Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16754 POSTS
0 COMMENTS

རེས་གཟའ་ཟླ་བ། ༢༠༡༤།༡༡།༠༣

༸གོང་ས་མཆོག་གིས་རྒྱ་རིགས་ཁག་ཅིག་ལ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་སྩལ་འདུག སྲིད་སྐྱོང་མཆོག་གིས་ རང་ཝང་ལར་ཤེས་ཡོན་གྱི་གལ་གནད་སྐོར་གསུང་བཤད་གནང་བ། ཨེཊ་ལེན་ཊ་ ནང་དུ་བོད་ཀྱི་དུས་སྟོན་ཐེངས་བདུན་པ་ཚོགས་པ། བཞུགས་སྒར་དུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཞེས་པའི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་གློག་བརྙན་བརྒྱུད་གཞོན་སྐྱེས་ཚོའི་སྒྱུ་རྩལ་གོང་འཕེལ་གཏོང་ཐུབ་པའི་ཐུགས་རེ་ཡོད་པ་གསུངས་འདུག Monday 03/11/2014 Dalai Lama teaches Nagarjuna's Commentary on Bodhicitta to Chinese devotees in NY Sikyong talks on importance...

རེས་གཟའ་ཉི་མ། ༢༠༡༤།༡༡།༠༢

འདས་པའི་བདུན་ཕྲག་གཅིག་གི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། གེ་སར་སྒྲུང་མཁན་གྱི་སྒྲུང་ཞེས་པའི་གློག་བརྙན་བཟོ་སྐྲུན་པ་དང་བཅར་འདྲི། Sunday 02/11/2014 News Review A Gesar Bard’s Tale: Interview with the Director ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་སྤེན་པ། ༢༠༡༤།༡༡།༠༡

༸གོང་ས་མཆོག་གིས་ཁོར་ཡུག་གི་དཀའ་ངལ་དེ་ནི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཚང་མའི་མ་འོངས་པ་དང་འབྲེལ་བ་ཡོད་པ་བཀའ་སྩལ་འདུག དོལ་རྒྱལ་རྗེས་འབྲངས་པ་ངོ་རྒོལ་བྱེད་མཁན་ཚོས་བོད་ཀྱི་གནད་དོན་སྤྱི་ལ་གནོད་སྐྱོན་བཟོས་ཡོད་པ་གསུངས་འདུག སྦོཤ་ འཇར་མན་བཟོ་ལས་ཁང་ནས་རྒྱ་ནག་གི་ཚོང་འགྲེམས་དུས་སྟོན་ཐོག་འགྲེམས་སྤེལ་བྱ་རྒྱུའི་བདེ་འཇགས་ལྟ་སྲུང་ཟེར་བའི་ཡོ་བྱད་ཁག་མངོན་གསལ་དགོས་པའི་རེ་འབོད། སྲིང་སྐྱོང་མཆོག་སྒང་ཏོག་དང་རང་ཝང་ལ་ཁུལ་དུ་ཕྱོགས་ཕེབས་གནང་རྒྱུ། དབྱིན་ཡུལ་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལོ་འཁོར་ཚོགས་འདུ་ཚོགས་བཞིན་པ། དམིགས་བསལ་གསུང་ཆོས་ལེ་ཚན། ༸གོང་ས་མཆོག་གིས་བཞུགས་སྒར་དུ་སྨན་བླའི་རྗེས་གནང་སྐབས་སྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མའི་འཕྲོ། Saturday 01/11/2014 Environment issue, a question of 7 billion people’s future: Dalai Lama Shugden demonstrations causing damage to...

རེས་གཟའ་པ་སངས། ༢༠༡༤།༡༠།༣༡

༧གོང་ས་མཆོག་ནས་བྷོ་སི་ཊོན་ནང་གི་མཛད་འཆར་དབུ་འཛུགས་བསྐྱངས་གནང་འདུག ཨ་རིའི་སྲིད་འཛིན་མཆོག་ནས་ཆབ་སྲིད་བཙོན་པ་དག་གློད་གྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ། བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུ་མིན་སྐོར་བརྗོད་འདུག བཞུགས་སྒར་དུ་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གསུམ་པ་དབུ་འཛུགས་གནང་། དམིགས་བསལ་ལེ་ཚན། བཀྲ་ཤིས་གཞོན་སྐྱེས་ཚོགས་པས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར་གླེང་བ། Friday 31/10/2014 Dalai Lama begins Boston visit Nine NGOs urge Obama for tough approach on China...

རེས་གཟའ་ཕུར་བུ། ༢༠༡༤།༡༠།༣༠

ཊོ་རོན་ཊོ་ གྲོང་ཁྱེར་གྱི་ཤེས་ཡོན་ལྷན་ཚོགས་ནས་རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་དང་འབྲེལ་བ་བཅད་འདུག ༸གོང་ས་མཆོག་གིས་སྙིང་རྗེའི་ཀུན་སློང་ཐོག་ནས་གཞན་ཕན་སྒྲུབ་དགོས་པ་བཀའ་སྩལ་འདུག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྒྲོན་གྱི་བཀའ་ཆོས་གནང་མུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡོ་རོབ་རྒྱལ་ཁབ་ལྔ་ནང་བསྐོར་བསྐྱོད། སཔེན་ ནང་ལྷག་དཀར་སྲུང་བརྩི་བརྒྱུད་བོད་དོན་རྒྱབ་སྐྱོར་འཚོལ་བའི་ལས་འགུལ། སྲིད་སྐྱོང་མཆོག་ནས་ཡོ་རོབ་ལྷན་ཚོགས་ཀྱི་ཚོགས་གཞོན་གསར་པར་འཚམས་འདྲི་གནང་བ། Thursday 30/10/2014 TDSB votes to officially cut ties with Confucius Institute We need to be motivated by love...

རེས་གཟའ་ལྷག་པ། ༢༠༡༤།༡༠།༢༩

༸གོང་ས་མཆོག་གིས་མི་གཞན་ཕན་ཚུན་དབར་ལ་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་སྐོར་ལ་བཀའ་སློབ་སྩལ་བ། མཚོ་སྔོན་ཁུལ་དུ་ཁ་བྲལ་གྱི་མིང་བཏགས་ནས་ཐག་གཅོད་ནོར་བ་མང་པོ་བྱས་ཡོད་པ་ཁས་ལེན། རྒྱ་གར་བྱང་ཤར་མངའ་ཁུལ་གྱི་བོད་ཀྱི་བེུད་ཁག་ཅིག་ལ་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་དང་པོ་གནང་ཡོད་པ། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་གཙོས་བལ་ཡུལ་གཞུང་ལ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོར་ཁ་གཏད་གཅོག་དགོས་པའི་འབོད་སྐུལ། ནིའུ་ཡོག་ ནང་དུ་བླ་མའི་ཡང་སྲིད་སྐོར་དང་འབྲེལ་བའི་གཏམ་བརྗོད་གཟིགས་འབུལ། དམིགས་བསལ་༸གོང་ས་མཆོག་གི་བཀའ་སློབ་ལེ་ཚན་ནང་། ༸གང་ཉིད་ཀྱི་ལ་དྭགས་མཚན་ཉིད་སློབ་གྲྭར་སྩལ་བའི་བཀའ་སློབ་སྔ་མའི་འཕྲོ། Wednesday 29/10/2014 Dalai Lama speaks on ‘Oneness of Humanity’ at Princeton University Qinghai anti-graft report confirms unlawful convictions...

རེས་གཟའ་མིག་དམར། ༢༠༡༤།༡༠།༢༨

༸གོང་ས་མཆོག་གིས་ཕྱི་ནང་གི་བོད་མི་གཞོན་སྐྱེས་ཚོས་ཤེས་ཡོན་ཐོག་དོན་གཉེར་དགོས་པའི་བཀའ་སྩལ་འདུག ཀརྨ་པ་རིན་པོ་ཆེ་ཚོགས་མགོན་དུ་དབུ་བཞུགས་ Sahitya ལྟེ་གནས་ཁང་དབུ་བརྙེས་ནས་ལོ་༦༠འཁོར་བའི་མཛད་སྒོ་ཚོགས་འདུག སེར་རྟ་རྫོང་གི་འབྲོག་པ་རྣམས་ལ་སྡོད་ཁང་དཀའ་ངལ་འཕྲད་བཞིན་པའི་སྐོར། རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཉིན་མོར་པཎ་ཆེན་རིན་པོ་མཆོག་གར་སོང་མེད་དང་བོད་ནང་གི་ཆོས་དད་རང་དབང་དྲན་སྐུལ་ཞུས་པ། ཧོང་ཀོང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་སྒྱུ་སྩལ་བ་ཁག་ཅིག་ལ་རྒྱ་གཞུང་གིས་དམ་བསྒྲགས་བྱ་རྒྱུ། ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཀྱི་ཐ་སྙད་གསར་པའི་འགྲན་ཚོགས་ཤིག་གོ་སྒྲིག་གནང་འཆར། དམིགས་བསལ་གླུ་གཞས་ལེ་ཚན། གཞས་པ་ཚེ་རིང་འགྱུར་མེད་ལགས་ཀྱིས་བླངས་པའི་སྙིང་རྗེ་མོ། Tuesday 28/10/2014 Dalai Lama meets with Tibetans in Alabama, talks on importance of education Karmapa Rinpoche...

རེས་གཟའ་ཟླ་བ། ༢༠༡༤།༡༠།༢༧

༸གོང་ས་མཆོག་གིས་ཕྱི་རྣམ་པ་ལས་ནང་སེམས་རྒྱུད་ལ་དོ་སྣང་ཆེ་བ་གནང་དགོས་གལ་ཡིན་པ་བཀའ་སྩལ་འདུག བཞུགས་སྒར་དུ་བོད་ཀྱི་བདེ་རྩ་ཚོགས་པ་དབུ་བརྙེས་ནས་ལོ་༡༠འཁོར་བའི་དུས་དྲན་སྲུང་བརྩི། རྒྱ་གཞུང་གིས་ ཊོ་རོན་ཊོ་ སློབ་གྲྭ་ཁག་གི་ནང་དུ་ཁུང་ཙི་སློབ་གཉེར་ཁང་འཛུགས་རྒྱུའི་ལས་གཞི་ཕྱིར་འཐེན། བོད་ཀྱི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཨང་དང་པོ་དེ་ A game to remember ཞེས་པ་ལ་ཐོབ་པ། དམིགས་བསལ་ལེ་ཚན། བོད་དང་མིང་རྒྱལ་རབས་སྐོར་སྔ་མའི་འཕྲོ། Monday 27/10/2014 Dalai Lama speaks on Secular Ethics in our time...

Latest news

- Advertisement -spot_img