Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16719 POSTS
0 COMMENTS

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༢།༢༦

༧གོང་ས་མཆོག་རྒྱ་ནག་གི་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་སྲིད་ཀྱང་། འདི་ལོ་ཕེབས་ཐུབ་ཀྱི་མ་རེད་གསུངས་འདུག རྒྱ་གཞུང་གི་མཚོ་ནུབ་ཁུལ་དུ་ལོ་ན་ ༡༩ མན་གྱི་དགེ་འདུན་པ་རྣམས་གྲྭ་ཚང་ལ་ཕྱིར་ལོག་བྱེད་རྒྱུར་བཀག་འགོག་བྱས་འདུག ཁམས་རྫ་ཁོག་གི་བོད་མི་ཆབ་སྲིད་བཙོན་པ་ཞིག་ཀློད་གྲོལ་བཏང་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཚོའི་བསམ་སྤྱོད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་པར་སྐྱོན་བརྗོད་བྱས་འདུག དོན་གྲུབ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག ཤེས་རིག་བཀའ་བློན་མཆོག་ནས་ཨ་རི་དང་ཁེ་ན་ཊ་གཉིས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་རེད་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཅེས་པའི་ལེ་ཚན་ནང་། བོད་ལུགས་དཔྱད་བཅོས་སྐོར་སྔ་མའི་འཕྲོ་ནས། Thursday 26/02/2015 Dalai’s pilgrimage to China’s Mt Wutai unlikely soon: Expert Underage Tibetan monks face new clampdown on religious...

རེས་གཟའ་ལྷག་པ་གསར་འགྱུར་འགོ་བརྗོད། ༢༠༡༥།༠༢།༢༥

ཕྱི་དྲིལ་བཀའ་བློན་མཆོག་ནས་ཇི་ནི་ལྦའི་ལྷན་ཚོགས་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་ནང་པའི་ལྷན་ཚོགས་སུ་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་འདུག ཇར་མ་ནི་བོད་ཁང་ནང་དྲན་པ་ཞེས་པའི་དེང་དུས་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བཞིན་འདུག རེབ་གོང་རྫོང་དུ་བོད་རང་བཙན་དང་འབྲེལ་བའི་ཁྲིམས་རྒལ་གྱི་བྱ་སྤྱོད་ཉི་ཤུ་ཞེས་པའི་ཡིག་ཆ་འགྲེམས་སྤེལ། དྲན་གསོ་གློག་བརྙན་གྱི་མ་དངུལ་ལྷག་མ་བློ་སྒྲིག་འཛུགས་ཀྱི་བོད་མི་རྒན་རབས་པ་ཚོར་ཞལ་འདེབས་གནང་འདུག ༧གོང་ས་མཆོག་གི་བཀའ་སློབ་ཀྱི་ལེ་ཚན་ནང་། མགོན་པོ་གང་ཉིད་ཀྱིས་སྔ་ལོའི་ཕྱི་ཟླ་༡༡ ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁུལ་གྱི་བོད་རིགས་ཚོར་བསྩལ་བའི་བཀའ་སློབ། Wednesday 25/02/2015 DIIR Kalon speaks at Geneva Summit, seeks support for Tibet’s Middle Way approach Speaker Penpa Tsering attends Indian Buddhist Convention in...

རེས་གཟའ་མིག་དམར་གསར་འགྱུར་འགོ་བརྗོད། ༢༠༡༥།༠༢།༢༤

རྣམ་རྒྱལ་གྲྭ་ཚང་དང་རྣམ་ཟུར་ལྷན་རྒྱས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག ༧གོང་ས་མཆོག་འཛམ་གླིང་གི་རླབས་ཆེན་མི་སྣ་བརྒྱའི་ཁྲོད་ཨང་དང་པོར་འདེམས་འདུག བོད་ཀྱི་ལོ་གསར་སྐབས་བོད་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་བྱེད་སྒོ་འདྲ་མིན་སྤེལ་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་ཐེངས་དང་པོ་སྲུང་བརྩི་ཞུས་འདུག བོད་རིག་པའི་མཁས་པ་Sperling ལགས་ཀྱི་རྗེས་དྲན་དུ་ཕྱག་དེབ་དབུ་འབྱེད་གནང་འདུག ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་ཁང་སྦར་ཛིལ་ནང་གསར་འཛུགས་གནང་གཏན་འཁེལ་འདུག གླུ་གཞས་ཀྱི་ལེ་ཚན་ནང་། གཞས་པ་བཀྲས་ཆུང་ལགས་ཀྱིས་བླངས་གནང་བའི་བོད་ཀྱི་ལོ་གསར་གླུ་གཞས། Tuesday 24/02/2015 Current and former members of Namgyal Monastery offer ‘Tenshug’ to Dalai Lama Dalai Lama tops Watkin's Spiritual 100 list Tibetans in...

རེས་གཟའ་ཟླ་བ། ༢༠༡༥།༠༢།༢༣

ལོ་གསར་ཚེས་པ་ལྔའི་ཉིན་གྱི་དམིགས་བསལ་ལས་རིམ། འདས་ལོ་དེའི་ནང་རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་ཁག་ཅིག་ཕྱོགས་སྒྲིག་ཞུས་པ། Monday 23/02/2015 Tibet in the International Forum: Year in Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཉི་མ། ༢༠༡༥།༠༢།༢༢

ལོ་གསར་ཚེས་པ་བཞི་པའི་དམིགས་བསལ་ལས་རིམ། འདས་ལོ་དེའི་ནང་བཙན་བྱོལ་ནང་གི་གལ་ཆེའི་གནས་ཚུལ་ཁག་ཅིག་ཕྱོགས་སྒྲིག་ཞུས་པ། Sunday 22/02/2015 Exile Tibet: A Year In Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པ། ༢༠༡༥།༠༢།༢༡

ལོ་གསར་ཚེས་པ་གསུམ་པའི་དམིགས་བསལ་ལས་རིམ། འདས་ལོ་དེའི་ནང་བོད་ནང་གི་གལ་ཆེའི་གནས་ཚུལ་ཁག་ཅིག་ཕྱིགས་སྒྲིག་ཞུས་པ། Saturday 21/02/2015 Inside Tibet: Year in Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་པ་སངས། ༢༠༡༥།༠༢།༢༠

ལོ་གསར་ཚེས་པ་གཉིས་པའི་དམིགས་བསལ་ལས་རིམ། འདས་ལོ་དེའི་ནང་གི་༸གོང་ས་མཆོག་གི་མཛད་འཆར་སྐོར་ཕྱོགས་སྒྲིག་ཞུས་པ། Friday 20/02/2015 His Holiness the Dalai Lama: A Year in Review ཉན་པ།: Listen ཕབ་ལེན། Download

Latest news

- Advertisement -spot_img