Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2017

རེས་གཟའ་པ་སངས། ༢༠༡༧།༡༠།༢༧

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གིས་རྒྱལ་ཚོགས་དང་འཛམ་གླིང་སྤྱི་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལན་འདེབས་བྱེད་དགོས་ཀྱི་རེད། བཞུགས་སྒར་དུ་སེམས་གུ་ཡངས་གློག་བརྙན་དུས་སྟོན་ཐེངས་༡༣ པ་འགོ་འཛུགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་གར་ལྷོ་ཕྱོགས་སུ་དྲ་རྒྱའི་གོ་རྟོགས་སྤེལ་བཞིན་འདུག དམིགས་བསལ་ལེ་ཚན། འཛམ་གླིང་ཤེས་ཡོན་ཐེབས་རྩ་ཁང་གི་གཞོན་སྐྱེས་མགྲིན་ཚབ་པ་བསྟན་འཛིན་ཆོས་དབྱངས་ལགས་སུ་བཅར་འདྲི། Friday 27/10/2017 UN Special Rapporteurs question China on human rights violation in Tibet 13th Free Spirit Film Festival begins in Dharamsala TPI holds workshop on social media to Tibetans in south India DIASPORA FEATURE: Tenzin Choeyang, Youth Ambassador of World Literacy Foundation

རྒྱ་ནག་གིས་རྒྱལ་ཚོགས་དང་འཛམ་གླིང་སྤྱི་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལན་འདེབས་བྱེད་དགོས་ཀྱི་རེད།

ཁ་སང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་སྔར་ལོའི་ལོ་མཇུག་ཙམ་ནས་འགོ་འཛུགས་ཀྱིས་ད་བར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཁག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྤུན་མཆེད་ཀྱི་གནད་དོན། དེ་བཞིན་གསེར་རྟ་བླ་རུང་སྒར་གྱིས་གཙོས་པའི་བོད་ཀྱི་ཁོར་ཡུག་དང་ཆོས་དད་རང་དབང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐད་ལ་འདྲི་རྩད་དང་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བོད་དོན་སྐོར་འདྲི་རྩད་བྱས་པ་ཞེས་པའི་སྐར་མ་གཉིས་ལྷག་ཙམ་ཡོད་པའི་གནས་ཚུལ་ཕྱོགས་སྒྲིག་ཞུས་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག དེའི་ནང་ལ་གཙོ་བོ་འདས་པའི་དུས་ཡུན་ནང་ལ་རྒྱལ་ཚོགས་ཀྱི་གང་བྱུང་དུ་འཛིན་བཟུང་ཐད་ཀྱི་དམིགས་བསལ་སྐུ་ཚབ་དང་སྨྲ་བརྗོད་རང་དབང་དང་། བསམ་བརྗོད་རང་དབང་སྲུང་སྐྱོབ་གོང་འཕེལ་གཏོང་མཁན་གྱི་དམིགས་བསལ་སྐུ་ཚབ། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་གནད་དོན་གྱི་དམིགས་བསལ་སྐུ་ཚབ་སོགས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ནས་རྒྱ་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་འདྲི་རྩད་གནང་ཁག་གསལ་སྟོན་གནང་འདུག་པ་མ་ཟད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་དེ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཞིག་ཡིན་སྟབས། ཚོགས་པ་དེའི་གཏན་འབེབས་སྒྲིག་གཞི་གཞིར་བཟུང་ལས་དོན་སྤྱི་ཡོངས་ཐོག་མཉམ་ཞུགས་གནང་གལ་ཡིན་སྐོར་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་སྤྱི་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་བྱེད་དགོས་ཀྱིེ་རེད་ཅེས་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་དང་སྦྲགས། འདས་པའི་དུས་ཡུན་ནང་ལ་རྒྱ་ནག་གཞུང་ལ་བཀྲིས་དབང་ཕྱུག་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ། དེ་བཞིན་གསེར་རྟ་བླ་རུང་སྒར་བཅས་ཀྱི་གནད་དོན་ཟུར་འདོན་གནང་སྟེ་རྒྱ་གཞུང་ལ་འདྲི་རྩད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ནས་དེ་དག་ཐོག་ལན་འདེབས་ཞུས་པ་ད་ལྟའི་ཆར་ཡོངས་བསྒྲགས་གང་ཡང་བྱུང་མེད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༧།༡༠།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་སྲ་ཐག་ཐག་བཟོས་ཐུབ་ན་དེས་བོད་ཀྱི་ཆབ་སྲིད་ཀྱི་རང་དབང་ཐོག་ལའང་ཤུགས་རྐྱེན་ཏན་ཏན་ཡོད་རེད་ཅེས་བཀའ་སློབ་བསྩལ་འདུག རྒྱ་ནག་དམར་ཤོག་གི་ཚོགས་ཆེན་མཇུག་སྒྲིལ་དང་བསྟུན་དབྱིན་ཡུལ་རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ་ལས་འགུལ་སྤེལ་འདུག བཞུགས་སྒར་དུ་བོད་ཀྱི་མཛངས་པའི་འགྲན་བསྡུར་དེ་རིང་ནས་འགོ་འཛུགས། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁེ་ཕན་གྲུབ་འབྲས་སྐོར་ལ་གསུངས་པ། Thursday 26/10/2017 Dalai Lama meets with graduate students of Sarah College of Higher Tibetan Studies Tibetans and supporters protest in London as Xi begins his second term First ever Mr. Tibet contest begins in Dharamsala HEALTH FEATURE: Sikyong’s speech on importance and benefits of TMS

༸གོང་ས་མཆོག་གིས་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་སྲ་ཐག་ཐག་བཟོ་ཐུབ་ན་དེས་བོད་ཀྱི་ཆབ་སྲིད་ཀྱི་རང་དབང་ཐོག་ལའང་ཤུགས་རྐྱེན་ཏན་ཏན་ཡོད་རེད་ཅེས་བཀའ་སློབ་བསྩལ་འདུག

བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མ་ཐོ་རིམ་སློབ་གཉེར་ཁང་གི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་ ༡༧ པའི་སློབ་ཐོན་འཛིན་གྲྭའི་དགེ་ལས་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁ་སང་ཚེས་ ༢༥ ཉིན་སྔ་དྲོ་༸རྒྱལ་བའི་ཕོ་བྲང་དུ་གཟིམས་ཆུང་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་འདུག མགོན་པོ་མཆོག་གིས་སྐབས་དེར་གཙོ་བོ་དགེ་སློབ་ཚོར་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དང་དེ་འབྲེལ་བའི་བོད་ཀྱི་རིག་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་དང་འབྲེལ། དཔལ་ཎ་ལེནྜའི་མཁས་པ་ཚོས་གཏན་ལ་ཕབ་པའི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་ནང་པའི་ལྟ་གྲུབ་སྐོར་དེ་དག་ཆོས་ལུགས་གཞན་དང་མི་འདྲ་བ་རྟག་མཐའ་དང་ཆད་མཐའ་གཉིས་སུ་མ་ལྷུང་བ་ཧ་ལས་པ་ཞིག་ཡོད་སྟབས། བོད་ཕྲུག་མི་རབས་གཞོན་པ་ཚོས་རང་གི་མེས་པོའི་རླབས་ཆེན་གྱི་ཤུལ་བཞག་དེ་དག་གི་རིན་ཐང་རྒྱུ་མཚན་དུ་མཐོང་བའི་སྒོ་ནས་གཅེས་འཛིན་གནང་གལ་ཡིན་པའི་ལམ་སྟོན་བསྩལ་འདག ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁར་བཅར་བའི་མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་པོ་དེ་དེ་རིང་སང་ཉིན་གྱི་འཛམ་གླིང་ནང་དགོས་ཡག་ཡོད་པ་ཞིག་ཆགས་ཡོད་པ་ལྟར། དེ་བེད་སྤྱོད་ཡོང་བ་ལ་སེར་སྐྱ་གཉིས་ཀས་དེང་དུས་ཀྱི་ཤེས་ཡོན་དགོས་རྒྱུ་ཧ་ཅང་གི་གལ་གནད་ཡིན་པ་གསུངས་པ་དང་ཆབས་ཅིག སྒོས་སུ་ང་ཚོས་རང་གི་གཅེས་ནོར་དེ་སྲ་ཐག་ཐག་བཟོ་ཐུབ་ན་དེས་བོད་ཀྱི་ཆབ་སྲིད་ཀྱི་རང་དབང་ཐོག་ལའང་ཤུགས་རྐྱེན་ཏན་ཏན་ཡོད་རེད་ཅེས་བཀའ་སློབ་རྒྱ་ཆེ་བསྩལ་འདུག ཁ་སང་མཇལ་བཅར་ཞུ་མཁན་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་རིག་གནས་སྐབས་ ༡༧ པའི་སློབ་མ་ ༢༧ ཡོད་པ་ལས་བོུ་སྒྲོལ་མ་སྐྱིད་ལགས་ཀྱིས་༸གོང་ས་མཆོག་གི་ནང་ཆོས་ཐོག་སེར་སྐྱ་ཁྱད་མེད་ནས་སློབ་སྦྱོང་གནང་གལ་ཡིན་པའི་བཀའ་སློབ་སྩལ་བ་དེ་སེམས་ལ་འཇུག་ཤོས་བྱུང་ཞེས་གསུངས་ཀྱི་འདུག

བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོ་དངོས་སུ་འགོ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༦ ཉིན་ཚོུད་ ༡༢།༠༠ ཙམ་ལ་བཞུགས་སྒར་ཉེ་འཁྲིས་ནོར་གླིང་དུ་རྟེན་གཞི་བྱས་པའི་ Highland མགྲོན་ཁང་གི་རྐྱལ་རྫིང་དུ་ཆེས་ཐོག་མའི་བོད་ཀྱི་མཛངས་པ་འགྲན་ཞུགས་པ་རྣམས་ནས་རང་ཉིད་ཀྱི་ལུས་པོའི་སྟོབས་དང་། རྩལ་རྣམས་མང་ཚོགས་ལ་གཟིགས་འབུལ་ཞུས་པའི་ཐོག་འགྲན་བསྡུར་ཐེངས་པོ་དེ་དངོས་སུ་འགོ་འཛུགས་གནང་སོང་། བོད་ཀྱི་མཛངས་པའི་གཟུགས་བྱད་འགྲན་སྡུར་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངེས་སྟོན་པ་། དམིགས་བསལ་སྐུ་མགྲོན་རྡ་ས་ས་གནས་འགོ་འཛིན། དེ་བཞིན་འགྲན་སྡུར་གྱི་གཟུ་དཔང་རྣམ་པ་བཞིས་གཙོས་པའི་དོ་དབྱིངས་ཅན་གྱི་མང་ཚོགས་བཅས་མཉམ་ཞུགས་གནང་འདུག འགྲན་བསྡུར་གྱི་ཐོག་མར་འགྲན་ཞུགས་པ་རྣམས་ནས་རང་ཉིད་སོ་སོའི་རྐྱལ་གོས་བཞེས་ཏེ་རང་ཉིད་ཀྱི་ལུས་པའི་བྲང་ཁོག་དང་། རྐང་ལག་གི་དབྱིབས་དང་རྩལ་སོགས་ལུས་པོ་སྤྱི་ཡོངས་ཀྱི་སྟོབས་དང་བྱད་གཟུགས་རྣམས་གཟུ་དཔང་གཙོས་པའི་མང་ཚོགས་རྣམས་ལ་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་གཟུ་དཔང་རྣམས་པས་ཁོང་རྣམས་ལ་ཐོབ་བྱའི་བརྒྱ་ཆ་ཡང་གནང་ཡོད་པ་རེད། གཞན་ཡང་སྐབས་དེར་ཆེས་ཐོག་མའི་བོད་ཀྱི་མཛངས་པ་འགྲན་བསྡུར་གྱི་གཟུ་དཔང་རྒྱ་གར་ཤར་ཕྱོགས་ཀྱི་མཛངས་པ་ཐོབ་མྱོང་མཁན་བསྟན་འཛིན་འཇམ་དབྱངས་ལགས་དང་། ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་གི་མཛངས་པ་འགྲན་སྡུར་ཐོབ་མྱོང་མཁན་པ་ཝན་ཤེ་ཊི་ལགས། དེ་བཞིན་བྷར་སིལ་ནས་ཕེབས་པའི་མཛེས་བཟོ་མཁས་ལས་པ་ Beatriz Bispo ལགས་དང་བྱང་ཨ་རིའི་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བསོད་ནམས་ལགས་བཅས་གནད་ཞུ་གནང་འདུག དེ་རིང་དགོང་མོ་ཚོུད་ ༧།༠༠ སྟེང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་གདན་འདྲེན་ཞུས་པའི་གཞས་པ་ཚོས་གཞས་སྣ་འཁྲབ་སྟོན་དང་། འགྲན་ཞུགས་པའི་དབར་ཕྱི་ལུགས་ཀྱི་ཆས་གོས། ཐུན་མིན་བོད་ཀྱི་ཆས་གོས། གོམ་སྟབས་སོགས་ཀྱི་འགྲན་སྡུར་བཅས་གནང་གི་ཡོད་པ་རེད།  དེ་བཞིན་སང་ཚེས་ ༢༧ ཉིན་རིག་རྩལ་འགྲན་སྡུར་དང་གཟུ་དཔང་ཚོའི་དྲི་བར་ལན་འདེབས་ཀྱི་འགྲན་བསྡུར་གནང་རྒྱུ་དང་། གནངས་ཚེས་ ༢༨ ཉིན་མཐའ་མའི་འགྲན་སྡུར་དང་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་ཐོག་ཨང་པོ་ཐོབ་མཁན་ལ་ཧིན་སྒོར་ ༡,༡༠༠༠༠ དང། ཨང་གཉིས་པར་ ༧༠༠༠༠ ཐམ་པ་དང་དེ་བཞིན་ཨང་གསུམ་པར་ ༤༠༠༠༠ བཅས་གནང་གི་ཡོད་པ་རེད།    

ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་མཇུག་སྒྲིལ་དང་བསྟུན་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་འདུག

དབྱིན་ཡུལ་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཟུང་འབྲེལ་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག དེ་ཡང་དབྱིན་ཡུལ་བོད་རིགས་ཚོགས་པས་གོ་སྒྲིག་འོག་རེས་གཟའ་ལྷག་པ་འཆར་ཅན་ཁུལ་དེའི་རྒྱལ་ས་ལོན་ཊན་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཁ་སང་ལྷག་དཀར་ཉིན་མོ་དང་ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་མཇུག་སྒྲིལ་གྱིས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་གསར་པ་བདུན་ཡོངས་བསྒྲགས་བྱས་པའི་དུས་ཚིགས་ཤིག་ཀྱང་ཆགས་ཡོད་སྟབས། དབྱིན་ཡུལ་ནང་གནས་སྡོད་བོད་མི་ཁག་ཅིག་ནས་འདས་པའི་ཞི་ཅིང་ཕིང་གི་སྲིད་འཛིན་ལས་ཡུན་ནང་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག་སོགས་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་བོད་ནང་གི་གནས་སྟངས་དེ་སྔ་ལས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་མིའི་གནས་སྟངས་འཁོད་པའི་ཤོག་བྱང་འགྲེམས་སྤེལ་དང་སྐད་འབོད་སོགས་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག ཉེ་ཆར་ཟླ་བ་འདིའི་ཚེས་ ༡༨ ཉིན་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་བྱས་ཡོད་པ་དང་བསྟུན་ནས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ། ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་པར་སེམས་འཚབ་ཀྱིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་ཡོང་བར་དུ་སྐྱབས་བཅོལ་བོད་མི་རྣམས་ནས་ཞི་ཅིང་ཕིང་ལ་སྔར་ལྷག་གདོང་ལེན་བྱ་རྒྱུའི་ཆོད་སེམས་གཏན་པོ་ཡོད་པའི་བརྡ་ལན་སྤྲད་ཡོད་པ་རེད། རྩ་བའི་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་ཟླ་བ་འདིའི་ཚེས་ ༡༨ ནས་འགོ་འཛུགས་ཀྱིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཁ་ཉིན་ཚེས་ ༢༤ ཉིན་མཇུག་སྒྲིལ་བྱས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་བདུན་གསར་དུ་བསྐོ་གཞག་དང་འབྲེལ། ཞི་ཅིན་ཕིང་གིས་མ་འོངས་དབང་ཆ་སྲ་བརྟན་དུ་བཏང་ཡོད་པ་དང་སྔར་སྲོལ་དང་མི་འདྲ་བར་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་སྐོར་གསུངས་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་བདུན་གསར་དུ་བསྐོ་གཞག་བྱས་འདུག

དེ་རིང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་ཡོངས་བསྒྲགས་བྱས་པ་དང་སྦྲགས། ཞི་ཅིན་ཕིང་གིས་མ་འོངས་དབང་ཆ་སྲ་བརྟན་དུ་བཏང་ཡོད་པ་དང་། སྔར་སྲོལ་དང་མི་འདྲ་བར་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་སྐོར་གསུངས་འདུག རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོར་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཞི་ཅིང་ཕིང་གི་སྣེ་ཁྲིད་པའི་མ་འོངས་ལོ་ལྔའི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་རྣམས་ཡོངས་བསྒྲགས་གནང་བ་དང་སྦྲགས་ཏེ། ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པ་དངོས་སུ་འགོ་འཛུགས་བྱས་འདུག ད་ལན་རྒྱུན་ལས་འཐུས་མི་གསར་པའི་ཁོངས་སུ་ཞི་ཅིང་ཕིང་དང་ལི་ཁེ་ཆཱང་གཉིས་ཕུད་པའི་གཞན་འཐུས་མི་ཆ་ཚང་གསར་པ་ཡིན་པ་མ་ཟད། འཐུས་མི་དེ་དག་གི་ཁོངས་སུ་རིང་མིན་ཕྱི་ལོ་ ༢༠༢༢ ལོར་ཞི་ཅིང་ཕིང་གི་ལས་ཡུན་གཉིས་པ་ཚང་པའི་རྗེས་རྒྱ་ནག་གི་འགོ་ཁྲིད་གསར་པ་བྱེད་ཆོག་མཁན་མི་རབས་དྲུག་པའི་འགོ་ཁྲིད་སུ་གཅིག་ཀྱང་བཀོད་མེད་པ་ལྟར། རྒྱལ་སྤྱིའི་ཁྲོད་རྒྱ་ནག་དབྱེ་ཞིབ་པ་མང་དག་ཞིག་གིས་དེ་ནི་ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པ་རྫོགས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་རྒྱུའི་ཐབས་བྱུས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག རྩ་བའི་ད་ལན་རྒྱ་ནག་གི་རྒྱུན་ལས་གསར་འདེམས་ཁོངས་སུ་མི་སྣ་སུ་སུ་ཡོང་མིན་ཐོག་ཡུན་རིང་ནས་ཚོད་དཔག་མང་དག་ཞིག་བྱེད་བཞིན་ཡོད་ཀྱང། རྒྱ་ནག་གི་ཆབ་སྲིད་འགྲོ་ལུགས་ཁྲོད་དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོར་ཞི་ཅིང་ཕིང་གིས་སྣེ་ཁྲིད་དེ་རྒྱུན་ལས་གསར་པ་རྣམས་དངོས་སུ་མ་ཐོན་བར་དུ་མི་སུ་སླེབས་ཀྱི་ཡོད་མེད་རྩ་བ་ནས་ཤེས་ཐུབ་ཀྱི་མེད་པ་རེད་འདུག ནིའུ་ཡོག་ NewYork ནང་དུ་གནས་སྡོད་རྒྱ་ནག་ཉམས་ཞིབ་པ་ Jude Blanchette ལགས་ཀྱིས་དེ་རིང་ Guardian གསར་ཁང་ལ་འགྲེལ་བརྗོད་གནང་པར་རྒྱ་ནག་ཙམ་མ་ཟད་དུས་རབས་ ༢༡ པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་མཁན་ཡིན་ཟེར་བའི་རྒྱ་ནག་གཞུང་འཛིན་དེས་བྱང་ཀོ་རི་ཡའི་ཆབ་སྲིད་འགྲོ་ལུགས་བཞིན་གསང་རྒྱ་དེ་ལྟར་བྱེད་བཞིན་པ་དེ་ནི་ཧང་སང་དགོས་པའི་གནད་དོན་ཞིག་ཡིན་པ་རེད་ཅེས་གསུངས་པ་དང་ཆབས་ཅིག དེ་ནི་ངོས་ལེན་བྱ་ཐབས་མེད་པའི་གནད་དོན་ཞིག་རེད་ཅེས་ནན་བརྗོད་གནང་འདུག རྒྱ་ནག་གཞུང་གིས་ད་ལན་ཚོགས་ཆེན་ཐེངས་ ༡༩ པ་དེ་དྲ་རྒྱའི་ཐོག་ཐད་གཏོང་བྱེད་པ་སོགས་གུ་ཡངས་དང་ཕྱི་གསལ་ནང་གསལ་གྱི་རྣམ་པ་ཞིག་བསྟན་ཡོད་ཀྱང། ཞི་ཅིང་ཕིང་གིས་གཞུང་འཛིན་ལ་སྐྱོན་བརྗོད་བྱེད་མྱོང་མཁན་ BBC དང་ Guardian དེ་བཞིན་ NewYorkTimes སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་གྲས་ཁག་ཅིག་ལ་གསལ་བཤད་གང་ཡང་མེད་པར་ཚོགས་ཆེན་ཐོག་སླེབས་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད། ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་ཉིན་མཐའ་མའི་ལས་རིམ་ཐོག་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་དེ་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ཁོངས་སུ་བཞག་པ་དེས་ཁོ་པ་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་གྲགས་ཆེ་མའོ་རྩེ་ཏུང་དང་ཏིང་ཞའོ་ཕིང་གཉིས་དང་མཉམ་པའི་གནས་བབ་ཐོབ་པ་དང་སྦྲགས། རང་ཉིད་ཀྱི་དབང་ཆ་སྲ་བརྟན་བཟོ་བ་མ་ཟད། དམར་ཤོག་ཚོགས་པ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་དོན་གཉེར་མཁན་གཙོ་བོ་ཞིག་ཏུ་ངོས་འཛིན་ཐོབ་ཡོད་པ་རེད། དཔྱད་བརྗོད་པ་ཁག་ཅིག་གིས་ཞི་ཅིང་ཕིང་གི་འདོད་པ་ལྟར་བཟང་ཕྱོགས་ཀྱི་འགྱུར་བ་རྣམས་ད་ལན་ལས་ཡུན་གཉིས་པའི་ནང་དུ་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང། Jude Blanchette དང་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་ངེས་སྟོན་པ་ལྕམ་ Elizabeth Economy ལགས་ཀྱིས་གཙོས་པའི་རྒྱ་ནག་མཁས་པ་ཁག་ཅིག་གིས་ཞི་ཅིང་ཕིང་གི་འདས་པའི་ལོ་ལྔའི་གཞུང་འཛིན་བྱེད་སྐབས་ལ་གཞིགས་པའི་མ་འོངས་པར་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་བཟང་ཕྱོགས་ཀྱི་རེ་བ་མེད་པར་འགྲེལ་བརྗོད་གནང་མཁན་འདུག

རེས་གཟའ་ལྷག་པ། ༢༠༡༧།༡༠།༢༥

ཉན་པ།: Listen ཕབ་ལེན། Download རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གསར་པ་ཡོངས་བསྒྲགས་བྱས་པ། རྒྱ་གཞུང་གིས་སྒྲ་འཇུག་འཕྲུལ་ཆས་ཐོག་ནས་དམ་དྲག་ཇེ་ཆེར་གཏོང་བཞིན་པ་མངོན་གསལ་གནང་འདུག གློག་བརྙན་བཟོ་མཁན་བོད་པའི་ན་གཞོན་གསུམ་ལ་ཧིན་སྒོར་འབུམ་གསུམ་རེ་གནང་སོང་། ད་ཆ་སྨན་བཅོས་ལྟ་སྐྱོང་ལས་གཞི་འོག་བོད་མི་མང་བ་ལ་ཕན་ཐོགས་བྱུང་བཞིན་ཡོད་པ་གསུངས་སོང་། རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དྲུག་པའི་ཐོག་རྒྱལ་སྤྱིའི་གློག་བརྙན་གྲགས་གྲས་༢༠ ལྷག་གཟིགས་འབུལ་ཞུ་འཆར། Wednesday 25/10/2017 Xi signals intent to remain in power by revealing politburo with no successor Report highlights China’s tightening grip on surveillance with database of Citizens voices Three budding Tibetan filmmakers receive 2017 Tibet TV Film Grant award Three days workshop on the Tibetan Medicare System commences in Dharamsala Over 20 International films to be screened at the 6th Dharamshala International Film Festival

Latest news