Tibetan Royal Year of 2151 | Year of the Wood Dragon

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པ་དབུ་འཛུགས་གནང་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པའམ་མཐའ་མ་དེ་བོད་ཕྱི་ནང་གཉིས་ལས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་གྲྭ་སྐལ་བཟང་དབང་འདུས་ལགས་དང་རྡོ་རྗེ་ཆེ་ཚེ་རིང་ལགས་དམ་པ་གཉིས་ལ་མྱ་ངན་གུས་འདུད་རྗེས་དྲན་དང་བོད་ནང་ཛ་དྲག་གནས་སྟངས་ལ་གདུང་སེམས་བསྐྱེད་ཞུས་ཏེ་དབུ་འཛུགས་གནང་སོང།
དེ་རིང་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅིུག་པ་དབུ་བཙུགས་གནང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་པ་དང་འབྲེལ། གྲོས་ཚོགས་འདིའི་ཚོགས་དུས་རིང་ལས་རིམ་ཁག་སྙན་སྒྲོན་གནང་པ་དང་། ད་ལན་གྱི་གྲོས་ཚོགས་དེ་འོས་བསྡུའི་ལས་རིམ་རྗེས་ལ་ཚོགས་པའི་དགོས་དམིགས་གཙོ་བོ་ནི་འོས་བསྡུའི་ལས་རིམ་ལ་དོ་ཕོག་མི་ཡོང་བའི་ཆེད་ཡིན་པ་གསུངས་སོང་།
ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་དབུ་བཙུགས་མ་གནང་གོང། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་དུས་རིམ་པའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ལྟར། སླར་ཡང་གྲོས་ཚོགས་སུ་བོད་tpie1ཕྱི་ནང་གཉིས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་གྲྭ་སྐལ་བཟང་དབང་འདུས་ལགས་དང་རྡོ་རྗེ་ཆེ་ཚེ་རིང་ལགས་དམ་པ་གཉིས་གཙོས་པའི་ད་བར་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་གནང་མཁན་རྣམས་དང་། བོད་ནང་ཛ་དྲ་གནས་སྟངས་ཐོག་ལ་གཞུང་འབྲེལ་གྱི་མྱ་ངན་གུས་འདུད་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་བཅས་ཁག་སོ་སོར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་ཡོད་པ་རེད།
ལྷག་པར་དུ་ད་ལན་གྱི་སྤྱི་འཐུས་ལྷན་ཚོགས་ནས་བཏོན་གནང་པའི་བོད་ནང་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་དོན་ཚན་ལྔ་ཡོད་པ་ལས། ༸གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྐོར་རྒྱ་ནག་གཞུང་ལ་ཐེ་བྱུས་མེད་པའི་སྐོར་ནན་བརྗོད་དང་། རྒྱ་གཞུང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་གཏོར་བཤིག་སོགས་ཀྱི་ལས་དོན་མཚམས་འཇོག་དགོས་སྐོར། རྒྱ་གཞུང་ནས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དེ་དག་དངོས་7777སུ་ལག་བསྟར་ཡོང་ཆེད་དུ་བོད་རྒྱ་འབྲེལ་མོལ་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ། རྒྱལ་ཚོགས་ནས་བོད་ནང་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་ཆེད་དུ་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས་འཁོད་འདུག
རྩ་བའི་ད་རེས་གྲོས་ཚོགས་འདི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་རེད། དེ་ནི་སྔོན་རྩིས་གྲོས་ཚོགས་ཤིག་ཆགས་ཀྱི་ཡོད་པ་དང་། གྲོས་ཚོགས་འདིའི་ནང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་རྒྱུན་གྲོན་དང། དམིགས་བཀར། དམིགས་བསལ། ཟུར་བཀོལ། དེ་བཞིན་བར་སྐལ་བཅས། ལོ་འཁོར་མོ་གཅིག་གི་འགྲོ་གྲོན་ཁག་འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་ཐོག་འཆར་འབུལ་ཞུ་གྱི་ཡོད་པ་ལྟར་སྔོན་རྩིས་གཏན་འབེབས་བྱ་རྒྱུ་རེད།
དེ་ཡང་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་ཡོད།
འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་པ་དེ་ནི། སྒོར་ས་ཡ་ ༢,༢༣༨་༨༣ རེད་འདུག་པ་དང་། ལོ་སྔ་མའི་སྔོན་རྩིས་གཏན་འབེབས་ལས་སྒོར་ས་ཡ་ ༢༢༠་༨༠ མང་བ་ཆགས་ཀྱི་འདུག་པས། འཕར་ཆའི་འབབ་བརྒྱ་ཆ་ ༡༠་༩༤རེད་འདུག ད་རེས་འཛིན་སྐྱོང་བཀའ་ཤག་གིས་ལས་དོན་འཆར་སྒྲིག་དང་དགོས་དངུལ་རྒྱབ་གཉེར་དངུལ་འབོར་ཆེས་ཤོས་དེ་ཤེས་ཡོན་ཐོག་ལ་ཞུས་འདུག་པ་དང་། དེ་ཡང་སྒོར་ས་ཡ་ ༧༨༨ ལྷག་ཆགས་ཀྱི་འདུག
དཔལ་འབྱོལ་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༦་་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་གྲུབ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཡང་ཞུས་ཡོད།
གཞི་རྩའི་དེ་རིང་སྔ་དྲོ་གྲོས་ཚོགས་ཀྱི་ལས་རིམ་ནང་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གསུམ་ཡོད་པ་རེད། བོད་ཕྱི་ནང་གཉིས་སུ་བོད་མི་རིགས་བསྟན་སྲིད་ཆེད་རང་ལུསvot་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་གྲྭ་སྐལ་བཟང་དབང་འདུས་ལགས་དང་རྡོ་རྗེ་ཆེ་ཚེ་རིང་ལགས་དམ་པ་རྣམ་པ་གཉིས། དེ་བཞིན་སྔ་འགྱུར་རྙིང་མའི་བསྟན་བདག་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཞིང་གཤེགས་དམ་པ་དེ་ཉིད་ཀྱིས་ད་བར་བསྟན་འགྲོ་སྤྱིའི་ཆེད་བསྐྱངས་གནང་མཛད་པའི་མཛད་འཕྲིན་ལ་ཆེ་བསྟོད་ཀྱི་གཞུང་འབྲེལ་མྱ་ངན་རྗེས་དྲན་ཞུས་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་པ་ཀརྨ་ཆོས་འཕེལ་ལགས་དམ་པ་དེ་ཉིད་ལ་བོད་སྤྱིའི་རྩ་དོན་གཙོ་བོར་གྱུར་པའི་བསྟན་སྲིད་སྤྱི་ལ་སྨན་ཆེད་མཛད་འགན་རྒྱ་ཆེར་བཞེས་པར་ཡི་རངས་བསྔགས་བརྗོད་དང་། གཞུང་འབྲེལ་མྱ་ངན་གུས་བཏུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་འཇོག་པ་མ་ཟད། ཤུལ་ལུས་ནང་མི་ལྟོས་བཅས་ཚོར་གདུང་སེམས་མཉམ་བསྐྱེད་བཅས་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།