Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2017

རེས་གཟའ་ཉི་མ། ༢༠༡༧།༠༤།༣༠

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་གཅིག་གི་གལ་ཆེའི་གསར་འགྱུར་བསྐྱར་ཞིབ། དམིགས་བསལ་ལེ་ཚན། རྟ་དབང་ཁུལ་དུ་ཡོད་པའི་༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་ངོ་སྤྲོད། Sunday 30/04/2017 Week Review Art and Culture: Introduction to 6th Dalai lama’s Birth place.

སྨན་པ་མཁས་གྲུབ་ལགས་འཛིན་བཟུང་དང་ཚེ་སྒྲུབ་སྐྱིད་ལགས་བཙོན་གྲོལ་ཐོབ་འདུག

བོད་ནང་གི་གནས་ཚུལ་ཁག་ཅིག་འདི་གར་འབྱོར་བར་གཞིགས་ན།  བོད་མདོ་སྨད་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་ཁང་གི་དབུ་འཛིན་སྨན་པ་མཁས་གྲུབ་ལགས་རྒྱ་ནག་གཞུང་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་འདུག་པ་དང། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་བཞིའི་རིང་གར་སོང་ཆ་མེད་དུ་གྱུར་པའི་བེུད་ཚེ་སྒྲུབ་སྐྱིད་ལགས་ཉེ་ཆར་གློད་བཀྲོལ་ཐོབ་འདུག བོད་མི་ཞིག་གིས་བོད་མདོ་སྨད་རྨ་ཆུ་ནང་གི་གནས་ཚུལ་འགྲེལ་བརྗོད་གནང་པར་སྨན་པ་མཁས་གྲུབ་ལགས་དེ་སྔོན་ ༢༠༡༦ ལོའི་ཟླ་ ༡༢ ནང་རྒྱ་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་ངོས་ལེན་མ་བྱས་སྟབས། མུ་ར་དགོན་པའི་དོ་དམ་པ་དང་སྨན་ཁང་གི་སྨན་པ་གཅིག་བཅས་ཁོང་གཉིས་ཀྱིས་མི་བརླག་པའི་གསལ་བསྒྲགས་སྤེལ་ནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་པས་ཉེན་རྟོག་པ་ཞེད་ནས་ཁོང་འཛིན་བཟུང་བྱས་ཡོད་པ་ངོས་ལེན་གྱིས་མཐར་འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་གློད་བཀྲོལ་བཏང་པ་ཞིག་ཡིན་པ་གསུངས་སོང་། འོན་ཀྱང་རྫོང་ཉེན་རྟོག་པས་དེ་སྔོན་མཁས་གྲུབ་ལགས་འཛིན་བཟུང་གིས་བཀག་ཉར་སྐབས་བཙན་འཕྲོག་བྱས་པའི་ཅ་དངོས་རྣམས་ལེན་དུ་ཤོག་ཅེས་བརྗོད་ནས་ཁོང་སླར་ཡང་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད་འདུག ཡང་དེའི་བར་ན་ཨོ་སི་ཊོ་ལི་ཡར་བཞུགས་པའི་རྨེའུ་དཀོན་རྒྱམ་ལགས་ཀྱིས་དེ་སྔོན་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས་ཚེ་སྒྲུབ་སྐྱིད་ལགས་ཀྱིས་ཁོང་གི་སྐུ་ཕུང་ལ་བཟུང་ནས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་གནང་སྟབས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉེ་ཆར་ཟླ་འདིའི་ཚེས་ ༥ ཉིན་བཙོན་གྲོལ་ཐོབ་བཏང་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༥ ཉིན་རྒྱ་གཞུང་གི་ཁྲིམས་ཁང་ནས་ཁོང་ལ་ལོ་ངོ་ ༤ རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་མེ་ཡན་བཙོན་ཁང་ནང་བཅུག་ཡོད་པ་དང་། ཁོང་བཙོན་ཁང་ནང་དུ་བཞུགས་སྐབས་གཟུགས་གཞི་བདེ་མིན་རྐྱེན་པས་ལོ་གཅིག་ལྷག་བཙོན་པའི་སྨན་ཁང་དུ་བཞུགས་དགོས་བྱུང་འདུག ཉེ་ཆར་ཁོང་བཙོན་གྲོལ་གཏང་ལ་ཉེ་བའི་མཚམས་དེར་རྒྱ་གཞུང་གིས་ཁོང་ལ་ཁྱེད་རང་གི་སྨན་ཡོན་ལ་རྒྱ་སྒོར་ཁྲི་བཅུ་གསུམ་སོང་ཟིན་སྟབས། དངུལ་ཚབ་སྤྲོད་དགོས་ཟེར་ནས་དཀའ་ངལ་མང་དག་འཕྲད་ཡོད་པ་ཤེས་རྟོགས་བྱུང་འདུག རྩ་བའི་ཚེ་སྒྲུབ་སྐྱིད་ལགས་ཟླ་འདིའི་ཚེས་ ༥ ཉིན་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་སྐབས་ས་གནས་ཡུལ་མི་ ༢༠༠ ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག གཞན་ཡང་སྔ་ལོ་ཨ་མདོ་ཨ་མཆོག་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞུ་གཏུག་གི་ལས་འགུལ་སྤེལ་བ་དང་འབྲེལ་འཛིན་བཟུང་གིས་བློ་རིག་མི་གསལ་བ་བཟོས་ནས་རང་ཁྱིམ་དུ་བཏང་བའི་ཚེ་དབང་སྐྱབས་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེའང་སྔ་ལོའི་ཕྱི་ཟླ་ ༥ པའི་ནང་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་ ་གོང་སྔོན་བླ་རིའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཚེ་དབང་སྐྱབས་ལགས་ནས་ལས་གཞི་དེ་མཚམས་འཇོག་དགོས་པའི་གཏམ་བཤད་བྱས་ཡོད་པ་དང་། དེའི་བརྙན་པར་ཞིག་བརྒྱུད་ལམ་ཐོག་ཕྱིར་འགྱར་བྱུང་བས་ཁོང་དང་བོད་མི་གཞན་ལྔ་དྲུག་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། སུད་སིར་བཅའ་བཞུགས་ལྷ་སྲས་བསོད་ནམས་ལགས་ཀྱིས་གནས་ཚུལ་གནང་འབྱོར་བྱུང་བར་གཞིགས་ན། ཚེ་དབང་སྐྱབས་ལགས་ལ་ནད་གཞི་ལྕི་མོ་ཞིག་བྱུང་ནས་རྫོང་དང་ཁུལ་སྨན་ཁང་སོགས་སུ་འགྲོ་སོང་ཆེན་པོ་བཏང་ནས་སྨན་བཅོས་ཞུས་ཀྱང་ཕན་འབྲས་མ་བྱུང་ནས་མཐར་ཟླ་ ༤ ཚེས་ ༢༥ ཕྱི་དྲོ་ཚོུད་ ༡༡།༡༥ སྟེང་སྐུ་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག

རེས་གཟའ་སྤེན་པ། ༢༠༡༧།༠༤།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་གནང་མཁན་ཚོའི་གྲུབ་དོན་ལ་བསྔགས་བརྗོད་གནང་འདུག སྲིད་སྐྱོང་ལ་དབྱིན་སྐད་ཐོག་ President ཞེས་འབོད་རྒྱུའི་ཐག་གཅོད་གནང་འདུག སྨན་པ་མཁས་གྲུབ་ལགས་བསྐྱར་དུ་འཛིན་བཟུང་། ཚེ་གྲུབ་སྐྱིད་ལགས་ལོ་བཞི་རྗེས་གློད་བཀྲོལ་ཐོབ་འདུག ཁོར་ཡུག་སྲུང་སྐྱོབ་པ་ཚེ་དབང་སྐྱབས་ལགས་འདས་གྲོངས་སུ་གྱུར་འདུག སྐུ་ཞབས་གྷེ་རི་དང་ལྕམ་ནེན་སི་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག བོད་མི་རང་སྲེག་གི་པར་རིས་འགྲེམས་སྟོན་ལས་འཕྲོས་ཏེ་ཀོ་ནལ་སློབ་ཁང་དུ་བསམ་ཚུལ་འདྲ་མིན་བྱུང་འདུག Saturday 29/04/2017 Dalai Lama meets with core committee working on Curriculum for Universal Values Sikyong officially termed as ‘President’ of Central Tibetan Administration in English Tibetan physician rearrested, woman released after 4 years in prison Tibet mining protester Tsewang Kyab dies Students Divided Over Swiped Pro-Tibet Signs Depicting Self-immolation Richard Gere, Nancy Pelosi honored by Freedom House

སྐུ་ཞབས་གྷེ་རི་དང་ལྕམ་ནེན་སི་གཉིས་ནས་བོད་དོན་དྲིལ་བསྒྲགས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཆེས་མཐོའི་གཟེངས་རྟགས་ཕུལ་འདུག

དེའང་ཁ་ཉིན་ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་རང་དབང་ཁང་པའི་ཕྱི་ལོ་ ༢༠༡༧ ལོའི་རང་དབང་གཟེངས་རྟགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་རང་དབང་ཁང་པའི་ངོས་ནས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi ལགས་རྣམ་གཉིས་ནས་ད་བར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་ཆབ་སྲིད་ཀྱི་གནས་བབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་མངོན་གསལ་གནང་སྟེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་མང་སྤེལ་བར་ཆེ་བསྟོད་དང་སྦྲགས། སྐུ་ཞབས་ Richard Gere ལགས་ལ་ཕྱི་ལོ་ ༢༠༡༧ ལོའི་རང་དབང་ཁང་པའི་དྲིལ་བསྒྲགས་ཀྱི་གཟེངས་རྟགས་དང་། ལྕམ་སྐུ་ Nancy Pelosi ལགས་ལ་ཕྱི་ལོ་ ༢༠༡༧ ལོའི་རང་དབང་ཁང་པའི་འགོ་ཁྲིད་ཀྱི་གཟེངས་རྟགས་བཅས་འབུལ་བཞེས་གནང་འདུག གཞན་ཡང་སྐབས་དེར་འདི་ལོའི་རང་དབང་ཁང་པའི་གཟེངས་རྟགས་གཙོ་བོ་ ༢༠༡༧ ལོའི་རང་དབང་གཟེངས་རྟགས་ཞེས་པ་དེ་ Venezuelan རྒྱལ་ཁབ་ཀྱི་ཆབ་སྲིད་བཙོན་པ་རྣམ་པའི་རང་དབང་དང་མང་ཚོགས་ཀྱི་ཤེས་ཡོན། དེ་བཞིན་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཡུན་རིང་ནས་ཕྱག་ལས་གནང་མཁན་་ཨ་རིའི་མངའ་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Luis Almagro ལགས་ལ་འབུལ་བཞེས་གནང་འདུག་པ་དང་། གཟེངས་རྟགས་དེ་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་སྐུ་ཞབས་ Vaclav Havel ལགས། གཞན་ཡང་ལྕམ་ Aung suu kyi སོགས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཐོག་ལ་ཕྱག་ལས་གནང་མཁན་གྱི་རྒྱལ་སྤྱིའི་འགོ་ཁྲིད་ཁག་ ༥༠ ལྷག་ལ་ཕུལ་མྱོང་ཡོད་པ་རེད། ཨ་རིའི་རང་དབང་ཁང་པ་དེ་ནི་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དྲང་བདེན་མ་ཡིན་པའི་གཞུང་འཛིན་ལ་ལྡོག་ལན་དང་། མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་གནང་རྒྱུ་སོགས་ལ་དམིགས་ཏེ་ཕྱི་ལོ་ ༡༩༤༡ ལོར་གསར་དུ་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་རྒྱལ་སྤྱིའི་ཐོག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་རྒྱུ་དང་། ཕྱི་ལོ་ ༡༩༧༢ ལོ་ནས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་ཀྱང་ཡོངས་བསྒྲགས་སུ་འདོན་སྤེལ་གནང་བཞིན་ཡོད་པ་རེད།

༸གོང་ས་མཆོག་གིས་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་གནང་མཁན་ཚོའི་གྲུབ་དོན་ལ་བསྔགས་བརྗོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་པའི་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་ལྷན་ཚོགས་ལ་བསྔགས་བརྗོད་དང་སྦྲགས། ཁོང་ཚོའི་གྲུབ་དོན་སྤྱན་འབུལ་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་བྱུང་ཡོད་པ་བཀའ་གནང་འདུག རྩ་བའི་ Core Committee Working on the Curriculum for universal Value འམ་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་ལྷན་ཚོགས་ཞེས་པ་དེ་ནི། ༸གོང་ས་མཆོག་གི་དགོངས་གཞི་ལྟར་དེང་གི་ཤེས་ཡོན་ནང་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་དང་འབྲེལ་རྒྱ་གར་དང་ཨ་རི་ནང་གི་ཤེས་ཡོན་ལྟེ་གནས་ཁང་དྲུག་ལས་བསྡུས་པའི་ཚོགས་འདུ་ཞིག་ཡིན་པ་དང་། ལྷན་ཚོགས་དེ་ནས་ད་རེས་ཕྱི་ཚེས་ ༢༧ ནས་འདས་པའི་ཉིན་གཉིས་རིང་སློབ་གྲྭའི་ནང་བཟང་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་ནས་རང་རང་སོ་སོའི་བརྟག་དཔྱད་ཞིབ་འཇུག་དང་ལས་འཆར་སོགས་ཀྱི་སྐོར་ལ་གོ་བསྡུར་སྦྱངས་བཤད་གནང་པ་དང་། ཁ་སང་ཉིན་མཐའ་མའི་ཐོག་རང་གི་གྲུབ་དོན་མི་འདྲ་བ་ཁག་༸གོང་ས་མཆོག་ལ་སྙན་གསན་ཞུས་འདུག མགོན་པོ་མཆོག་གིས་ལྷན་ཚོགས་སྐབས་སུ་ལས་གཞི་འདིའི་ཐོག་ལ་མཉམ་རུབ་ཀྱི་འགན་འཁུར་བཞེས་རྒྱུ་དེ་ཤིན་ཏུ་ནས་གནད་འགག་གི་རང་བཞིན་ཆགས་ཡོད་སྐོར་ཡང་ལམ་སྟོན་བསྩལ་འདུག ཉིན་གཉིས་རིང་གི་ལྷན་ཚོགས་འདིའི་ཐོག་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་གྱི་ Tata སྤྱི་ཚོགས་ཚན་རིག་ལྟེ་གནས་ཁང་སོགས་ཀྱི་ཤེས་ཡོན་ལྟེ་གནས་དྲུག་གི་སྐུ་ཚབ་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་དང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། ༸སྐུའི་དབྱིན་སྐད་གསུང་སྒྱུར་ཟུར་པ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ནས་བཟང་སྤྱོད་ཀྱི་བསླབ་གཞི་ཐོག་གོ་བསྡུར་སྦྱངས་བཤད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ལྷན་ཚོགས་འདི་སྐོར་འབྲེལ་ཡོད་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ལྷོ་ཨེ་ཤི་ཡའི་ངེས་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་ཐེངས་འདིའི་ལྷན་ཚོགས་ཀྱི་དགོས་པ་དང་ཕུགས་ཀྱི་དམིགས་ཡུལ་ཇི་ཡིན་ཐོག་བཀའ་འདྲི་ཞུས་པ་ཡིན། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་ཁ་ཉིན་བཅས་སུ་ལྷན་ཚོགས་དེའི་ཉིན་དང་པོའི་ཚོགས་དགོན་དུ་དབུ་བཞུགས་མཛད་ཡོད་པ་དང་དེ་ནས་ཁ་སང་སྔ་ཐོག་ལྷན་ཚོགས་དེའི་མཐའ་མའི་གྲུབ་དོན་ཐོག་མགོན་པོ་༸གང་ཉིད་མཆོག་གིས་གཟིགས་ཚུལ་དང་ལམ་སྟོན་བཀའ་སློབ་བཅས་བསྩལ་ཡོད་པ་རེད།

སྲིད་སྐྱོང་ལ་དབྱིན་སྐད་ནང་དུ་ President ཞེས་འབོད་རྒྱུའི་ཐག་གཅོད་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་དུས་རྒྱུན་ཡོངས་བསྒྲགས་སུ་གཞུང་འབྲེལ་གྱི་བེད་སྤྱོད་གནང་བཞིན་པའི་སྲིད་སྐྱོང་ཞེས་པའི་མཚན་བྱང་དེ་ད་ནས་བཟུང་དབྱིན་སྐད་ནང་དུ་ President ཞེས་འབོད་རྒྱུར་ཐག་གཅོད་གནང་འདུག རྩ་བའི་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་ཡོད་པ་དང། ཕྱི་ལོ་ ༢༠༡༢ ལོའི་སྐབས་ ༡༥ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་བཅའ་ཁྲིམས་དགོངས་གསལ་ལྟར། དེ་སྔའི་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བསྐྱར་བཅོས་གནང་རྒྱུའི་སྤྱི་མོས་ཀྱི་ཐག་གཅོད་བྱུང་བ་བཞིན་དུས་དེ་ནས་བཟུང་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཡིག་ཆ་དང་དྲ་ལམ་ཁག་ཏུ་བཀའ་བློན་ཁྲི་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བེད་སྤྱོད་གནང་འགོ་བཙུགས་ཡོད་པ་རེད། འོན་ཀྱང་ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་དུས་རྒྱུན་ཡོངས་བསྒྲགས་སུ་བེད་སྤྱོད་གནང་བཞིན་པའི་སྲིད་སྐྱོང་ཞེས་པའི་མཚན་བྱང་དེར་དབྱིན་སྐད་ནང་དུ་ President ཞེས་འབོད་རྒྱུའི་ཐག་གཅོད་གནང་འདུག་པ་དང་། འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་ཐོག་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དུས་རྒྱུན་བརྒྱུད་ལམ་ཁག་ཏུ་སྲིད་སྐྱོང་ལ་དབྱིན་སྐད་ནང་དུ་ Prime minister དང། Elected leader སོགས་མཚན་བྱང་འདྲ་མིན་བེད་སྤྱོད་གནང་བཞིན་པའི་རྒྱུ་མཚན་ལ་བརྟེན་ནས་ད་ནས་བཟུང་སྲིད་སྐྱོང་ལ་དབྱིན་སྐད་ནང་དུ་ President ཞེས་གཅིག་འགྱུར་གྱི་བེད་སྤྱོད་གནང་ཕྱིར་ཐག་གཅོད་གནང་པ་ཞིག་ཡིན་པ་གསུངས་སོང་།

གཉན་འཕྲང་གི་དུས་འདིར་བོད་ཀྱི་ཆོས་བརྒྱུད་ཁག་སྔར་ལྷག་མཐུན་ལམ་དམ་གཙང་དགོས་པར་བཀའ་བརྩལ་བ།

ཟླ་བ་འདིའི་ཚེས་ ༢༦ ཉིན་ཕྱི་དྲོ་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་གིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར། འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་སེ་ར་ཐེག་ཆེན་གླིང་གྲྭ་ཚང་བྱེས་སྨད་གཉིས་ལ་༸ཞབས་སོར་འཁོད་པ་མ་ཟད། ཚོགས་ཆེན་གྱིས་གོ་སྒྲིག་འོག་ཕྱི་དྲོ་ཚོུད་ ༦ ཐོག་སེ་ར་ཚོགས་ཆེན་དུ་མཚུངས་མེད་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་མཆོག་དང་མཁན་རིན་པོ་ཆེ། དེ་བཞིན་བླ་སྤྲུལ་དགེ་བའི་བཤེས་གཉེན་དགེ་འདུན་འདུས་མང་ཡོངས་རྒྱས་འཛོམས་ཐོག་ས་སྐྱ་༸གོང་མ་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་དང་གཞུང་ཀ་པོད་ལྔའི་སྒོ་ནས་རྩོད་པའི་དམ་བཅའ་ཆེན་མོ་ཞིག་གཟིགས་འབུལ་ཞུས་པ་དང་ཆབས་ཅིག དཔལ་ས་སྐྱ་༸གོང་མ་ཁྲི་རིན་པོ་ཆེ་མཆོག་གིས་འདུས་མང་ཡོངས་ལ་ཐོག་མར་༸གང་ཉིད་མཆོག་འདིར་ཕེབས་སྐབས་ཚང་མས་སྣེ་ལེན་དང་གུས་བསུ་གཟབ་རྒྱས་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་མ་ཟད། དེང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གི་རླབས་ཆེན་མཛད་འཕྲིན་འོག་ཆོས་བརྒྱུད་ཕན་ཚུན་དབར་དེ་སྔ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཐུགས་མཐུན་དམ་གཙང་ཡོད་བཞིན་པའི་ཐོག་དེང་སྐབས་གཉན་ཕྲང་གིི་དུས་འདིར་ཚང་མས་སྔར་ལྷག་ཐུགས་མཐུན་དམ་གཙང་གནང་སྐྱོང་ཡོང་བའི་ཞེན་སྐུལ་གནང་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་སྤྱི་དང་ཡང་སྒོས་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་བསྐྱངས་དོན་ལྟར་ང་ཚོས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་༸གང་ཉིད་མཆོག་གི་བཀའ་བཞིན་སྒྲུབ་རྒྱུ་དེ་ཆེས་གནད་ཆེ་ཡིན་པ་སོགས་ལམ་སྟོན་བསྩལ་སོང་། དེ་དང་ཕྱོགས་མཚུངས་དེང་སྐབས་ང་ཚོ་ཁེར་རྐྱང་ཟུར་དུ་གནས་ཐབས་མེད་སྟབས་ང་ཚོས་སྲོལ་རྒྱུན་གྱི་ཤེས་ཡོན་སློབ་སྦྱོང་བྱེད་པ་དང་མཉམ་དུ་ཕྱིའི་སྐད་ཡིག་གིས་མཚོན་པའི་དང་དེང་དུས་རིགས་གསར་གྱི་ཤེས་བྱ་ལ་ཡང་སློབ་སྦྱོང་གནང་ཏེ་དུས་རབས་གསར་པའི་མིའི་བསམ་བློ་གཏོང་སྟངས་དང་ཁམས་དང་མོས་པ་ལྟར་འདུལ་བྱ་སྐྱོང་དགོས་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་གནང་ཡོད། གཞི་རྩའི་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཟླ་ ༤ ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་༸ཞབས་སོར་འཁོད་ཡོད་པ་དང་། ཉིན་གྲངས་ ༢༣ རིང་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དང་ཀོ་ལི་གྷལ་དོན་ལྡན་གླིང་། ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་གཉིས་བཅས་ཀྱི་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་གསུམ་དང་དེ་བཞིན་ཆོས་རྒྱུད་རིས་མེད་དགོན་སྡེ་གྲྭ་ཚང་ཁག མང་ཚོགས་བཅས་ལ་འཚམས་གཟིགས་དང་ཆོས་འབྲེལ་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་ཡོད་པ་མ་ཟད་ཆོས་འབྲེལ་ཉིན་མཐའ་མ་དེ་ཚེས་ ༢༧ ཉིན་སྦེལ་ཀོབ་གྷོ་ལ་ཐ་ལ་གཞིས་གྲོང་ལྔ་པ་དང་དྲུག་གཉིས་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་རབ་གནས་དང་མང་ཚོགས་ལ་བཀའ་སློབ་དང་ཕོ་ལུང་བཅས་གནང་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༧།༠༤།༢༨

ཉན་པ།: Listen ཕབ་ལེན། Download གོང་ས་མཆོག་གིས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་དེས་བོད་མིའི་སྙིང་སྟོབས་འགྱུར་བ་བཏང་ཐུབ་མེད་པ་བཀའ་བསྩལ་འདུག ཆབ་སྲིད་བཙོན་པ་མཆོག་སྤྲིན་རྒྱ་མཚོ་གློད་བཀྲོལ་ཐོབ་འདུག རྒྱ་གཞུང་གིས་བླ་རུང་སྒར་དུ་ཕེབས་མཁན་ཕྱི་མིའི་གྲངས་འབོར་ལ་ཚོད་འཛིན་བྱ་རྒྱུའི་བརྡ་ཁྱབ་བཏང་འདུག ཨ་རིའི་རི་ལི་ གྲོང་སྡེ་སྤྱི་ཁྱབ་པས་ས་གནས་མང་ཚོགས་ཀྱི་འཚམས་འདྲི་ཁག་བསྡུ་རུབ་གནང་སྟེ་༸གོང་ས་མཆོག་ལ་འབུལ་རྒྱུ་རེད་འདུག Brisbane བོད་ཀྱི་དུས་སྟོན་ཐེངས་༩པའི་སྐོར་ཚོགས་བཞིན་ཡོད་པ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། པོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སྐོར། Friday 28/04/2017 60 Years of hard-line Policy has failed to change Tibetan Spirit: Dalai Lama Political prisoner Choktrin Gyatso released, handed over to family at midnight China restricts foreigners from visiting Larung Gar Raleigh Mayor to take message of prayers to the Dalai Lama Brisbane Tibet Festival underway DIASPORA FEATURE: Poanta Cholsum Tibetan Settlement

རྒྱ་ནག་དམར་ཤོག་ཚོགས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེས་གཞིས་ལུས་བོད་མིའི་སྙིང་སྟོབས་ལ་འགྱུར་བ་བཏང་ཐུབ་མེད་པར་བཀའ་བསྩལ་བ།

རྒྱ་ནག་དམར་ཤོག་ཚོགས་པས་ལོ་ངོ་ ༦༠ རིང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེས་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་བཏང་ཐུབ་ཡོད་མ་རེད་ཅེས་བཀའ་བསྩལ་གནང་སོང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་ཤིག་འཛིན་པ་དེས་བོད་ནང་གི་བོད་མི་ཚོའི་བསམ་བློར་འགྱུར་བ་ཡོང་ཐབས་བྱས་ཀྱང་། བོད་མིའི་སྙིང་སྟོབས་ལ་འགྱུར་བ་བཏང་ཐུབ་ཡོད་མ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། དབང་ཆ་གཅིག་བསྡུས་ཀྱི་སྲིད་བྱུས་ལ་ཕུགས་རེ་དེ་ཙམ་མེད་པ་རེད་ཅེས་བཀའ་ནན་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་སང་སློབ་དཔོན ML Sondhi དམ་པ་དེའི་རྗེས་དྲན་གྱི་ ༢༠༡༦ ལོའི་རྒྱལ་སྤྱིའི་ཆབ་སྲིད་མི་སྣའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེའི་སྐབས་སུ་༸གོང་ས་མཆོག་ལ་གསར་འགོད་པ་ཞིག་གིས་སྤྱིར་འཛམ་བུ་གླིང་ཡོངས་ནས་མགོན་པོ་༸གང་ཉིད་ཀྱི་ལམ་སྟོན་ལ་གསན་འཇོག་གནང་གི་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་དེ་ལྟར་རྩ་བ་ནས་མ་བྱེད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་དང་པོ་ང་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉིས་ཀྱི་ཁྱད་པར་དེ་གསལ་པོ་ཤེས་དགོས་ཀྱི་རེད་ཅེས་བཀའ་ནན་བསྩལ་བ་དང་སྦྲགས། ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་དེའི་ཐོག་ནས་བོད་ཙམ་མིན་པར་རྒྱ་རིགས་ཚོ་ལའང་དེ་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང། རྒྱ་གཞུང་གིས་མང་ཚོགས་ལ་དངོས་ཡོད་ཀྱི་གནས་ཚུལ་ཤེས་རྒྱུར་བཀག་སྡོམ་བྱས་པ་དེ་བཟང་སྤྱོད་དང་འགལ་གྱི་ཡོད་པ་གསུངས་སོང་། ལྷག་པར་དུ་ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་དེ་ཡང་བཅོས་མ་ཞིག་ཡིན་སྟབས། དེ་ལྟ་བུའི་ལམ་ལུགས་དེ་ཕུགས་རྒྱང་རིང་པོར་གནས་རྒྱུ་ཁག་པོ་རེད་ཅེས་བཀའ་བསྩལ་ཡོད། ད་དུང་མགོན་པོ་མཆོག་གིས་ད་སྐབས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དེའི་ཐོག་ནས་ཕྱི་རྒྱལ་ཁབ་ཁག་ཏུ་ཡུལ་སྐོར་བསྐྱོད་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། རྒྱ་རིགས་དཔོན་རིགས་ཚོའི་བུ་ཕྲུག་ཀྱང་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་བསྐྱོད་ཀྱི་ཡོད་སྟབས། སྔ་ཕྱི་མ་གཏོགས་རྒྱ་ནག་ནང་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་ཆབ་སྲིད་ཀྱི་ལམ་ལུགས་དེའི་འོག་བོད་མིའི་ཐོག་ལྟ་བ་མཁྲེགས་འཛིན་གྱིས་བོད་མིའི་བསམ་བློར་འགྱུར་བ་ཞིག་ཡོང་བར་ཐབས་ཤེས་མང་དག་ཞིག་བྱས་ཀྱང་། བོད་ནང་གི་བོད་མིའི་ཚོའི་སྙིང་སྟོབས་ལ་འགྱུར་བ་གང་ཡང་བཏང་ཐུབ་མེད་པ་དང་། ཆབ་སྲིད་ཀྱི་ལམ་ལུགས་དེ་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་ཆགས་ཡོད་ཅེས་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། རྒྱལ་ས་ལྡི་ལིར་བཞུགས་ཞག་ཉིན་གྲངས་གསུམ་དེའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་དེ་སྔ་སྲིད་བློན་གཞོན་པ་གནང་མྱོང་མཁན་སྐུ་ཞབས་ LK Advani མཆོག་གིས་དབུས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁ་ས་མགོན་པོ་༸གང་ཉིད་མཆོག་ལ་སློབ་དཔོན་ཨེམ་ཨེལ་སོན་དྷི་དམ་པའི་ ༢༠༡༦ ལོའི་རྒྱལ་སྤྱའི་ཆབ་སྲིད་མི་སྣའི་གཟེངས་རྟགས་འབུལ་བཞེས་དང་། དེ་རིང་༸གོང་ས་མཆོག་གིས་ Secular Ethics འམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་ཡོང་ཐབས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལྷན་ཚོགས་ཤིག་ཏུ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ཚོུད་ ༣།༣༠ ཡོལ་ཙམ་ལ་བཞུགས་སྒར་དུ་ཚུར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

Latest news