Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཨ་རིའི་ Utah གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ Utah ནང་རྟེན་གཞི་བྱས་པའི་ Utah State University གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་ཡོད་པ་རེད་འདུག
ཁ་སང་ཚེས་ ༡༥ ཉིན་ Fox 13 གཙོས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་འདི་ལོ་ཕྱི་ཟླ་ ༦ ནང་ཨ་རིའི་ Utah གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱང་རྒྱུ་མ་ཟད། ཟླ་བ་དེའི་ཚེས་ ༢༡ ཉིན་གཙུག་ལག་སློབ་གཉེར་ཁང་གི་ Huntsman ལྟེ་གནས་ཁང་དུ་གཙུག་ལག་སློབ་ཁང་གི་དགེ་ལས་སློབ་གཉེར་བ་རྣམས་དང་མང་ཚོགས་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།
གཞི་རྩའི་༸གོང་ས་མཆོག་ Utah State University གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱང་དོན་གཙོ་བོ་ནི། སྔ་ལོའི་ཕྱི་ཟླ་ ༩ ནང་མགོན་པོ་༸གང་ཉིད་མཆོག་སྨན་བཅོས་འཕྲོད་བཞེས་བརྟག་དཔྱད་གནང་རྒྱུ་ཆེད་དུ་ Utah གཙུག་ལག་སློབ་གཉེར་ཁང་གཙོས་པའི་ཨ་རི་ནང་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་སྟབས། འདི་ལོར་སླར་གཏན་འབེབས་གནང་པའི་མཛད་འཆར་ཞིག་ཡིན་པ་རེད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Utah གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གང་ཉིད་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ཞིག་དང་།
Utah གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་མཆོག་ནས། ༸གོང་ས་མཆོག་གིས་ད་ལན་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ནི་ས་གནས་མི་དམངས་གཙོས་པའི་དགེ་ལས་སློབ་གཉེར་བ་རྣམས་ལ་དེ་ལས་ལྷག་པའི་སྐལ་བཟང་གི་གོ་སྐབས་ཤིག་མེད་པ་སོགས་གསུངས་ཡོད།
རྩ་བའི་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་གནང་མུས་ཡིན་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་རིང་མིན་ཟླ་བ་འདིའི་ཚེས་ ༢༡ ཉིན་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཁུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་བློ་སྦྱོང་ཚིག་བརྒྱད་མ་དང་། སེམས་བསྐྱེད་གཉིས་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་བསྩལ་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།