Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16746 POSTS
0 COMMENTS

ཁོར་ཡུག་སྲུང་སྐྱོབ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གནད་དོན་ཞིག་ཡིན་པ་བཀའ་སྩལ་བ།

བོད་ཀྱི་བླ་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༦ སྔ་དྲོཨ་རིའི་ནང་ UCI གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཐོག་དབུས་ཞུགས་མཛད་འདུག༸གོང་ས་མཆོག་གིས་སྐབས་དེའི་མཛད་སྒོ་ཐོག་ཏུ་བཀའ་སློབ་སྩལ་བའི་ཁྲོད་དུ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གནད་དོན་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་ཅེས་བཀའ་སློབ་ནན་པོ་གནང་འདུག་པ་མ་ཟད། དེང་སྐབས་རྒྱལ་ཁབ་ཡར་རྒྱས་ཆེད་བཟོ་གྲྭའི་རིགས་འབོར་ཆེན་ཞིག་ཆེད་བཙུགས་བྱས་པ་ དེ་དང་མཚུངས་པའི་ཁོར་ཡུག་གྱི་གནད་དོན་ལའང་དོ་སྣང་སྤྲོད་རྒྱུ་ནི་དེ་བས་གལ་ཆེན་པོ་ཞིག་ཡིན་པ་དང། ང་ཚོའི་ངོས་ནས་ཡར་ཐོན་ཅན་གྱི་འཕྲུལ་རིགས་དེ་དག་ཁོར་ཡུག་སྲུང་སྐྱོབ་ལ་བེད་སྤྱོད་བཏང་ནས། འཛམ་གླིང་དེའི་ཐོག་ཡོད་པའི་སྐམ་ས་དེ་རྣམས་སྔོ་ལྗང་ཅན་དུ་འགྱུར་རྒྱུ་མཚོན་པའི་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ནི་རང་ཉིད་ཀྱི་ཁྱིམ་ཚང་སྲུང་སྐྱོབ་བྱས་པ་དང་གཅིག་མཚུངས་ཡིན་པ་རེད་ཅེས་བཀའ་སྩལ་འདུག ལྷན་ཚོགས་དེའི་ཐོག་ལ་རྒྱ་མཚོའི་སྐྱེས་ཁམས་རིག་པའི་མཚན་རིག་པ་སྐུ་ཞབས་Veerabhandran ལགས་དང། Ramananthan ལགས་གཉིས་ལ་ཉེ་ཆར་གསར་དུ་རྙེད་སོན་བྱུང་བའི་རྒྱ་མཚོའི་ནང་ནས་སྲོག་ཆགས་རིགས་ཤིག་གི་པར་རིས་པར་སྒྲོམ་ནང་བླུགས་པ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་སུ་ཕུལ་བ་དང་སྦྲགས། གསར་དུ་རྙེད་སོན་བྱུང་བའི་སྲོག་ཆགས་དེའི་མིང་ལ་༸གོང་ས་མཆོག་གི་མཚན་བཏགས་འདུག སྐབས་དེར་ཁོང་གིས་རྙེད་སོན་བྱུང་བའི་སྲོག་ཆགས་དེའི་ཁྱད་ཆོས་འགྲེལ་བརྗོད་གནང་དོན་ལ། སྲོག་ཆགས་དེས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ལོངས་སུ་སྤྱོད་པ་ལས་ལྷག་པའི་དེར་ཕན་ཐོགས་པའི་བྱ་བ་མང་བ་བྱེད་ཀྱི་ཡོད་པ་བཞིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་སྐུ་ཚེ་ཧྲིལ་པོ་འདིའི་ནང་འཛམ་གླིང་འདི་ལ་ཕན་པའི་རླབས་ཆེན་གྱི་ལེགས་སྐྱེས་གནང་བར་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་འདུག ཉིན་རྒྱབ་ལ་༸གོང་ས་མཆོག་དབུས་ཞུགས་མཛད་ཐོག་སྐུ་མགྲོན་ཁོངས་སུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ Shirin Ebadi ལགས་དང། ལྕམ་སྐུ་ Jody Williams ལགས། སེམས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་ Paul ekman ལགས། བོད་རིག་པའི་མཁས་དབང་ Robert...

ཨ་རི་དང་བཞུགས་སྒར་དུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

ཁ་སང་ཚེས་ ༥ ཉིན་ཨ་རིའི་ California མངའ་སྡེ་ Anaheimགྲོང་ཁྱེར་ནང་དུ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་གནད་ཡོད་མི་སྣ་དང་མང་ཚོགས་ཆིག་ཁྲི་བརྒྱད་སྟོང་ལྷག་ལྷན་འཛོམས་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག སྐབས་དེར་༸གོང་ས་མཆོག་དབུ་བཞུགས་སྐུ་མགྲོན་ཁོངས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ Shirin Ebadi ལགས་དང། ལྕམ་སྐུ་ Jody Williams ལགས། དེ་བཞིན Anaheim གྲོང་ཁྱེར་སྤྱི་ཁྱབ་པ་ Tom Tack མཆོག་གིས་དབུས་པས། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་གྲགས་ཅན། གཞན་ཡང་ཚན་རིག་པ་དང། སྤྱི་ཚོགས་ལས་འགུལ་བ། ཚོང་པ་གྲགས་ཅན་སོགས་སྤྱི་ཚོགས་ནང་གི་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཆེད་ལས་མཁས་པ་ཉི་ཤུ་ལྷག་ཆེད་ཕེབས་གནང་འདུག ཁྱད་པར་དུ་སྐབས་དེར་ཨ་རིའི་གཞས་པ་གྲགས་ཅན་དང་སྤྱི་ཚོགས་ལས་འགུལ་བ་...

རེས་གཟའ་ཟླ་བ། ༢༠༡༥།༠༧།༠༦

ཉན་པ།: Listen ཕབ་ལེན། Download ཨ་རི་ Anaheim ནང་དུ་མང་ཚོགས་༡༨༠༠༠ཁྲོད་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བཀའ་སྤྱི་གཉིས་ནས་རྒྱ་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོལ་མོལ་འཕྲལ་མར་གནང་དགོས་པའི་ནན་བརྗོད། རྒྱ་གར་གཞུང་མང་གཉིས་ནས་བོད་དང་བོད་མིའི་རྩ་དོན་ཐོག་ཐུགས་འགན་ཆེས་ཙམ་བཞེས་དགོས་པའི་དགོས་འདུན་བཏོན་འདུག   Monday 06/07/2015 Dalai Lama marks 80th birthday with Global Compassion Summit: Anaheim CTA pays tribute to Dalai Lama, calls on China to...

རེས་གཟའ་ཉི་མ། ༢༠༡༥།༠༧།༠༥

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བེུད་ལེ་ཚན། ཤར་གླིང་ཟླ་སྒྲོན་ལགས་དང་ལྷན་དུ་གླེང་མོལ། Sunday 05/07/2015 Women of Tibet Interview with Dadon Sharling(MP)

རེས་གཟའ་སྤེན་པ། ༢༠༡༥།༠༧།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ LA གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་པ། རྒྱ་ནག་ནང་གནས་ཚུལ་བཀག་སྡོམ་བྱེད་བཞིན་པ་དེ་ནི་ནོར་འཁྲུལ་ཡིན་པ་བཀའ་གནང་་འདུག ༸སྐུའི་འཁྲུངས་སྐར་གོང་ནས་བོད་ནང་དམ་དྲག རྒྱ་གཞུང་གི་འཁྱོག་བཤད་ལ་གྱ་སྟོན་གོ་སྒྲིག་ཚོགས་པས་ལན་འདེབས། Richard Gereལགས་ནས་༸གོང་ས་མཆོག་ལ་ཆེ་བསྟོད། བདུན་གཅིག་གི་གསར་འགྱུར་བསྐྱར་ཞིབ། Saturday 04/07/2015 Dalai Lama arrives in LA Censorship is wrong, it should stop: Dalai Lama Richard Gere pays tribute to...

རེས་གཟའ་པ་སངས། ༢༠༡༥།༠༧།༠༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གི་༸སྐུ་པར་འཁོད་པའི་སྦྲག་རྟགས་གསར་བཟོ། བལ་ཡུལ་ནང་འཁྲུངས་སྐར་གྱི་ཆོག་མཆན་ཐོབ། དྲག་ཆར་རྐྱེན་བོད་མི་གཉིས་རྐྱེན་འདས། རྒྱ་ནག་གི་བདེ་འཇགས་ཁྲིམས་གཞི་ལ་སྐྱོན་བརྗོད། བལ་ཡུལ་ནས་རྒྱ་གར་བར་མེ་འཁོར་ལྕགས་ལམ་བཟོ་འཆར། དོན་ལྡན་གླིང་དུ་བཀྲིན་རྗེས་དྲན་གྱི་བྱེད་སྒོ། Friday 03/07/2015 New postage stamp in Germany recognizes Dalai Lama’s 80th birthday Nepal Tibetans get permission to celebrate Dalai Lama birthday Two...

Latest news

- Advertisement -spot_img