Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16719 POSTS
0 COMMENTS

རེས་གཟའ་ཟླ་བའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༡༩

༸གོང་ས་མཆོག་གིས་ཞི་བདེ་དང་བྱམས་བརྩེའི་སྐོར་ལ་བཀའ་སློབ་བསྩལ་འདུག སྦི་རིསི་སྦེན་ བོད་ཀྱི་དུས་སྟོན་ཐེངས་བདུན་པ་དབུ་འཛུགས་གནང་འདུག བོད་དོན་གློག་བརྙན་གཅིག་ལ་རྒྱ་རིགས་མང་ཚོགས་ཀྱི་མངོན་གསལ་མེད་པའི་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག རྒྱ་གཞུང་གིས་དྲ་ཐོག་གནས་ཚུལ་ཐེར་འབུམ་གཅིག་ཕྱིར་བཏོན་བྱས་ཡོད་པ་དེ་ཁྲིམས་འགལ་ཡིན་པ་གསུངས་འདུག རྒྱ་རིགས་སློབ་མ་ཁག་ཅིག་ནས་ཐེ་ལྦན་ནང་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གོ་སྒྲིག་གནང་འདུག Monday 19/01/2015 Dalai Lama visits Baha'i Lotus Temple, calls on Lieutenant Governor of Delhi Brisbane Tibet Festival kicks off today Film on a Tibetan...

རེས་གཟའ་ཉི་མ། ༢༠༡༥།༠༡།༡༨

འདས་པའི་བདུན་ཕྲག་གཅིག་ནང་གི་བོད་དོན་དང་འབྲེལ་བའི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 18/01/2015 Week Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༡༧

ཀླུ་ཆུ་རྫོང་སྲིད་གཞུང་ནས་མང་ཚོགས་ཀྱི་ཞུ་འབོད་ལས་འགུལ་མཚམས་འཇོག་བྱེད་བཅུག་འདུག ཞི་ཅིང་ཕིང་གི་འགོ་ཁྲིད་འོག་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྲིམས་རྩོད་པ་ལའང་སྔར་ལྷག་དམ་དྲག་བྱུང་ཡོད་སྐོར་གསུངས་འདུག རྒྱལ་ཁབ་འདྲ་མིན་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་བཞིན་པ། སྲིད་སྐྱོང་མཆོག་ནས་རྒྱ་གར་གྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་འདུག བོད་ཀྱི་ཆོས་བརྒྱུད་ཕན་ཚུན་དབར་དད་དམ་ཆིག་སྒྲིལ་གོང་འཕེལ་གཏོང་རྒྱུའི་ཚོགས་འདུ་འཚོགས་འཆར། བྱེས་ཀྱི་ཀིརྟི་དགེ་རྩ་ཚོགས་པས་རྒྱ་གར་དབུལ་ཕོངས་ཁག་ཅིག་ལ་ཉལ་ཆས་སྦྱིན་གཏོང་གནང་འདུག བོད་ནང་ནོར་གྱི་ལྕི་བ་འབུད་རྫས་བྱེད་བཞིན་པ་དེས་འཕྲོད་བསྟེན་ལ་གནོད་ངན་ཡོད་པ་གསུངས་འདུག བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་སྐོར་གླེང་འདུག དམིགས་བསལ་ལེ་ཚན། གོང་ས་མཆོག་གིས་སྨན་བླའི་རྗེས་གནང་སྐབས་བསྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མའི་འཕྲོ་ནས། Saturday 17/01/2015 Tibetans lament no action from authorities over Luchu exam scandal Crackdown on rights lawyer escalated since Xi Jinping came to power Shine a light...

རེས་གཟའ་པ་སངས་ཀྱི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༡།༡༦

སྲིད་དོན་བཙོན་པ་གློད་བཀྲོལ་བཏང་ཡང་ཐག་རིང་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་འདུག བོད་མི་ཁྱིམ་ཚང་བཞི་ནས་རྒྱལ་ཚོགས་ལ་ཞུ་གཏུགས་གནང་བ། སྲིད་སྐྱོང་མཆོག་ནས་ལྡི་ལིར་ལག་ཤེས་འགྲེམས་སྟོན་ཞིག་ཏུ་གསུང་བཤད་གནང་འདུག ༸གོང་ས་མཆོག་ཨ་རི་དང་སུད་སི་སོགས་སུ་ཆིབས་སྒྱུར་བསྐྱང་འཆར་འདུག གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་ཟླ་བ་རིན་ཆེན་ལགས་ཀྱིས་འདོན་སྤེལ་གནང་བའི་ཕྱག་དེབ་གསར་པའི་སྐོར་བཅར་འདྲི། Friday 16/01/2015 Tibetan youth released but barred from traveling 4 Tibetan families submit petition to UN rights Chief, holds protest for Tibet Sikyong addresses Annual Craft Art...

རེས་གཟའ་ཕུར་བུ། ༢༠༡༥།༠༡།༡༥

རྒྱ་རིགས་མང་ཚོགས་ལ་དབུ་མའི་ལམ་སྐོར་ཤེས་རྟོགས་ཡོང་བ་བཟོ་རྒྱུ་ནི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་གསུངས་འདུག རྒྱ་རིགས་མཁས་པ་ཀྲུ་ཡུག་ཀུང་ནས་ཁོང་གི་སྐྱེས་སྐར་གྱི་རེ་འདོད་མང་གཙོ་ཡིན་གསུངས་འདུག རྒྱ་གར་རྐང་འཁོར་སྐོར་བསྐྱོད་པ་སན་རྡེ་ཤེ་ལགས་ཨ་མ་ར་ཝ་ཏིར་འབྱོར་བ། འོད་ཟེར་བཟའ་ཚང་གཉིས་ཀྱིས་བྲིས་པའི་དེབ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག། དབྱིན་ཡུལ་ནང་ལྷག་དཀར་དང་བསྟུན་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ། འཕྲོད་བསྟེན་དང་འབྲེལ་བའི་དམིགས་བསལ་ལེ་ཚན་ནང་རིམས་སྲུང་རིལ་བུ་ངོ་སྤྲོད། Thursday 15/01/2015 Educating Chinese people on Middle Way approach very important: DIIR Secretary Prominent Chinese scholar says his dream is to see a Democratic China Lone Indian...

རེས་གཟའ་ལྷག་པ། ༢༠༡༥།༠༡།༡༤

༸གོང་ས་མཆོག་གིས་ཤེས་ཡོན་སྦྱོང་སྐབས་བློ་ཕྱོགས་ལྷུང་མེད་པ་དགོས་སྐོར་བཀའ་སློབ་བསྩལ་འདུག བདེ་སྲུང་ལས་ཁུངས་ནས་དོགས་གཞི་ཅན་གྱི་ཅ་དངོས་དེ་འབར་རྫས་མིན་པ་གསུངས་འདུག ཞི་ཅིང་ཕིང་སྲིད་འཛིན་ཆགས་རྗེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་སོང་ཡོད་པ་བརྗོད་འདུག དབུ་མའི་ལམ་ངོ་སྤྲོད་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ། བོད་མི་ཚོས་ས་གནས་ཡུལ་མི་ལྷན་མ་ཀར་སན་ཀརན་ཏིའི་དུས་ཆེན་སྲུང་བརྩི་ཞུས་འདུག ༸གོང་ས་མཆོག་གི་བཀའ་སློབ་ཅེས་པའི་དམིགས་བསལ་ལེ་ཚན་ནང་། མགོན་པོ་༸གང་ཉིད་མཆོག་ནས་ལ་དྭགས་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ་སྔ་མའི་འཕྲོ། ྭྭWednesday 14/01/2015 Dalai Lama speaks on the meaning and purpose of education Security Department calls for calm, says suspicious object found not a Bomb Human rights...

རེས་གཟའ་མིག་དམར། ༢༠༡༥།༠༡།༡༣

༧གོང་ས་མཆོག་གིས་རྒྱ་གར་མང་ཚོགས་ནས་རང་གི་གནའ་བོའི་རིག་གཞུང་དེ་ཁྱིམ་མཚེས་ཀུན་ལ་སློབ་སྟོན་གནང་དགོས་གལ་ཡིན་པའི་བཀའ་སློབ་བསྩལ་འདུག རྒྱ་རིགས་ལས་བྱེད་པས་བོད་སྐད་སྦྱོང་རྒྱུའི་ཐད་ཁྲིམས་དང་སྒྲིག་གཞི་ལྟར་ལག་བསྟར་དགོས་གལ་ཡིན་པ་གསུངས་འདུག རྒྱ་གཞུང་གིས་བཙོན་པ་ཚོར་གདུག་རྩུབ་ཚད་ལས་འདས་པ་བཏང་ཡོད་པའི་སྙན་ཐོ་བཏོན་འདུག སྲིད་འཛིན་ཞི་ཅིང་ཕིང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁྱིམ་མཚེས་རྒྱལ་ཁབ་དང་བཏང་སྙོམ་རན་ཚོད་ཞིག་གནང་མ་ཐུབ་ཚེ་རྒྱ་ནག་ལ་ཉེན་ཁ་ཆགས་རྒྱུ་ཡིན་པ་གསུངས་འདུག གཞིས་བྱེས་མང་ཚོགས་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་བཀྲིན་རྗེས་དྲན་ཞུ་བཞིན་འདུག དམིགས་བསལ་ལས་ཚན། བློ་ཚེ་བརྟན་ལགས་ཀྱིས་བླངས་པའི་ཕ་མའི་ལ་ཡོགས། Tuesday 13/01/2015 India should share its spirit of ‘Ahimsa’ with its neighbors: Dalai Lama Han cadres required to learn Tibetan language Chinese human rights defenders...

རེས་གཟའ་ཟླ་བ། ༢༠༡༥།༠༡།༡༢

༸གོང་ས་མཆོག་ཀོལ་ཀོ་ཏ་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་འདུག སྲིད་སྐྱོང་མཆོག་གིས་རྒྱ་གར་ནི་དུས་རབས་ཉི་ཤུ་རྩ་གཅིག་པ་ཨེ་ཤི་ཡའི་དུས་རབས་ཀྱི་དཔེ་མཚོན་རན་ཤོས་ཤིག་ཆགས་རྒྱུ་ཡིན་པ་གསུངས་འདུག ནང་སྲིད་བཀའ་བློན་མཆོག་ནས་ཁེ་ན་ཌའི་ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་གི་ཐོག་བོད་དོན་གླེང་སློང་གནང་འདུག ལཏ་ཝི་ཡ་རྒྱལ་ཁབ་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུས་འདུག ཧྥ་རན་སི་མང་ཚོགས་ཀྱི་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་བོད་མི་ཚོས་མཉམ་ཞུགས་གནང་འདུག འཕྲོད་བསྟེན་ལས་ཁུངས་ནས་ཕོ་མོའི་འཕྲོད་བསྟེན་དང་འབྲེལ་བའི་དེབ་འདོན་སྤེལ་གནང་འདུག དམིགས་བསལ་ལེ་ཚན་ནང། བོད་དང་གོ་མིན་ཏང་གི་འབྲེལ་བའི་སྐོར་ངོ་སྤྲོད། Monday 12/01/2015 Dalai Lama leaves Delhi for Kolkota India, a right model of 21st Century Asia: Sikyong Kalon Dolma Gyari Meets Canadian Minister of Immigration Tibet issue...

རེས་གཟའ་ཉི་མ། ༢༠༡༥།༠༡།༡༡

འདས་པའི་བདུན་ཕྲག་གཅིག་གི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 11/01/2015 Week Review ཉན་པ།:  Listen ཕབ་ལེན།  Download

Latest news

- Advertisement -spot_img