Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2016

རེས་གཟའ་ཉི་མ། ༢༠༡༦།༠༧།༣༡

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལས། རྟགས་འཇུག་གི་གལ་གནད་སྐོར་གླེང་བ། Sunday 31/07/2016 Tibetan Arts and Culture: Tibetan Grammar and Language

རེས་གཟའ་སྤེན་པ། ༢༠༡༦།༠༧།༣༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་གཞན་ལ་སེམས་འཁུར་བྱ་རྒྱུུ་ནི་བདེ་སྐྱིད་རྩ་བ་ཡིན་པ་བཀའ་བསྩལ་འདུག བོད་ནང་གི་བོད་མི་ཚོས་རྒྱ་གཞུང་ལ་དགའ་མོས་བྱེད་ཀྱི་མེད་པ་དེ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པས་ཤེས་ཀྱི་མ་རེད་ཅེས་བརྗོད་འདུག བོད་ཀྱི་གསོ་བ་རིག་པའི་སྨན་རྩིས་ཐོག་བགྲོ་གླེང་ཚོགས་འདུག སུད་སི་མི་སེར་ཐོབ་མེད་མཁན་བོད་རིགས་སྐྱབས་བཅོལ་བ་རྣམས་རྒྱ་རིགས་སུ་རྩིས་རྒྱུའི་ཐག་གཅོད་བྱས་འདུག རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་ཚོགས་བཞིན་པ། རིན་ཆེན་རིལ་བུའི་རྒྱུ་ཆ་མི་རག་པའི་དཀའ་ངལ་ཡོད་པ་གསུངས་འདུག Saturday 30/07/2016 ‘Altruism, the true source of Happiness’: Dalai Lama to Lions Roar Chinese tourists remain unaware of the dissatisfaction of Tibetans Panel discussion on Tibetan Medicine and Astrology in Delhi Row over changes made to country of origin of Tibetans in Swiss Tibetan Legal Association conference held in Mysore Scarcity of raw material, cause of less production of Precious Pills, says TMAI Director

༸གོང་ས་མཆོག་གིས་རང་ཉིད་ཀྱི་མི་ཚེ་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་གཙོ་བོ་འགྲོ་བ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུུ་དེ་རེད་ཅེས་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཀྱི་མི་ཚེ་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་གཙོ་བོ་འགྲོ་བ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུ་དེ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེའང་ཁ་སང་ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་སྤྱིའི་ཐོག་ནང་པའི་ཆོས་དང་རིག་གཞུང་། དེ་བཞིན་སྒོམ་གྲུབ་ཉམས་ལེན་གནང་ཕྱོགས་སོགས་དང་འབྲེལ་བའི་དཔྱད་རྩོམ་རིགས་ཁྱབ་སྤེལ་གནང་མཁན་ Lion’s Roar ཐེབས་རྩ་ཁང་གྱི་བརྙན་དེབ་ Lion’s Roar ཞེས་པའི་དེ་ལས་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Melvin McLeod ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་བཟང་སྤྱོད་དང་བདེ་སྡུག དེ་བཞིན་བྱམས་སྙིང་རྗེ། སྒོམ་གྲུབ་ཉམས་ལེན་གནང་ཕྱོགས་སོགས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་པ་ཁྱབ་སྤེལ་གནང་འདུག སྐུ་ཞབས་ Melvin McLeod ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་དེང་སྐབས་ནུབ་ཕྱོགས་པའི་མི་རིགས་མང་པོ་ཞིག་ནས་རང་ཉིད་ཀྱི་བདེ་སྐྱིད་སླད་གཞན་གྱི་བདེ་སྡུག་ལ་བསམ་ཤེས་དེ་ཙམ་གནང་གི་མེད་སྐོར་དང་འབྲེལ། འགྲོ་བ་གཞན་ལ་བདེ་སྐྱིད་བསྐྲུན་ཐབས་སུ་རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་གནང་དགོས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཀྱི་བདེ་སྐྱིད་དང་འགྲོ་བ་གཞན་གྱི་བདེ་སྐྱིད་དབར་ལ་ཁྱད་པར་གྱི་རྩོད་གཞི་གང་ཡང་མེད་སྐོར་བཀའ་བསྩལ་དང་འབྲེལ། ཕྱིའི་སྣང་ཚུལ་གྱི་ཆ་ནས་ང་ཚོས་འགྲོ་བ་གཞན་གྱི་བདེ་སྡུག་ལ་བསམ་ཤེས་གནང་སྐབས་རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་བྱས་པ་ལྟར་སྣང་སྲིད་ཀྱང་། དོན་དངོས་ཐོག་འགྲོ་བ་གཞན་ལ་ཇི་ཙམ་གྱིས་ཕན་པ་བྱེད་པ་དེ་ཚོད་ཀྱིས་རང་ཉིད་ལ་བདེ་སྐྱིད་དང་ཕན་ཡོན་ཆེ་བ་ཡོང་བའི་དགེ་མཚན་ཡོད་པ་བཀའ་བསྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་ཚང་མ་སྤྱི་ཚོགས་སེམས་ཅན་ཡིན་སྟབས་གང་ཟག་སྒེར་གྱི་བདེ་སྡུག་གང་འདྲ་ཞིག་ཡིན་ཡང་འགྲོ་བ་གཞན་ལ་ལྟོས་རྒྱུ་གལ་ཆེན་པོ་ཡིན་པ་དང་།  རང་གཅེས་གཛིན་གྱི་བསམ་བློ་ཁོ་ན་བཏང་ཚེ། རང་ཉིད་ཀྱི་མི་ཚེ་ནང་སེམས་ཁྲལ་དང་སེམས་སྡུག དེ་བཞིན་མི་སྐྱིད་པ་དང་རང་ཉིད་ཁེར་རྐྱང་གི་སེམས་འཚོར་ཤུགས་ཆེ་བྱུང་ངེས་རེད་ཅེས་ལམ་སྟོན་བཀའ་སློབ་དང་སྦྲགས། རང་ཉིད་ཀྱི་མི་ཚེ་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་གཙོ་བོ་འགྲོ་བ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུ་དེ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་རྩོམ་སྒྲིག་པས་དེང་སྐབས་རྒྱལ་སྤྱིའི་ཐོག་འགྲོ་བ་མི་རྣམས་ནས་དཀའ་རྙོག་མང་དག་ཞིག་བཟོ་བཞིན་པའི་དུས་སྐབས་འདིར། ༸གང་ཉིད་མཆོག་ནས་འགྲོ་བ་མིའི་རང་བཞིན་དེ་བཟང་པོ་ཡིན་པའི་གོ་རྟོགས་ཇི་ལྟར་སྤེལ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གང་ཉིད་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་དེ་དག་རྒྱལ་ཁབ་དང་ལུང་ཚན། མི་རིགས་དང་ཆོས་ལུགས། དེ་བཞིན་རིགས་རུས་སོགས་རིམ་པ་གཉིས་པའི་ཁྱད་པར་ལ་དོ་སྣང་ཆེ་དྲགས་པའི་དབང་གིས་བྱུང་གི་ཡོད་སྐོར་བཀའ་བསྩལ་དང་སྦྲགས། ང་ཚོ་ཚང་མ་ཨ་མའི་བྱམས་སྙིང་རྗེའི་འོག་ནས་འཚར་ལོངས་བྱུང་བའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་སྟབས། འགྲོ་བ་མིའི་རང་བཞིན་གཙོ་བོ་དེ་ཞི་དུལ་བག་ཕེབས་དང་བྱམས་སྙིང་རྗེ་ལྡན་པ་ཞིག་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དཀའ་རྙོག་དེ་དག་སེལ་ཐབས་སུ་ཤེས་ཡོན་སློབ་གསོའི་ཁྲོད་ན་གཞོན་རྣམས་ལ་ཕྱི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་སློབ་གསོ་གང་མང་སྤྲོད་གལ་ཆེ་བ་དང་། ལྷག་པར་དུ་ཤེས་ཡོན་སློབ་གསོ་དེ་མིའི་ཀླད་པ་རྒྱ་བསྐྱེད་བཏང་རྒྱུ་ཁོ་ན་མིན་པར་འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་དང་བྱམས་སྙིང་རྗེའི་བསམ་པ་གོང་མཐོར་གཏོང་རྒྱུ་བཅས་ལ་དོ་སྣང་ཆེ་བཞེས་གནང་དགོས་པའི་ལན་སྟོན་མཛད་འདུག ཁོང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནུབ་ཕྱོགས་ཁུལ་དུ་མི་མང་པོ་ཞིག་ནས་ནང་ཆོས་མ་ཤེས་ཀྱང་སྒོམ་གྲུབ་ཉམས་ལེན་གྱི་ཐོག་ལ་དོ་དབྱིངས་ཆེན་པོ་གནང་བཞིན་པར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། མགོན་པོ་ཆོག་ནས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་ནང་ནས་ཐེར་འབུམ་གཅིག་ལྷག་ཆོས་ཁས་ལེན་གནང་གི་མེད་སྐོར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག གཞི་རྩའི་ཆ་ནས་སྒོམ་གྲུབ་ཉམས་ལེན་གནང་རྒྱུ་དེ་ཆོས་ཕྱོགས་ནས་དར་བ་ཞིག་ཡིན་ཀྱང་། འགྲོ་བ་མི་རྣམས་ནས་ཕན་ཡོན་དང་དགེ་མཚན་ལྡན་པར་གཟིགས་ཀྱི་ཡོད་ན་ཆོས་དང་མ་འབྲེལ་བའི་སྒོམ་གྲུབ་ཉམས་ལེན་རིགས་གནང་ཚེ། དེ་ནི་ནོར་འཁྲུལ་གང་ཡང་མེད་པ་མ་ཟད། ལྷག་དོན་སྒོམ་གྲུབ་ཉམས་ལེན་གནང་ཐུབ་ན་རང་ཉིད་ཀྱི་རིག་སྟོབས་འཕེལ་རྒྱུ་དང་བསམ་བློའི་དཔྱད་ཞིབ་ཀྱི་རང་བཞིན་རྒྱ་བསྐྱེད་འགྲོ་རྒྱུ་སོགས་ལ་ཆེས་དགེ་མཚན་ཡོད་པ་བཀའ་བསྩལ་ཡོད། མཐའ་མ་དེར་ Lion’s Roar བརྙན་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Melvin McLeod ལགས་ནས་མགོན་པོ་༸གང་ཉིད་མཆོག་གིས་འཛམ་བུ་འདིའི་ཐོག་ཡོད་པའི་འགྲོ་བ་ཐེར་འབུམ་མང་པོའི་བསམ་བློ་བཀུག་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་གང་ཡིན་པར་གཟིགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་ངོས་རང་ཏཱ་ལའི་བླ་མ་ཡིན་བསམ་པའི་དམིགས་བསལ་གྱི་བསམ་བློ་གང་ཡང་གཏོང་གི་མེད་པ་མ་ཟད། ངོས་ནས་རྒྱལ་སྤྱིའི་ཐོག་ཆོས་འབྲེལ་དང་གསུང་བཤད་སོགས་གང་བསྩལ་ཡང་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་དེས། འགྲོ་བ་ཡོངས་དང་སེམས་ཐག་ཉེ་པོ་བྱུང་ཐུབ་ཀྱི་ཡོད་པར་བཀའ་བསྩལ་གནང་བཞིན་ཡོད་པ་བཀའ་ལན་དང་སྦྲགས། འགྲོ་བ་མི་རྣམས་ལ་ཆོས་ཁས་བླངས་དང་མི་བླངས་ཀྱི་རང་དབང་ཡོད་ཀྱང་། གལ་ཏེ་ཆོས་གང་རུང་ཞིག་ཁས་ལེན་གནང་རྗེས་རང་ཉིད་ཀྱི་ངོས་ནས་སེམས་པ་རྣམ་དག་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། དེ་ལྟར་གནང་ཚེ་རིམ་པས་རང་ཉིད་ཀྱི་སེམས་རྒྱུད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་ཐེབས་ཀྱི་རེད་ཅེས་བཀའ་སློབ་བཀྲིན་བསྩལ་འདུག  

རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་འཚོགས་བཞིན་འདུག

  བོད་མི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་སློབ་མ་ ༣༡ ཙམ་ལྷན་ཞུགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་འདུག དེའང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་རྟེན་གཞི་བྱས་པའི་ Quorum གསོན་མགྲོན་ཁང་གི་ཚོགས་ཁང་དུ་ཀ་སྦུག་གནས་སྡོད་ཁྲིམས་རྩོད་པ་ཚེ་རིང་དངོས་གྲུབ་ལགས་དང་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་རྩོད་པའི་ཕྱག་ལས་གནང་བཞིན་པ་བསྟན་འཛིན་ཚེ་རིང་ལགས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་ཀུན་བཟང་སྟོབས་ལྡན་ལགས། དེ་བཞིན་བོད་མིའི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་སློབ་མ་སོགས་ཁྱོན་མི་གྲངས་ ༣༡ ཆེད་ཕེབས་ཀྱིས་ཚོགས་ཆེན་འཚོགས་བཞིན་འདུག་པ་དང་། ཚོགས་ཆེན་དེ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་གནང་གི་འདུག བཙན་བྱོལ་བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས་གསུངས་པར། ཐེངས་འདིའི་ཚོགས་ཆེན་ཐོག་རྐང་ཁྲིམས་ལུགས་ཚོགས་པའི་ད་བར་གྱི་ལས་དོན་དང་མ་འོངས་འཆར་གཞི་སོགས་ཀྱི་ཐད་བགྲོ་གླེང་དང་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་རྒྱུ་མ་ཟད། ལྷག་དོན་གྲོང་ཁྱེར་སྦེང་ལོར་དང་མཱཨི་སོར་ས་གནས་གཉིས་སུ་ཡན་ལག་གསར་འཛུགས་ཞུ་རྒྱུ་དང་། ཉེ་བའི་ཆར་ཁྲིམས་ལུགས་ཚོགས་པ་ངོས་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ལ་ཁྲིམས་དོན་དཀའ་ངལ་དང་འབྲེལ་བའི་རྟོག་ཞིབ་སོང་བའི་སྐོར་དང་། རྟོག་ཞིབ་ལས་བྱུང་བའི་ས་གནས་མི་མང་ཚོའི་དཀའ་ངལ་སེལ་ཐབས་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་གསུངས་སོང་། ད་དུང་ཁོང་གིས་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དེ་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་རིག་པ་བའི་ཚོགས་པ་ཞིག་དགོས་གལ་ཆེ་བའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པའི་དགོངས་དོན་ལྟར་ཆེད་འཛུགས་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། ཚོགས་པ་དེ་མ་འོངས་པར་སྲ་བརྟན་དང་བཙན་བྱོལ་ནང་གི་ཁྲིམས་ལུགས་རིག་པ་བ་ཚང་མ་རྡོག་རྩ་ཆིག་སྒྲིག་ངང་བོད་མིའི་སྒྲིག་འཛུགས་ལ་ནུས་པ་ཐོན་པའི་ཞབས་ཞུ་བསྒྲུབ་སླད། ད་ལན་གྱི་ཚོགས་ཆེན་དེ་གོ་སྒྲིག་ཞུ་སྐོར་གསུངས་ཡོད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྣེ་འཁྲིད་འོག བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་ཟིན་རྗེས། ༢༠༡༣ ལོར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཞེས་གསར་འཛུགས་གནང་པ་ཞིག་ཡིན་པ་རེད།  ཚོགས་པ་དེའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་གཙོས་རྒྱུན་ལས་བདུན་ཡོད་པ་དང་ཚོགས་མི་ཁྱོན་ ༡༠༠ མ་ཟིན་ཙམ་ཡོད་པ་རེད།

རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེར་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།

རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་མུམ་བྷེ་ནང་དུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་རེད། དེའང་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཚོགས་པས་གོ་སྒྲིག་འོག་གྲོང་ཁྱེར་མུམ་བྷེ་ནང་རྟེན་གཞི་བྱས་པའི་ College of Arts, Science and CommerceSiddhartha གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་པའི་དུས་སྟོན་དེའི་ཐོག་ཁུལ་དེའི་ནང་ཡོད་པའི་ Amravati གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་Sateshwar More ལགས་དང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ནང་པའི་མཁས་པ་སློབ་དཔོན་ Ramesh Chandra Negi ལགས་གཙོས་པའི་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་མཐོ་སློབ་དེའི་དགེ་ལས་སློབ་གཉེར་བ་རྣམས། དེ་བཞིན་ས་གནས་མང་ཚོགས་ཁག་ཅིག་མཉམ་ཞུགས་ཀྱིས་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། སྐབས་དེར་ཆེས་ཐོག་མར་བོད་ཀྱི་ཉིན་མོ་ཞེས་དུས་སྟོན་གོ་སྒྲིག་གནང་མཁན་རྒྱལ་ས་ལྡི་ལི་ནང་ལ་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་འཛུགས་སྐྲུན་གནང་མཁན་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་གནང་མཁན་སྐུ་ཞབས་ Dr. B.R Ambedkar འདས་པོ་དམ་པ་དེ་ཉིད་དང་ནང་ཆོས་དབར་གྱི་དམིགས་བསལ་འབྲེལ་བའི་སྐོར་ལ་གསུངས་པ་དང་སྦྲགས།  བོད་མི་རྣམས་ནས་རང་ཉིད་ཀྱི་འཐབ་རྩོད་ཁྲོད་ནང་པ་སངས་རྒྱས་པའི་ཆོས་ལས་འཚེ་མེད་ཞི་བའི་བསླབ་བྱ་རྣམས་ལག་བསྟར་ཇི་འདྲ་གནང་དགོས་མིན་ཐོག་གསུང་བཤད་གནང་ཡོད་པརེད། དེ་བཞིན་སློབ་དཔོན་Sateshwar More ལགས་ནས་རང་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་ཀྱི་གལ་གནད་དང་འབྲེལ། གཙུག་ལག་སློབ་གཉེར་ཁང་དེའི་སློབ་མ་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་ཐོག་དོ་སྣང་བྱེད་པ་ནང་བཞིན་རང་ཉིད་ཀྱི་ངོ་བོ་མཚོན་ཐུབ་པའི་རྒྱལ་རབས་དང་རིག་གཞུང་སོགས་ཀྱི་ཐད་ལའང་ལྷོད་གཡེངས་མེད་པར་དོ་སྣང་དང་འབད་བརྩོན་གནང་རྒྱུ་ལག་ཆེན་པོ་ཡིན་པའི་ལམ་སྟོན་གནང་འདུག གཞན་ཡང་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ནང་པའི་མཁས་པ་སློབ་དཔོན་ Ramesh Chandra Negi ལགས་ནས་ནང་ཆོས་ཀྱི་ངོ་བོ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས། དེ་བཞིན་དུས་རབ་ཉི་ཤུ་རྩ་གཅིག་འདིའི་ནང་འགྲོ་བ་མིའི་ལས་དོན་ཁྲོད་ནང་ཆོས་ཀྱི་ཕན་ནུས་ཇི་ཡོད་སོགས་ཀྱི་ཐོག་གསུང་བཤད་གནང་པ་དང་ཆབས་ཅིག རང་ཉིད་ཀྱི་ངོས་ནས་ཆོས་ཁས་བླངས་མིན་དང་ཆོས་གང་ཞིག་ཁས་བླངས་ཀྱང་རུང་དེར་མ་ལྟོས་པར་གོ་ལའི་ཐོག་ཡོད་པའི་ཆོས་ལུགས་ཀུན་ལ་གུས་བརྩི་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག རྩ་བའི་རྒྱ་གར་གྱི་ནུབ་ཕྱོགས་གྲོང་ཁྱེར་ Mumbai ནང་ཚོགས་པའི་བོད་ཀྱི་ཉིན་མོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་ཅིག་དང་། རྒྱ་གར་ས་གནས་ཁག་ཏུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་གནང་ཕྱོགས། ལྷ་དོན་བོད་རྒྱའི་འབྲེལ་ལམ་སོགས་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཁག་ཅིག་ཀྱང་གཟིགས་འབུལ་ཞུས་འདུག

རེས་གཟའ་པ་སངས། ༢༠༡༦།༠༧།༢༩

ཉན་པ།: Listen ཕབ་ལེན། Download འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ལ་དོན་ཚན་༡༡༣ཅན་དགོངས་འཆར་ཡིག་ཆ་ཕུལ་འདུག གཞོན་སྐྱེས་རྣམས་ལ་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་ཟབ་སྦྱོང་གནང་བཞིན་འདུག གྲོང་ཁྱེར་ མུམ་བྷའི་ ནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག ངའི་མིང་ལ་བསྟན་འཛིན་ཟེར་གྱི་ཡོད། ང་རྒྱ་མི་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད། དམིགས་བསལ་ལེ་ཚན། བརྩོན་འགྲུས་རྡོ་རྗེ་ལགས་དང་ཁོང་གི་ C’Shell Art སྐོར། Friday 29/07/2016 TCHRD submits 113 point suggestion report to Electoral Review Committee SFT holds Art of Activism regional workshop in Delhi ITCO organises ‘A Day for Tibet’ at Mumbai college Book Release: ‘My Name is Tenzin, I am Not a Chinese’ DIASPORA FEATURE: C’shell Arts

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱུ་མཚན་ཁག་ཅིག་ཐོག་ནས་རིན་པོ་ཆེ་བཙོན་དུ་བཀྲོངས་ཡོད་པ་གསུངས་སོང།

རྒྱལ་གཅེས་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་གཞུང་ནས་ཁོང་གི་ཨ་ཞང་ལགས་མནར་གཅོད་འོག་བཀྲོངས་ཡོད་པ་དང། སྲིད་གཞུང་ནས་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་ཐག་གཅོད་གཙང་མ་བྱ་དགོས་པ་དགོས་འདུན་བཏོན་ཡོད། དེ་ཡང་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཉིན་ཤས་གོང་སྟེ་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་ལྟར། དེ་རིང་སྔ་དྲོ་ཚོུད་ ༡༡།༠༠ སྟེང་ཁོང་གིས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་སྔ་ལོ་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཀྲོངས་པའི་སྔ་རྗེས་ཀྱི་བྱུང་རིམ་དངོས་དང་། དེའི་ཚེ་དེའི་དུས་སུ་ཁོང་རང་ཉིད་གཙོས་པའི་ནང་མི་ཉེ་འབྲེལ་དང་དེ་བཞིན་རིན་པོ་ཆེ་མཆོག་གི་སློབ་མ་སོགས་ལ་འཕྲད་པའི་ཡང་ང་བའི་གནས་ཚུལ་ཁག་ཅིག་མིག་ཆུ་གཏོང་བཞིན་འགྲེལ་བརྗོད་གནང་སོང། རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་ནས་བཀྲོངས་ཡོད་མེད་ཐད་ད་བར་ས་གནས་ས་ཐོག་ཏུ་བྱུང་རིམ་དངོས་དང་། གནས་སྟངས་ངོ་མ་མཐོང་ཐོས་བྱུང་མཁན་དཔང་རྟགས་དངོས་ཤིག་ཆགས་ཡོད་སྟབས། ཁོང་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་མ་བྱེད་གོང་དུ་ཕྱག་སེན་དང་ཞལ་མཆུའི་མདོག་ནག་པོ་ཡོད་པ་མཐོང་བ་དང། བཙོན་ཁང་ནང་ཐུགས་འཕྲད་དུ་མ་གཏང་བར་དུས་ཚོད་ནར་འགྱངས་བྱེད་པ་སོགས་རྒྱུ་མཚན་ཁག་ཅིག་གི་ཐོག་ནས་རིན་པོ་ཆེ་བཙོན་ཁང་ནང་བཀྲོངས་ཡོད་པ་གསུངས་ཡོད། ད་དུང་ཉི་མ་ལྷ་མོ་ལགས་དང་ཁོང་གི་ཨ་མའམ་རིན་པོ་ཆེ་མཆོག་གི་སྐུ་སྲིང་སྒྲོལ་དཀར་ལྷ་མོ་གཉིས་ནས་བཙོན་ཁང་དུ་རིན་པོ་ཆེ་མཆོག་གི་སྐུ་གདུང་མཇལ་དུ་བསྐྱོད་ཐུབ་ཆེད། བཙོན་ཁང་ཕྱི་ལ་མང་ཚོགས་དང་ལྷན་དུ་ཞུ་འབོད་གནང་པའི་ཁྲོད་ཉི་མ་ལྷ་མོ་ལགས་ནས་སྐེས་ཐག་རྒྱབ་ནས་རང་ཤི་རྒྱབ་རྩིས་སོགས་བྱས་འདུག་པ་དང། དེ་རྗེས་རྒྱ་གཞུང་ནས་ཉི་མ་ལྷ་མོ་ལགས་དང་ཁོང་གི་ཨ་མ་གཉིས་འཛིན་བཟུང་གིས་ཉིན་གྲངས་ ༡༨ རྗེས་ཁོང་གཉིས་ལ་རིན་པོ་ཆེ་མཆོག་གི་ཕྱག་སེན་དང་ཞལ་མཆུ་ནག་པོ་ཆགས་ཡོད་པ་དང་། རིན་པོ་ཆེ་མཆོག་གི་གནས་ཚུལ་ཁག་ཕྱི་ལ་བཤད་མི་ཆོག་པ་སོགས་རྒྱུ་མཚན་གསུམ་ཅན་འཁོད་པའི་ཤོག་བུ་ཞིག་གི་སྟེང་ས་རྟགས་རྒྱག་དགོས་པའི་བཙན་བཤད་དང་འཇིགས་སྐུལ་བྱས་འདུག ཉི་མ་ལྷ་མོ་ལགས་ནས་ད་རེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་ཚུལ་ཁག་འཛམ་གླིང་མང་ཚོགས་ལ་བདེན་པ་ར་སྤྲོད་ཡོང་ཆེད་དཀའ་ངལ་དུ་མ་བརྒྱུད། བལ་ཡུལ་ནས་རྒྱ་གར་ལ་འབྱོར་བར་བདུན་ཕྲག་གཉིས་ལྷག་འགོར་འདུག་པ་དང་། ལྷག་པར་དུ་དེའི་ཆེད་དུ་ཁོང་རང་ཉིད་ཀྱི་ལོ་ན་དྲུག་ཅན་གྱི་བོུ་དང་ཨ་མ་ལོ་རྒན་ཞིག་བློས་གཏོང་གནང་འདུག གསར་འགོད་ལྷན་ཚོགས་ཐོག་སེམས་སྐྱོ་སྣང་ཆེན་པོས་མིག་ཆུ་གཏོང་བཞིན་གཏོང་བཞིན་ཁོང་གི་བློས་གཏོང་ཆེན་པོ་དེ་ལྟར་གནང་དགོས་པའི་རེ་བ་གཅིག་ཡོད་པ་དེ་ནི་རྒྱ་གཞུང་གིས་རིན་པོ་ཆེར་འཇིགས་སྐུལ་རིང་ལུགས་པར་བརྗོད་ནས་མ་ཉེས་ཁ་གཡོགས་འོག་སྐུ་བཀྲོངས་པའི་གནད་དོན་ཐད་རྒྱ་ནག་གཞུང་ནས་ཁྲིམས་ལྟར་ཞིབ་འཇུག་མཐིལ་ཕྱིན་ཞིག་དགོས་ཀྱི་ཡོད་པ་གསུངས་ཡོད། རྩ་བའི་རྒྱ་ནག་གཞུང་ནས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲེན་ཏུར་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བརྗོད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། དེའི་རྗེས་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་སྔ་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས ༡༢ ཉིན་ཁྲེན་ཏུའི་ཉེ་འཁྲིས་ཁྲན་ཏུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་རེད། ད་ལྟའི་གནས་སྐབས་འདིར་རྒྱ་ནག་གཞུང་ནས་ལི་ཐང་ཁུལ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བླ་མ་རྫུན་མ་ཡིན་པར་དྲིལ་བསྒྲགས་ལས་འགུལ་སྤེལ་བ་དང་རིན་པོ་ཆེ་མཆོག་གི་ཡང་སྲིད་ཡོང་མི་ཆོག་པ་བརྗོད་པ། དེ་བཞིན་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲོག་གཤོམ་མི་ཆོག་པ་སོགས་བཟོས་ཡོད་པ་རེད་འདུག བརྙན་པར།  http://www.youtube.com/watch?v=9gms05de9I8

རེས་གཟའ་ཕུར་བུ། ༢༠༡༦།༠༧།༢༨

ཉན་པ།: Listen ཕབ་ལེན། Download སྤྲུལ་སྐུའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱ་གཞུང་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཀྲོངས་ཚུལ་སྐོར་གསུངས་པ། མཆིན་པའི་གཉན་ཚད་ཉིན་མོ་སྲུང་བརྩི་དང་གོ་རྟོགས་ལས་འགུལ་སྤེལ་བ། དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་བའི་ཐོག་ཁོ་མོའི་གཏམ་བཤད་ལོག་འགྲེལ་བྱེད་འདུག་གསུངས་པ། སྐུ་ཞབས་Richard Davidson ལགས་ཀྱིས་༸གོང་ས་མཆོག་ནས་ཁོང་གི་ཉམས་ཞིབ་ལས་དོན་ཐོག་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པ་གསུངས་འདུག འཕན་པོ་ཁུལ་དུ་རྒྱལ་སྤྱིའི་གནམ་ཐང་རྒྱབ་འཆར་འདུག རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་འདོད་མེད་པ་རེད་ཅེས་བརྗོད་འདུག Thursday 28/07/2016 Niece of Tulku Tenzin Delek says China killed her uncle, calls for thorough investigation World Hepatitis Day: Prevalence of the disease above 8% in Tibetan society South China Sea propaganda video playing in NY misrepresents me: featured UK lawmaker Tibet, Xinjiang, and China’s Strong State Complex Tibetans in Phenpo concerned over China’s plan to build airport Richard Davidson Says Dalai Lama Gave Him 'a Total Wake-Up Call'

Latest news