Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2016

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་ཡ་འགོ་བཙུགས་ཚར་བ་རེད་ཅེས་གསུངས་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལན་གྱི་བཙན་བྱོལ་བོད་མིའི་འོས་བསྡུ་ལས་རིམ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་ཡ་འགོ་བཙུགས་ཚར་བ་རེད་ཅེས་གསུངས་ཡོད། དེ་རིང་ཟླ་ ༣ ཚེས་ ༢༩ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པའི་ལས་ཉིན་བརྒྱད་པའི་སྔ་དྲོ་ཚོགས་དུས་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་འདས་པའི་ལོ་བཞི་དང་ཕྱེད་ཀའི་ནང་གི་ལས་དོན་སྤྱི་དང། ལྷག་པར་དུ་ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཀྱི་འཕྲོད་བསྟེན་སྔོན་འགོག་ལས་དོན་ལ་འཐུད་ཤོར་དང་འདི་བཞིན་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཀྱི་སྤུས་ཚད་དམའ་རུ་འགྲོ་བཞིན་ཡོད་པ་བཅས་ཀྱི་བཀའ་སྩལ་ཟབ་མོ་ཕེབས་ཡོད་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་གསལ་བཤད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེའི་ཐོུང་མ་ཡིན་པའི་སྲོག་རྩ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་སྩལ་བའི་ཡ་རབས་བཟང་སྤྱོད་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ནང་ལ་ཡ་རབས་བཟང་སྤྱོད་ཉམས་ཆགས་འགྲོ་གྱི་ཡོད་པ་དེ་ཉེ་ཆར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནས་རྣམ་པ་གསལ་པོ་ཞིག་ཐོན་ཡོད་ཅེས་གསུངས་པ་དང། དེ་བཞིན་ད་ལན་འོས་བསྡུའི་ལས་རིམ་དེའི་སྐབས་སུ་རྒྱ་ནག་གཞུང་གིས་ཀྱང་སྐྱོན་བརྗོད་བྱས་པ། ཁྱད་པར་དུ་ཨ་རིའི་ནེའུ་ཡོག་དུས་བབ་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་བ་བཅས་ལུང་འདྲེན་གྱིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་གྱི་ཡོད་སྟབས། དེ་ནི་བོད་དོན་ལ་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་གསུངས་སོང་། ད་དུང་སྲིད་སྐྱོང་མཆོག་གིས་གནད་དོན་དེར་ཐེངས་འདིའི་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་ཚང་མ་ལ་འགན་ཡོད་ཅེས་གསུངས་ཡོད་པ་རེད། ལྷག་དོན་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་འཕྲོད་བསྟེན་སྔོན་འགོག་དང་ཉམས་ཐག་དབུལ་ཕོངས་ལ་ལྟ་སྐྱོང་བཅས་ཀྱི་ཐོག་བཀའ་སྩལ་ཟབ་མོ་ཕེབས་པ་ལྟར། ད་ལན་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་གི་འཕྲོད་བསྟེན་ལས་ཁུངས་གཙོས་འཛིན་སྐྱོང་བཀའ་ཤག་ངོས་ནས་ཀྱང་གནད་དོན་དེ་ཉིད་གལ་ཆེ་ནང་གི་དོན་ཆེར་བརྩི་སྟེ་མ་འོངས་པར་ལོ་གསུམ་ནང་གྲུབ་འབྲས་ཐོན་པའི་ལས་གཞི་རྒྱ་ཆེ་སྤེལ་རྒྱུའི་འོག་གྲབས་གནང་བཞིན་ཡོད་ཅེས་གསུངས་སོང་། གཞན་ཡང་ད་རང་སྔ་དྲོ་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དེའི་སྐབ་སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱི། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་དཔལ་འབྱོར་འགྱུར་གྲོས་དང་འབྲེལ་བོད་དོན་སྤྱི་དང། ཁྱད་པར་དུ་ད་བར་བོད་ནང་རང་ལུས་མེར་སྲེག་མཚོན་པའི་ཛ་དྲག་གི་་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང། གཞིས་ལུས་བོད་མི་ཚོས་མུ་མཐུད་ནས་སྐུ་ལས་སྐྱོན་པར་བརྟེན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་མགོ་བཀྱགས་ནས་འགྲོ་ཐུབ་པ་བྱུང་བ་མ་ཟད། དེ་བཞིན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མིའི་མངོན་འདོད་གྲུབ་རྒྱུའི་འོས་འགན་ཆེན་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།

གྲྭ་བསམ་གྲུབ་ལགས་བཙོན་གྲོལ་ཐོབ་འདུག

རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་གསུམ་དང་ཟླ་བ་གསུམ་ལྷག་ཙམ་རིང་བཙོན་ཁང་དུ་སུན་བཙིར་བཀག་སྐྱིལ་བྱས་རྗེས་ཟླ་འདིའི་ཚེས་ ༧ ཉིན་གྱི་ཕྱི་དྲོར་བོད་མདོ་སྨད་རྔ་བ་སྔོ་ཤུལ་ནས་ཡིན་པ་རང་ལོ་ ༡༦ སོན་པའི་གྲྭ་བསམ་གྲུབ་ལགས་གསང་སྟབས་ཐོག་བཙོན་གྲོལ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། གྲྭ་བསམ་གྲུབ་ལགས་ནི་ཟླ་འདིའི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཙམ་ལ་གསང་སྟབས་ཐོག་བཙོན་གྲོལ་བཏང་པ་ཤེས་པ་ཙམ་ལས་དེ་མིན་ནང་མི་གཙོས་པའི་ཉེ་འབྲེལ་ཚོས་ཚེས་དུས་གང་ཡིན་མ་ཤེས་པས་ཕེབས་བསུར་བཅར་ཐུབ་མེད་པ་རེད་ཅེས་གསུངས་པ་དང་སྦྲགས། ད་དུང་ཁོང་གིས་གྲྭ་བསམ་གྲུབ་ལགས་དང་ལྷན་དུ་གྲྭ་རྡོ་རྗེ་སྐྱབས་ལགས། རྡོ་རྗེ་བཅས་རྣམ་པ་གསུམ་གྱིས་དེ་སྔ་ ༢༠༡༢ ཟླ་ ༡༢ ཚེས་ ༧ ཉིན་ལ་བོད་མདོ་སྨད་རྔ་བ་སྔོ་ཤུལ་གྲོང་བརྡལ་དུ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་སྟབས། དེ་མ་ཐག་གྲྭ་རྡོ་རྗེ་ལགས་འདས་གྲོངས་སུ་གྱུར་འདུག་པ་དང་། རྒྱ་གཞུང་གིས་གྲྭ་བསམ་གྲུབ་ལགས་དང་ལྷན་དུ་གྲྭ་རྡོ་རྗེ་སྐྱབས་ལགས་རྣམ་པ་གཉིས་འཛིན་བཟུང་བྱས་རྗེས་ཟླ་གསུམ་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་གསུངས་པ་མ་ཟད། ད་ལྟའི་ཆར་གྲྭ་བསམ་གྲུབ་ལགས་ནི་གློད་བཀྲོལ་ཐོབ་ཡོད་ཀྱང་དེ་སྔ་ཁོང་གིས་རང་ལུས་མེར་སྲེག་གནང་པས་གདོང་དང་ལག་པ་སོགས་ཀྱི་རྨ་ཁ་ཁྲོས་པ་མངོན་གསལ་ཡོད་པ་དང་བཙོན་ཁང་དུ་ཉི་འོད་མེད་པར་ཡུན་རིང་བཙོན་འཇུག་བྱས་པར་བརྟེན་ཁོང་གི་མིག་གཉིས་པོ་དེ་ཙམ་མཐོང་གི་མེད་པ་སོགས་གསུངས་ཡོད། གཞི་རྩའི་སྔོ་ཤུལ་དགོན་པའི་གྲྭ་བསམ་གྲུབ་ལགས་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༢  ཟླ་ ༡༢ ཚེས་ ༧ ཉིན་རྔ་པ་སྔོ་ཤུལ་གྲོང་བརྡལ་དུ་དགོན་པ་དེ་རང་གི་དགེ་འདུན་པ་རྡོ་རྗེ་སྐྱབས་ལགས་དང་གྲྭ་རྡོ་རྗེ་ལགས་རྣམ་གཉིས་ལྷན་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱ་དགོས་པ་དང་བོད་ལ་རང་དབང་དགོས་པ་བཅས་ཀྱི་འབོད་ཚིག་འཁོད་པའི་འཕྲད་དར་བསྣམས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ཁོངས་ནས་གཅིག་ཡིན་པ་དང་།  རང་ལོ་ ༡༥ སོན་པའི་གྲྭ་རྡོ་རྗེ་ལགས་ཉིན་དེར་རང་མེར་སྲེག་ཁྲོད་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེ་མིན་གྲྭ་རྡོ་རྗེ་སྐྱབས་དང་བསམ་གྲུབ་གཉིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་སྟབས།  གྲྭ་རྡོ་རྗེ་སྐྱབས་ལགས་སྔ་ལོ་ཕྱི་ཟླ་༡༢ཚེས་༧ཉིན་བཙོན་གྲོལ་བཏང་ཡོད་པ་དང་། གྲྭ་བསམ་གྲུབ་ལགས་ཉེ་ཆར་ཟླ་བ་འདིའི་ཚེས་༧ཉིན་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ངང་རང་ཁྱིམ་དུ་བསྐྱེལ་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༦།༠༣།༢༨

ཉན་པ།: Listen ཕབ་ལེན། Download རང་ལུས་མེར་སྲེག་གནང་མཁན་བསམ་གྲུབ་ལགས་གློད་བཀྲོལ་བཏང་འདུག འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་དུ་སྨན་པ་མི་འདང་བའི་དཀའ་ངལ་ཆེན་པོ་འདུག་ཅེས་གསུངས་འདུག ཀྲུའུ་ཝི་ཆིན་དང་སྤྲུལ་སྐུའི་གོ་གནས་ཐད་ཞིབ་འཇུག་བྱེད་བཞིན་པ། རྒྱ་ནག་གི་རྒྱལ་དར་ལ་མཚོན་ནག་བྱུག་པའི་ལས་འགུལ་སྤེལ་འདུག བོད་དོན་ཐོག་ནུས་པ་མཉམ་སྤུང་གི་ལས་འགུལ་སྤེལ་རྒྱུའི་གྲོས་མཐུན་བྱུང་པ། བྱང་ཨ་རི་ཁུལ་གྱི་འོས་བསྡུའི་གྲུབ་འབྲས། Monday 28/03/2016 Self immolator Samdrup from Ngoshul monastery released from prison TPiE in session: Health Kalon laments lack of doctors in Tibetan settlements Zhu under investigation for taking bribes to create ‘living Buddhas’ Chinese flag defaced ahead of Xi Jinping’s visit to Czech Republic North America results out, Lobsang Sangay leads by 1577 votes ITN Mexico meet ends with commitments on stronger campaign on Tibet

རེས་གཟའ་ཉི་མ། ༢༠༡༦།༠༣།༢༧

ཉན་པ།: Listen ཕབ་ལེན། Download སྤྱི་ལོ་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ལ་དཔྱད་ཞིབ། Sunday 27/03/2016 Tibet Election 2016: An Analysis

བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་བོད་པའི་གྲྭ་བཙུན་ཉུང་དུ་འགྲོན་བཞིན་ཡོད་སྐོར་གླེང་སློང་གནང་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ལས་འཆར་སྐབས་ཚོར་ཤུགས་ཆེན་པོས་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་བོད་པའི་གྲྭ་བཙུན་ཉུང་དུ་འགྲོན་བཞིན་ཡོད་སྐོར་གླེང་སློང་གནང་སོང། དེ་རིང་ཟླ་ ༣ ཚེས་ ༢༦ ཉིན་གྱི་གྲོས་ཚོགས་ལས་ཉིན་དྲུག་པའི་ཐོག་གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ། གྲོས་ཚོགས་འཐུས་མི་རྣམས་ཚོར་ཤུགས་ཆེན་པོས་ཆོས་རིག་ལས་ཁུངས་དང་ཐད་ཀར་འབྲེལ་ཡོད་བོད་མིའི་གཞིས་ཁག་ཏུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འཆར། དེ་བཞིན་དགེ་བཤེས་མའི་ལས་འཆར། ཁྱད་པར་དུ་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་བོད་པའི་གྲྭ་བཙུན་ཉུང་དུ་འགྲོ་བཞིན་ཡོད་པའི་གནད་དོན་ཐད་ལ་དགོངས་འཆར་དང་གླེང་སློང་གནང་སོང། སྐབས་དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུངས་དོན། ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པའི་ཚོགས་འདུ་སྐབས་དེར་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་སེལ་ཐབས་ཡོད་མེད་ཐད་བཀའ་བསྡུར་གནང་ཡོད་པ་རེད། འོན་ཀྱང་སྐབས་དེར་དཀའ་ངལ་དེ་སེལ་ཐབས་སུ་འདི་འདྲ་ཞིག་བྱ་དགོས་ཀྱི་རེད་ཅེས་མར་བཀའ་གང་ཡང་གནང་མ་སོང་། དེ་རིང་འདིར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཁྲིམས་བཟོ་བྱས་ནས་གྲྭ་བཙུན་མང་དུ་གཏོང་དགོས་ཀྱི་འདུག་ཅེས་ཁྲིམས་བཟོ་གནང་པ་ཡིན་ན། དེའང་ལག་བསྟང་ཞུ་ཐུབ་ཀྱི་རེད་དམ་མ་རེད་བཅས་ལ་དགོངས་པ་བཞེས་དགོས་གལ་ཡིན་སྟབས། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཞུ་ཚོད་ཐིག་གི་མི་འདུག་ཅེས་གསུངས་པ་མ་ཟད། ད་དུང་སྤྱི་འཐུས་རྣམ་པས་ཐབས་ལམ་ཚོལ་རྒྱུ་ཡོད་པ་དང་གྲོས་ཆོད་བཞག་རྒྱུ་ཡོད་པ། གྲུབ་འབྲས་འཐོན་པ་གནང་རྒྱུ་ཡོད་ན་གནང་རོགས། དེ་འདྲ་ཞིག་བྱེད་ཤོག་ཅེས་ཆོས་རིག་ལས་ཁུངས་ལ་མར་བཀའ་གནང་རོགས་ང་ཚོ་འབྲེལ་ཡོད་ཀྱིས་དེ་ལྟར་ལག་བསྟར་ཞུ་ཆོག་ཅེས་གསུངས་ཡོད། གཞི་རྩའི་ཁ་སང་གྲོས་ཚོགས་ལས་ཉིན་ལྔ་པའི་ཉིན་རྒྱབ་ཏུ་གྲོས་ཚོགས་སུ་བོད་མིའི་དགོན་སྡེ་ཁག་གི་ནང་དུ་དེང་སྐབས་བོད་རིགས་གྲྭ་བཙུན་རྒྱུན་ཉུང་དུ་འགྲོ་བཞིན་པའི་གནད་དོན་ཐད་ལ་ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་གནད་དོན་འདིར་ཞིབ་འཇུག་གནང་ཡོད་མེད་ཀྱི་བཀའ་འདྲི་ཞུས་པར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ང་ཚོས་དགོན་སྡེ་ཁག་དང་བཙུན་དགོན་ཁག་ལ་ཞིབ་འཇུག་བྱས་པའི་བརྒྱུད། ད་ལྟ་བཙན་བྱོལ་ནང་གི་དགོན་ཁག་ཏུ་ཁྱོན་བསྡོམས་གྲྭ་བཙུན་ ༤༠༠༠༠ ལྷག་ཡོད་པ་རེད། དེ་དག་ཁྲོད་ལས་བརྒྱ་ཆ་ ༥༥།༨ ཙམ་ཧི་མཱ་ལ་ཡའི་རི་རྒྱུད་ཆགས་ཚར་འདུག དགེ་ལུགས་ནང་འོ་ཙམ་ཡོད་པ་ལས་དེ་མིན་ཆོས་བརྒྱུད་གཞན་ཚོའི་ནང་མང་ཆེ་བ་ཧི་མཱ་ལ་ཡའི་རི་རྒྱུད་ཆགས་ཚར་འདུག་སྟབས། དེར་ཚང་མས་ཐུགས་འཚབ་གནང་གི་ཡོད་པ་རེད་ཅེས་གསུངས་ཡོད། རྩ་བའི་དེ་རིང་སྔ་དྲོའི་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་དེང་སྐབས་ཀྱི་སྤྱི་ཚོགས་འགྱུར་གྲོས་ལ་གཞིགས་ན་བོད་པའི་གྲྭ་བཙུན་གྱི་གྲངས་འབོར་མང་དུ་གཏོང་ཐབས་དཀའ་བའི་གནས་དང། དེ་ལས་ད་ལྟའི་ཆར་གྲྭ་བཙུན་གྱི་དགོན་ཁག་ཏུ་ཡོད་རིགས་རྣམས་ཀྱི་སྒོ་གསུམ་གྱི་ཀུན་སྤྱོད་ཐད་སྤུས་ཀ་གང་ལེགས་གཏོང་དགོས་གལ་ཡིན་པར་དགོངས་ཚུལ་གསུངས་པ་དང་ཆབས་ཅིག ཚོར་ཤུགས་ཆེན་པོས་དེའི་ཐོག་ལ་གླེང་སློང་གང་ཙམ་གནང་ཡོད། དེ་བཞིན་ཆོས་རིག་ལས་ཁུངས་དང་འབྲེལ་ཡོད་ཆོས་ལུགས་རིས་མེད་ཐད་ལའང་བགྲོ་གླེང་ལྷུག་པོ་སོགས་གནང་ཡོད་པ་རེད།

རེས་གཟའ་སྤེན་པ། ༢༠༡༦།༠༣།༢༦

ཉན་པ།: Listen ཕབ་ལེན། Download གྲོས་ཚོགས་སུ་བཙན་བྱོལ་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་ཉུང་དུ་འགྲོ་བཞིན་ཡོད་སྐོར་གླེང་བ། དབྱིན་ཡུལ་བེུད་དབྱུག་རྩེད་སྤོ་ལོའི་རུ་ཁག་གིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ། བོད་ཀྱི་འབྲོག་པ་ཚོ་གྲོང་བརྡལ་དུ་གནས་སྤོས་ཀྱིས་འཚོ་རྟེན་མེད་པའི་དཀའ་ངལ་འཕྲད་བཞིན་འདུག ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༧པ་ཚོགས་བཞིན་པ། ཞི་ཅིང་ཕིང་སྲིད་འཛིན་ལས་སྣེ་ནས་དགོངས་ཞུ་བྱ་དགོས་པའི་ཞུ་ཡིག་དང་འབྲེལ་མི་གྲངས་༢༠འཛིན་བཟུང་། Saturday 26/03/2016 TPiE in Session: Parliamentarians express concern over declining monk population in exile monasteries England women’s cricket team meets Dalai Lama Resettled Tibetan nomads facing acute livelihood problem China detains 20 over Xi resignation letter 47th TYAE general meeting underway in Swiss

བོད་ཀྱི་འབྲོག་པ་ཚོ་གྲོང་བརྡལ་དུ་གནས་སྤོས་ཀྱིས་འཚོ་རྟེན་མེད་པའི་ངལ་བ་འཕྲད་བཞིན་འདུག

རྒྱ་གཞུང་གིས་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་ཁོངས་སུ་ ༢༠༡༡ ལོའི་ཕྱི་ཟླ་ ༣ ནས་བཟུང་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་དྭངས་ལག་སྡེ་བ་དང་དྭངས་གཞུང་སྡེ་བ་གཉིས་ནས་འབྲོག་པ་དུད་ཁྱིམ་ ༡༢༥ མགོ་ལོག་དར་ལག་རྫོང་དབྱིག་གཞུང་ཡུལ་ཚོ་གྲོང་སྡེ་གསར་པར་གནས་སྤོས་བྱེད་བཅུག་འདུག འབྲོག་པ་དེ་དག་གྲོང་བརྡལ་དུ་གནས་སྤོས་བྱེད་བཅུག་རྗེས་འབྲོག་མི་དེ་རྣམས་གྲོང་བརྡལ་དང་མཐུན་པའི་ལས་རིགས་གང་ཡང་ཤེས་ཀྱི་མེད་པའི་ཁར། རྒྱ་གཞུང་གིས་ཁོང་རྣམས་ལ་དེ་སྔོན་འབྲོག་པའི་ས་ཐོག་ཏུ་ཡོད་པའི་དབྱར་རྩ་དགུན་འབུ་གཙོས་པའི་ ཤེས་ཐང་སྨན་རྩ་འཛིམ་པ་ནག་རིང་སོགས་སྨན་རྩ་རིགས་བརྐོ་མི་ཆོག་པ་བཟོས་ཏེ་འཚོ་བའི་ཡོང་གཞི་ཁག་ཀྱང་མེད་པ་གྱུར་སྟབས། བོད་མི་དེ་དག་རང་གི་ཁྱིམ་ཚང་གི་འཚོ་བའི་རྟེན་གཞི་ཧ་ཅང་ཞན་པོ་ཆགས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྒྱ་གཞུང་གིས་གནས་སྤོས་ཟིན་པའི་བོད་མི་དེ་དག་ལ་ཟླ་རེར་འཚོ་སྣོན་རྒྱ་སྒོར་ ༣༥༠ དང་གྲོ་ཞིབ་རྒྱ་མ་ ༥༠ སྤྲོད་བཞིན་ཡོད་ཀྱང་འབྲོག་པ་མང་དག་ཞིག་ལ་འཚོ་སྣོན་སོགས་ཀྱི་ཐད་ལ་མ་གདང་པའི་ངལ་བ་ཆེས་འཕྲད་ཀྱི་ཡོད་སྟབས། འབྲོག་མི་རྣམས་ནས་གོང་རིམ་ལ་ལན་མང་ཞུ་གཏུགས་བྱས་ཀྱང་ཞུ་དོན་ལ་བདག་སྤྲོད་གང་ཡང་བྱས་མེད་པ་རེད་འདུག གནས་སྤོས་ཟིན་པའི་འབྲོག་པའི་གཞོན་སྐྱེས་ཕོ་མོ་ཚོས་ཀྱང་འཚོ་བའི་རྟེན་གཞི་སྲ་བརྟན་ཡོང་སླད་ལས་ཁུངས་དང་སྨན་ཁང་སོགས་ཀྱི་ནང་གད་པའི་ལས་སྣེར་གཉེར་བཞིན་ཡོད་པ་མ་ཟད། ལོ་ན་རྒན་པ་ཚོས་ཀྱང་གྲོང་ཁྱེར་དུ་བསྐྱོད་ནས་གད་ཕྱིས་བྱེད་པ་དང་འགྱིག་དམ་དང་ཤེལ་དམ། ལྕགས་རིགས་སོགས་སྒྲུག་ནས་ཁྱིམ་ཚང་གི་འཚོ་སྣོན་འཕར་ཐབས་བྱེད་ཀྱི་ཡོད་འདུག གཞི་རྩའི་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་ཚོ་གནས་སྤོས་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་འབྲོག་པ་མང་ཚོགས་ཚོར་འཚོ་བའི་རྟེན་གཞིའི་ཡོང་ཁུངས་མེད་པ་བཟོས་པ་མ་ཟད། དེ་བས་ཀྱང་ཁྲོམ་རའི་དངོས་ཟོག་གི་གོང་འཕར་བ། ཟས་རིགས་དང་ཡུལ་ཐང་འཕར་བ། དེ་བཞིན་བོད་མི་ཚོར་རྒྱ་རིགས་ལྟར་ལས་རིགས་ཀྱི་ཡོང་ཁུངས་ཞན་པ་བཅས་འཚོ་བའི་གཞི་རྟེན་ལ་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

རེས་གཟའ་པ་སངས། ༢༠༡༦།༠༣།༢༥

ཉན་པ།: Listen ཕབ་ལེན། Download གྲོས་ཚོགས་ནང་ཕྱི་རྒྱལ་དུ་སྐྱབས་བཅོལ་གྱི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་སྐོར་བགྲོ་གླེང་གནང་སོང་། ༸གོང་ས་མཆོག་ Skoll འཛམ་གླིང་གླེང་སྟེགས་ཐོག་དབུ་བཞུགས་མཛད་རྒྱུ་རེད་འདུག ༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཚེས་༢ ནས་དབུ་འཛུགས་གནང་རྒྱུ་རེད་འདུག བོད་བརྒྱུད་ནང་པའི་དགོན་ཁག་མྱུར་སྐྱོབ་སྡེ་ཚན་གསར་འཛུགས་བྱ་རྒྱུ། རྒྱ་གཞུང་གིས་ནང་སོག་མི་ལྔ་འཛིན་བཟུང་། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་གནང་པ། Friday 25/03/2016 TPiE in session: Parliamentarians question Kashag over asylum issue in Europe Dalai Lama to attend 2016 SKOLL forum 7th Khoryug Conference on Environment Protection concludes Mundgod to host 2016 GCM Football Tournament next month Wechat discussions prompt Chinese authorities to detain Mongolian herders Samdong Rinpoche gives teaching on ‘Uma Rinchen Trengwa’ at Sera Monastery DIASPORA FEATURE: Tibetan bread seller Aten Gyal

༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཚེས་༢ ནས་དབུ་འཛུགས་གནང་རྒྱུ་རེད་འདུག

འདི་ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་ཐེངས་ཉི་ཤུ་རྩ་གཉིས་པ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མི་གཞིས་སུ་རིང་མིན་ཕྱི་ཟླ་ ༤ པའི་ཕྱི་ཚེས་༢ ནས་ ༡༤ བར་རྩེད་གཏན་འཁེལ་འདུག རྩ་བའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ནི། གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་དམ་པ་དེ་ཉིད་རྗེས་དྲན་ཞུ་ཆེད་དུ། ཕྱི་ལོ་༡༩༨༡ ནས་ཐོག་མར་དབུ་ཚུགས་ཡོད་པ་དང་། ཕྱི་ལོ་༢༠༠༢ ནས་རྩེད་འགྲན་དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གཙོ་འགན་འོག་ལོ་ལྟར་བཙན་བྱོལ་བོད་མིའི་ས་གནས་ཁག་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་རེད། ད་ལྟའི་འཆར་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་མགྲན་དེ་ནི་བཙན་བྱོལ་ནང་རྐང་རྩེད་སྤོ་ལོའི་རྩེད་འགྲེན་ཆེ་ཤོས་དང་མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ཐེངས་འདིའི་རྐང་རྩེད་སྤོ་ལོའི་རྩེད་འགྲེན་དེ་བཞིན་འདོད་རྒུ་གླིང་གཞིས་སྒར་གསར་འཛུགས་ཞུས་སྟེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། འདི་ལོའི་རྩེད་འགྲེན་ཁོངས་བྱང་ཨ་རི་དང་ཡོ་རོབ་ས་ཁུལ་ནས་རུ་ཁག་མིན་འདུག་ཀྱང་། རྒྱ་གར་དང་བལ་ཡུལ་ནང་གི་བོད་པའི་གཞིས་ཆགས་དང་ཚོགས་སྐྱིད་ཁག་ནས་ཁྱོན་རྐང་རྩེད་སྤོ་ལོའི་རུ་ཁག་༡༨ནས་མཉམ་བཞུགས་གནང་གི་འདུག

Latest news