Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16733 POSTS
0 COMMENTS

རེས་གཟའ་སྤེན་པའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༢།༡༤

༸གོང་ས་མཆོག་དེ་རིང་བཞུགས་སྒར་དུ་ཚིབས་སྒྱུར་གནང་བ། ཨ་རི་དང་ཡོ་རོབ་སོགས་འཛམ་གླིང་ས་ཕྱོགས་གང་སར་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་འདུག སྲིད་སྐྱོང་མཆོག་གིས་གསར་ལམ་ཁག་ནས་འཚེ་མེད་ཞི་བའི་འཐབ་རྩོད་པ་རྣམས་ལ་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་འདུག བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་པ་དགུ་མཇུག་སྒྲིལ་གནང་བ། དམིགས་བསལ་ལེ་ཚན་ནང། བསོད་ནམས་དབང་འདུས་ལགས་དང་ཚེ་རིང་ཆོས་འཕེལ་ལགས་ནས་དབུས་གཙང་ཁུལ་དུ་ལོ་གསར་སྲུང་བརྩི་ཞུ་སྲོལ་སྐོར་མདོར་ཙམ་ངོ་སྤྲོད་གནང་བ། Saturday 14/02/2015 Dalai Lama arrives back in Dharamsala after US and Europe trip Tibetans in US and Europe observe ‘Tibetan Independence Day’ Sikyong calls for increased...

རེས་གཟའ་པ་སངས་ཀྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༢།༡༣

༸གོང་ས་མཆོག་གིས་ ཌེ་ནིཤ་ གྲོས་ཚོགས་འཐུས་མིས་བོད་ཀྱི་ཁོར་ཡུག་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག ལོ་གསར་སྔ་སྣུར་དུ་མདོ་སྨད་ནང་དམ་དྲག་ཆེ་རུ་བཏང་འདུག བཞུགས་སྒར་དུ་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ། ༢༠༡༥ལོའི་འཛམ་གླིང་གསར་འགོད་རང་དབང་གི་སྙན་ཐོའི་ནང་རྒྱ་ནག་དེ་སྡུག་ཤོས་གྲས་སུ་ངོས་འཛིན་གནང་འདུག དམིགས་བསལ་ལེ་ཚན་ནང། རྒྱ་རིགས་ཐར་ལགས་ཀྱིས་མདོ་སྨད་མང་ར་ཁུལ་དུ་ལོ་གསར་སྲུང་བརྩི་ཞུ་སྲོལ་སྐོར་མདོར་ཙམ་ངོ་སྤྲོད་གནང་བ། Friday 13/02/2015 Dalai Lama urges Danish MPs to support expert work on Tibet’s environment China tightens grip in Ngaba ahead of Tibetan...

རེས་གཟའ་ཕུར་བུ། ༢༠༡༥།༠༢།༡༢

༸གོང་ས་མཆོག་གིས་བོད་མིའི་མི་འབོར་འཕེལ་དགོས་ཀྱི་ཡོད་པ་བཀའ་སློབ་བསྩལ་འདུག ཞི་ཅིང་ཕིང་གིས་ཨ་རིའི་སྲིད་འཛིན་མཆོག་ལ་རྒྱ་ནག་གི་འཚོར་རྣོ་བའི་གནད་དོན་ཐོག་ཡིད་ཟབ་དགོས་པ་གསུངས་འདུག ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་དང་བོད་མིར་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག བོད་མིའི་སྤྱི་ཚོགས་ནང་དྭང་བླངས་ཞབས་ཞུ་གནང་མྱོང་མཁན་ཨ་རིའི་བེུད་ཅིག་སི་རི་ཡ་ནང་རྐྱེན་ལམ་དུ་བཏང་འདུག ཚེ་རིང་སྟོབས་རྒྱལ་ལགས་༢༠༡༥ལོའི་རྒྱལ་སྤྱིའི་ན་གཞོན་པར་པ་རྩེ་ཕུད་ནང་ཚུད་འདུག དམིགས་བསལ་ལེ་ཚན་ནང། ཡེ་ཤེས་རྡོ་རྗེ་ལགས་ནས་མདོ་སྟོད་སྨར་ཁམས་ནང་དུ་ལོ་གསར་སྲུང་བརྩི་ཞུ་སྲོལ་སྐོར་མདོར་ཙམ་ངོ་སྤྲོད་གནང་བ། Thursday 12/02/2015 Dalai Lama speaks on the need for growth of Tibetan population China's Xi hopes US pays attention to Tibet, Taiwan concerns South Africa should...

རེས་གཟའ་ལྷག་པ། ༢༠༡༥།༠༢།༡༡

༸གོང་ས་མཆོག་གིས་ཌན་མཀ་མང་ཚོགས་ལ་འཚམས་འདྲི་བསྩལ་འདུག ༸གོང་ས་མཆོག་གིས་སུད་སི་ཁུལ་གྱི་བོད་རིགས་ཚོར་བཀའ་སློབ་བསྩལ་བ། ཨི་ཊ་ལིའི་ཝེས་ཊོ་ནིའི་ཚོགས་ཁང་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག ཨ་རིའི་བོད་ཁང་ནས་རོལ་དབྱངས་འདུ་འཛོམས་བརྒྱུད་དཔལ་འབྱོར་མཁོ་བསྒྲུབ་གནང་རྒྱུ། བྱེས་ཀྱི་གདན་ས་སེ་རར་བོད་བསྟན་སྲིད་ཆེད་ཞབས་རིམ་གསོག་སྒྲུབ་གནང་པ། ༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལེ་ཚན་ནང། མགོན་པོ་༸གང་ཉིད་མཆོག་གིས་སྔ་ལོའི་ཕྱི་ཟླ་༡༡ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཁུལ་གྱི་བོད་རིགས་ཚོར་བསྩལ་བའི་བཀའ་སློབ། Wednesday 11/02/2015 Dalai Lama arrives in Copenhagen, extends greetings to Danish People Dalai Lama calls on exile Tibetans to preserve Tibetan culture and identity Vestone Mayor...

རེས་གཟའ་མིག་དམར། ༢༠༡༥།༠༢།༡༠

༧གོང་ས་མཆོག་གིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་སློབ་མ་ཆིག་སྟོང་བརྒལ་བར་བཀའ་སློབ་སྩལ་འདུག ཕྱི་དྲིལ་བཀའ་བློན་མཆོག་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག ཨ་རིའི་ནང་གི་ཕྱིར་སྡོད་རྒྱ་རིགས་ཁག་ཅིག་ནས་ཀུན་དགའ་བཀྲིས་ལགས་ལ་ཆེ་བསྟོད་བྱ་དགའ་ཕུལ་འདུག བོད་རྒྱ་ཁོངས་ཡིན་ཚུལ་སྐོར་འཁྱོག་བཤད་འཁྲབ་གཞུང་ཞིག་དྲིལ་བསྒྲགས། གླུ་གཞས་ཀྱི་ལེ་ཚན་ནང་། ལྷ་མོའི་རྒན་ཀུན་བདེ་གླིང་ཐུབ་བསྟན་ལགས་ཀྱིས་བླངས་པའི་རྣམ་ཐར་ཞིག་དང་ཁོང་གི་ལོ་རྒྱུས། Tuesday 10/02/2015 Dalai Lama speaks at Trondheim International Student Festival DIIR Kalon on official tour in the US Chinese Tibet supporters honor outgoing Tibetan Chinese coordinator...

Latest news

- Advertisement -spot_img