Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་རྒྱ་ནག་མི་དམངས་ཇི་བཞིན་ངོ་ལྐོག་མེད་པ་ཞིག་བྱ་གལ་ཡིན་པ་གསུངས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

༸གོང་ས་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་རྒྱ་རིགས་མི་དམངས་རྣམས་ནས་ལྷོད་མེད་ཧུར་བརྩོན་དང་སེམས་འཁུར་ལ་དཔེ་བླངས་ཏེ་རྣམ་པ་ཀུན་དུ་ངོ་ལྐོག་རྒྱབ་མདུན་མེད་པ་ཞིག་བྱ་རྒྱུུ་གལ་ཆེན་པོ་ཡིན་པ་གསུངས་འདུག

དེ་ཡང་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་འབྲེལ་གྱི་མཛད་འཆར་ཆེད་ཆིབས་བསྒྱུར་མ་གནང་པའི་སྔ་རོལ་དུ། ཐེ་ཝན་ནང་རྟེན་གཞི་བྱས་པའི་ Global Outlook གསར་ཁང་ནས་མགོན་པོ་མཆོག་ལ་བོད་དང་རྒྱ་ནག་གི་གནད་དོན། དེ་བཞིན་ཉེ་ལམ་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་སྐྱབས་བཅོལ་གྱི་དཀའ་ངལ་འཇིགས་བསྐུལ་རིང་ལུགས་སོགས་ཀྱི་གནད་དོན་ཐད་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་རེད།

སྐབས་དེར་གསར་འགོད་པ་ GUO Chang lun  ལགས་ཀྱིས་གལ་སྲིད་མགོན་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་བཀའ་མོལ་ཞིག་གནང་རྒྱུའི་གོ་སྐབས་བྱུང་ཚེ།  བཀའ་མོལ་དང་པོ་དེ་གང་ཞིག་གནང་རྒྱུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་མི་དམངས་ཐེར་འབུམ་གཅིག་ལྷག་ཡོད་པ་དེ་ནི་རྒྱལ་རབས་ཀྱི་ཆ་ནས་ཧུར་བརྩོན་གྱི་རང་བཞིན་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད། སྲིད་འཛིན་ཞི་ཅིང་ཕིང་དང་ཁོང་གི་སྲིད་གཞུང་ངོས་ནས་རྒྱ་རིགས་མི་དམངས་ཀྱི་སེམས་འཁུར་ལ་དཔེ་བླངས་ཏེ། ངོ་ལྐོག་རྒྱབ་མདུན་མེད་པ་ཞིག་གནང་ན་རྒྱ་ནག་གི་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་ཐོག་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་ཐུབ་ངེས་ཡིན་པ་གསུངས་འདུག་པ་དང་།  དེ་སྔ་ཞི་ཅིང་ཕིང་ཕ་རན་སི་དང་རྒྱ་གར་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སྐབས་ནང་ཆོས་དེ་ཉིད་རྒྱ་ནག་རྒྱལ་ཁབ་དང་མི་དམངས་ལ་གལ་གནད་ཆེན་པོ་རེད་ཅེས་བརྗོད་ཡོད་པ་དེར།   དམར་ཤོག་ཚོགས་པའི་དབུ་ཁྲིད་ཞིག་ནས་དེ་ལྟར་བརྗོད་པར་ཕྲན་བུ་ཡ་མཚན་པ་ཞིག་བྱུང་ཡང་། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་མ་ཟད། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ཐུགས་རེ་བ་ཡོད་ཅེས་ཀྱང་བཀའ་བསྩལ་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐད་ལ་ཁ་ཡ་བྱེད་མིན་ལ་མ་ལྟོས་པར་བོད་རྒྱའི་དབར་འཕྲད་བཞིན་པ་དེ་ནི་དཀའ་རྙོག་ཞིག་ཡིན་པ་གསལ་པོ་རེད་ལ།  དེ་སྔ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་གི་ནང་ལ་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པ་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་ཡོད་ཀྱང་།   ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་དང་དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་སོགས་བོད་ནང་བསྐྱོད་རྒྱུའི་གོ་སྐབས་གནང་པ་དེ་ནི་བོད་རྒྱའི་གནད་དོན་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་ལའང་བཀའ་བསྩལ་མཛད་འདུག  རྒྱ་ནག་གཞུང་གིས་གསར་འགོད་སོགས་ལ་དམ་དྲག་བྱེད་པ་གཙོས་རྒྱ་ནག་མི་དམངས་ལ་འགོག་རྐྱེན་ཆེ་བ་བཟོ་ཡི་ཡོད་པ་མ་ཟད། རྒྱ་གཞུང་གིས་དམ་དྲག་ག་ཚོད་བྱས་ཀྱང་འཛམ་གླིང་ཁྱོན་ཡོངས་ལ་དམ་དྲག་ནམ་ཡང་བྱ་ཐུབ་ཐབས་མེད་སྐོར་གསུངས་པ་དང་སྦྲགས། ཉེ་ལམ་ཞི་ཅིང་ཕིང་སྲིད་གཞུང་ནས་ཁྲིམས་སྒྲིག་མང་པོ་ཞིག་གཏན་འབེབས་བྱེད་བཞིན་པ་དེ་དག་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་མཐུན་པ་ཞིག་བཟོ་ཚེ།  རྒྱ་ནག་མི་སེར་དཀྱུས་མ་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་གནང་རྒྱུའི་དགེ་མཚན་འཕར་མ་ཞིག་ཡོང་ངེས་ཡིན་པའི་ལམ་སྟོན་ཡང་བསྩལ་འདུག

དེ་བཞིན་ GUO Chang lun ལགས་ནས་དེང་སྐབས་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་བའི་དཀའ་ངག་ཐད་ལ་བཀའ་འདྲི་ཞུས་སྐབས། གནད་དོན་དེ་ནི་སེམས་སྐྱོ་བའི་གནད་དོན་ཞིག་ཡིན་པ་དང་། གནད་དོན་དེའི་ཐད་རྒྱལ་སྤྱིའི་ཚོགས་པ་ཡོངས་ནས་ཁོང་རྣམ་པའི་ཤེས་ཡོན་དང་འཚོ་ཐབས་ཀྱི་ཐད་ལ་རོགས་རམ་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། རིམ་པས་ཁོང་སྐྱབས་བཅོལ་བ་རྣམས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕྱིར་ལོག་གནང་སྟེ།  དཀའ་ངལ་དེ་དག་གི་རྒྱུ་རྩ་གཙོ་བོ་རྣམས་སེལ་ཐབས་གནང་དགོས་སྐོར་གསུངས་འདུག  ལྷག་དོན་དུ་མགོན་པོ་མཆོག་ནས་རྒྱལ་སྤྱིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་དགོས་དམིགས་དང་བསླབ་བྱ་གཙོ་བོ་དེ་ནི་བྱམས་སྙིང་རྗེ་ཡིན་པ་གཅིག་མཚུངས་ཡིན་སྟབས།  ཆོས་ལུགས་ཚང་མ་ལ་མི་བཟང་པོ་ཞིག་བསྐྲུན་རྒྱུའི་ནུས་པ་གཅིག་མཚུངས་ཡོད་པ་མ་ཟད། ཆོས་ལུགས་ཕན་ཚུན་དབར་ལ་གུས་ཞབས་དང་བརྩི་བཀུར་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།