱེད། ཨ་རུ་ན་ཅལ་མཐའ་མཚམས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱ་འཆར། Wednesday 06/03/2024 Dalai Lama grants audience to ‘Ngagram Geshemas’ and English cricketers Tibetan women in South India begin peace march from Bengaluru to Mysuru Harvard affiliates hold vigil for victims of 228 massacre in Taiwan English Town Hall raises Tibet Flag in show of support and solidarity with the Tibetan people Rs.60 billion allocated for strategic highway along China border Gaden Phodrang Foundation announces Dalai Lama Graduate Scholarship

རེས་གཟའ་མིག་དམར། ༢༠༢༤།༠༣།༠༥

ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་གིས་སྡེ་དགེ་མང་ཚོགས་ལ་ཐུགས་སྨོན་མཛད་འདུག མགོན་པོ་སྐྱིད་ལགས་ཀྱིས་སླར་ཡར་ཁོང་གི་གཅུང་པོ་རྡོ་རྗེ་བཀྲིས་ལགས་ལ་དྲངས་བདེན་ཁྲིམས་བཤེར་དགོས་པའི་ཞུ་འབོད། རྒྱ་གཞུང་ལ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད། རྒྱ་གཞུང་གིས་སྲིད་བློན་གྱི་ལོ་འཁོར་གསར་འགོད་ལྷན་ཚོགས་ཕྱིར་འཐེན། རྒྱ་ནག་གི་འགོ་ཁྲིད་ཁྲོད་བོད་མིའི་སྐུ་ཚབ་ཆེས་ཉུང་ཤས་ལས་མེད་པར་མངོན་གསལ། ཐེ་ཝན་དང་རྒྱ་གར་གཉིས་ནི་རྒྱ་ནག་གིས་གང་འདོད་བྱ་ཡུལ་ཞིག་མིན་པ་གསུངས་འདུག ཨ་ལ་ལ་མོ་གླུ་གཞས་ལས་རིམ། ངག་དབང་གསང་འགྲོལ་ལགས་དང་གྲྭ་བཞིའི་བེུད་ཆབ་སྲིད་པའི་གླུ་གཞས། Tuesday 05/03/2024 Sakya Trichen offers prayers for Tibetans in Dege amidst China crackdown Gonpo Kyi takes to street once more, pleads release of her brother from ‘wrongful sentence’ UN rights chief says China committing violations in Xinjiang, Tibet China's National People's Congress Starts In Beijing, Premier’s news conference scrapped New report says Tibetans lack representation in China’s leadership Taiwan and India are not China's puppets: Taiwan Songs of sadness from Drapchi

རེས་གཟའ་ཟླ་བ། ༢༠༢༤།༠༣།༠༤

བོད་པའི་ཁྱིམ་ཚང་ཞིག་ལ་ཁེ་ན་ཌའི་ཆེས་མཐོའི་གཟེངས་རྟགས་ཕུལ་འདུག ཛུ་རིག་ནས་ཇི་ནི་ཝ་བར་ཞི་བའི་གོམ་བགྲོད་བརྒྱུད་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་ཞུ་སྐུལ། ཁམས་སྡེ་དགེའི་དོན་རྐྱེན་དང་འབྲེལ་དྲ་ཐོག་གོ་རྟོག་གི་ལས་འགུལ་སྤེལ་བ། བོད་ཀྱི་བེུད་རྐང་སྤོལ་རུ་ཁག་CONIFA འཛམ་གླིང་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་གཏན་ཁེལ་བ། Monday 04/03/2024 Canada's governor general awards meritorious service cross to a Tibetan family Tibetan activist begins peace march from Zurich to Geneva Tibetans continue to protest China’s dam construction and forced relocation in Derge, Tibet Tibetan women’s national football team to participate in 2024 Conifa World Cup in Norway

རེས་གཟའ་ཉི་མ། ༢༠༢༤།༠༣།༠༣

གཞས་པ་བློ་ཚེ་བརྟན་ལགས་དང་ཁོང་གིས་ཀྲེབ་ཐག་ནང་འདོན་སྤེལ་གནང་བའི་གླུ་གཞས། https://www.youtube.com/watch?v=L7eSOWPfECc&t=396s Sunday 03/03/2024 Tibetan singer Lotseten and his evergreen songs

རེས་ས་སྤེན་པ། ༢༠༢༤།༠༣།༠༢

འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ། Saturday 02/03/2024 China’s dam projects in Tibet: Social and environmental impact

Latest news