Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2016

འཇམ་དབྱངས་རྡོ་རྗེ་ལགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག

བོད་མདོ་ཁམས་དཀར་མཛེས་རྫོང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་འབུ་ཆུ་གྲོང་ནས་ཡིན་པའི་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྫོང་ཐོག་ཏུ་ ‘༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་’ ཞེས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟབས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༤ སྟེ་བོད་ཟླ་ ༡ ཚེས་ ༦ ཉིན་གྱི་སྔ་དྲོ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་ཞི་འབོད་གནང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་འཇུག་བྱས་འདུག ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། འོན་ཀྱང་གནས་ཚུལ་དེ་ཕྱིར་མི་གྱར་བའི་ཆེད་དུ་ཁོང་གི་ནང་མི་གཙོས་པའི་གཉེན་ཉེ་རྣམ་པའི་ཁ་པར་ཨང་གྲངས་དང་སྐད་འཕྲིན་སོགས་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་དགོས་པའི་དམ་དྲག་བྱས་ཡོད་པ་རེད། རྩ་བའི་འཇམ་དབྱངས་རྡོད་རྗེ་ལགས་ནི་མདོ་ཁམས་དཀར་མཛེས་རྫོང་གི་ཉེ་འཁྲིས་སེར་ཤུལ་ཤང་ཡ་ག་པའམ་འབུ་ཆུ་གྲོང་ནས་ཡིན་པ་དང། ད་ལྟ་རང་ལོ་ ༤༡ ཙམ་རེད་འདུག ཁོང་ནི་སངས་རྒྱས་རྒྱ་མཚོ་དང་རིག་འཛིན་ལྷ་མཚོ་གཉིས་ཀྱི་བུ་ཡིན་འདུག ལྷག་དོན་ཁོང་དབྱང་དུས་སུ་འབྲོག་སར་བཞུགས་ཀྱི་ཡོད་པ་དང་། དགུན་དུས་སུ་རང་ཁྱིམ་དུ་ཕ་མ་གཉིས་པོར་ཞབས་ཕྱི་ཞུ་ནས་བཞུགས་ཀྱི་ཡོད་པ་རེད་འདུག ལྷག་དོན་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྔ་རོལ་ནས་རྒྱ་གཞུང་གིས་དཀར་མཛེས་ས་གནས་རྫོང་ཁག་མང་པོའི་ནང་སྐད་འཕྲིན་བརྒྱུད་ལམ་བཀག་འགོག་གིས་དམ་དྲག་སྔར་ལྷག་བྱས་ཡོད་པ་རེད།

དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀྲིན་རྗེས་དྲན་གྱི་མཁས་པའི་བགྲོ་གླེང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པར་དགེ་ལུགས་པའི་༸རྒྱལ་བའི་བཀྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་འོག དེ་རིང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་འཇམ་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་༸རྒྱལ་བའི་བཀྲིན་རྗེས་དྲན་དང་འབྲེལ། ༸རྒྱལ་བའི་མཛད་རྣམ་དང་གསུང་རྩོམ། དགོངས་གཞི་བཅས་ཀྱི་སྐོར་ལ་མཁས་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་སོང། སྐབས་དེར་འཇམ་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ལ་ཆེ་བསྟོད་གནང་པ་དང་ཆབས་ཅིག ད་ཆ་འཛམ་བུ་གླིང་པ་ཚང་མས་བོད་མི་རྣམས་ལ་ཡག་ཡག་བྱེད་ཡག་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་༸སྐུ་དྲིན་ཉག་གཅིག་གིས་ཡིན་པ་བཀའ་གནང་སོང། དེ་ཡང་དེ་རིང་སྔ་དྲོ་ཚོུད་ ༩ སྟེང་བཞུགས་སྒར་ཉེ་འཁྲིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་མཁས་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་སོང་བ་དང། སྐབས་དེར་དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག གཞན་ཡང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱ་དོ་མཆོག་སྤྲུལ་བསྟན་འཛིན་འབྱུང་གནས་མཆོག་དང་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་མཆོག་བཅས་གདན་ཞུས་ཕུལ་འདུག དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་མཛད་སྒོའི་ཐོག་ཐེངས་འདིའི་ཉིན་གྲངས་བཞིའི་རིང་གི་མཁས་པའི་བགྲོ་གླེང་ལྷན་ཚོགས་དེ་བཞིན། སྔ་ལོའི་ཕྱི་ཟླ་༦་ཚེས་༢༡ ནས་དབུ་ཚུགས་གནང་པའི་དགེ་ལུགས་ཡོངས་ཀྱི་ལོ་གཅིག་གི་༸རྒྱལ་བའི་བཀྲིན་རྗེས་ཀྱི་ལས་རིམ་ཞིག་ཆགས་ཡོད་པ་གསུངས་གནང་པ་དང་ཆབས་ཅིག ད་དབར་འདས་པའི་དུས་ཡུན་དེའི་ནང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་གདན་ས་གྲྭ་ཚང་ཁག་ཏུ་དབུ་ཚད་དང་།  ཕར་ཕྱིན།  གསང་སྔགས་སོགས་ཀྱི་རྩོད་པ་དང་འཇང་དགུན་ཆོས་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་གནང་ཡོད་པ་གསུངས་ཡོད།  བགྲོ་གླེང་གི་ལས་རིམ་དེའི་ཐོག་རྣམ་གྲོལ་གླིང་དང་སྒྲོལ་མ་ཕོ་བྲང་། ཤེས་རབ་གླིང་དང་བོན་གཞིས། དེ་བཞིན་སིམ་ལ་ཇོ་ནང་མ་དགོན་སོགས་དགོན་སྡེ་གྲྭ་ཚང་གི་མཁན་པོ་དགེ་བཤེས་ཁག་ཅིག་དང། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ས་རཱ་བོད་ཀྱི་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ། ནོར་གླིང་མཐོ་སློབ་སོགས་བཙན་བྱོལ་ནང་གི་མཐོ་སློབ་ཁག་ཅིག་གི་ངེས་སྟོན་པ་དང་ཉེ་བའི་རིགས་བདག དེ་བཞིན་སློབ་དཔོན། གཞན་ཡང་རྩོམ་པ་པོ་བཅས་ནས་༸རྒྱལ་བའི་མཛད་རྣམ་དང་གསུང་རྩོམ། དེ་བཞིན་དགོངས་གཞི་ཞེས་པའི་བརྗོད་གཞིའི་ཐོག་སྐར་མ་ ༤༥ རེ་གཏམ་བཤད་གྲ་སྒྲིག་གནང་འདུག སྐུ་མགྲོན་གཙོ་བོ་འཇམ་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་དགེ་ལུགས་པའི་༸རྒྱལ་བའི་བཀྲིན་རྗེས་དྲན་ཚོགས་ཆུང་གི་ད་བར་ཟླ་བ་མང་པོའི་རིང་༸རྒྱལ་བའི་བཀྲིན་རྗེས་དྲན་གྱི་བྱེད་སྒོ་སྤྱི་ལ་བསྔགས་བརྗོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་འབངས་སྤྱི་དང་འཛམ་གླིང་ཡོངས་ཀྱི་༸གོང་ས་ལྷ་མི་རྣམ་འདྲེན་ཞིག་ཡིན་པས་༸སྐུའི་གསང་གསུམ་གྱི་མཛད་འཕྲིན་སྐོར་ལ་ཆེ་བསྟོད་ཕུལ་བ་མ་ཟད། ལྷག་པར་དུ་སི་ཏུ་རིན་པོ་ཆེ་མཆོག་འཛམ་བུ་གླིང་པ་ཚང་མས་བོད་མི་རྣམས་ལ་ཡག་ཡག་བྱེད་ཡག་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་༸སྐུ་དྲིན་ཉག་གཅིག་དབང་གིས་ཡིན་སྟབས། ལས་རིམ་འདི་ལྟ་བུ་བརྒྱུད་རྒྱལ་བའི་བཀྲིན་རྗེས་དྲན་ཞུ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཀའ་སྩལ་ཡོད་པ་རེད། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་མཆོག་ནས་སྐབས་དེར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་འབངས་རྣམས་ལ་ཆོས་སྲིད་གང་སྤྱིའི་མཛད་འཕྲིན་ཁག་ནི་རྒྱལ་མཆོག་གོང་མ་རྣམས་དང་མཚུངས་ཟླ་མེད་པས་བཀྲིན་བླ་མེད་དུ་ཆེ་བ་ཡིན་པ་སོགས་བཀའ་གནང་སོང་བ་དང། ཁྱད་པར་དུ་བགྲོ་གླེང་འདི་ལྟ་བུའི་བརྒྱུད། མགོན་པོ་༸གང་ཉིད་མཆོག་གིས་ཐུན་ལྟ་ཅི་མོས་ཐོུང་མ་ཡིན་པའི་མཛད་འཕྲིན་ཁག་ཡིག་ཐོག་ནས་ཕབ་ཐུབ་པ་གནང་གལ་ཡིན་པས་ལམ་སྟོན་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ནས་བགྲོ་གླེང་གི་ཚོགས་ཐུན་དང་པོ་དེ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་དང་རྒྱལ་སྤྱིའི་ཤེས་ཡོན་གྱི་སྡེངས་ཆ་ཞེས་པའི་བརྗོད་ཐོག་གསུང་བཤད་གནང་སོང་བ་དང། དེ་རྗེས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་ལེགས་བྱང་ཞེས་པའི་ཐོག་ལ་གསུང་བཤད་སོགས་གནང་སོང། རིམ་པས་བགྲོ་གླེང་གི་ལས་རིམ་ཁྲོད་༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་དང་སྔ་འགྱུར་རྙིང་མའི་གནས་བབ་ཅེས་དང། དེ་ནས་༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་དང་ས་སྐྱ་དང་བཀའ་བརྒྱུད། དེ་བཞིན་བོན་དང་ཇོ་ནང་བཅས་བརྗོད་གཞི་སོ་སོར་གསུང་བཤད་བངས་སྒྲིག་གནང་འདུག

རེས་གཟའ་ཕུར་བུ། ༢༠༡༦།༠༢།༢༥

ཉན་པ།: Listen ཕབ་ལེན། Download མགོ་ལོག་འཇིགས་མེད་ལགས་ཀྱིས་ ཇི་ནི་ཝའི་ ལྷན་ཚོགས་ཐོག་བོད་ནང་འགྲོ་བ་མིའི་རང་དབང་ཅི་ཡང་མེད་ཅེས་གསུངས་འདུག ཁམས་རྫ་ཆུ་མཁར་༸རྒྱལ་བའི་ཞབས་རིམ་གསོག་སྒྲུབ་གནང་འདུག དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀྲིན་རྗེས་དྲན་ཚོགས་ཆུང་ནས་མཁས་པའི་བགྲོ་གླེང་གོ་སྒྲིག ༢༠༡༥ ལོའི་ནང་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཚོའི་བསམ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་པ་གསུངས་འདུག བོད་ནང་འཛམ་གླིང་གངས་ཤུད་བཏང་ས་མཐོ་གྲས་ཤིག་རྒྱག་རྒྱུ། བོད་ནང་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་འཕར་བཞིན་པ། ཨ་རི་བོད་ཁང་ནས་ལོ་འཁོར་དཔལ་འབྱོར་བསྡུ་རུབ་ཀྱི་རོལ་དབྱངས་འདུ་འཛོམས་ཚོགས་པ། འཕྲོད་བསྟན་ཤེས་བྱ་ངོ་སྤྲོད། བོད་ཀྱི་གསོ་རིག་ལས་ཏར་གཅོས་སྐོར། Thursday 25/02/2016 Golok Jigme testifies at Geneva Summit for Human Rights and Democracy Tibetan scholars pay tribute to Dalai Lama with a seminar Tibetans in Zachukha hold prayer service for Dalai Lama Human rights under threat globally: Amnesty International Tibet to built China’s highest ski resort Tibet closed to foreigners again but tourist booms Tibet House holds annual benefit concert HEALTH FEATURE: Blood-Letting Therapy in Tibetan Medicine

བོད་ནང་དུ་༸རྒྱལ་བའི་ཞབས་རིམ་གསོག་སྒྲུབ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་གྲོང་ཁྱེར་ Rochester ནང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ནས་སྐུ་ངལ་གསོ་བཞུགས་མཛད་བཞིན་ཡོད་པའི་མཚམས་འདིར།  བོད་ཕྱི་ནང་གཉིས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཁག་ལམ་ལྷོང་ལྡན་པ་ཡོང་ཕྱིར་གསོལ་འདེབས་སྨོན་ལམ་སོགས་གསོག་སྒྲུབ་ཞུ་མུས་ཡིན་པ་ལྟར།  ཁྱད་པར་དུ་བོད་མདོ་ཁམས་རྫ་ཆུ་ཁའི་ཁྲི་འདུ་རྫོང་མཁར་ནང་སོ་དགོན་དགེ་ལྡན་བཤད་སྒྲུབ་ཐུབ་བསྟན་འཕེལ་རྒྱས་གླིང་དང་མཁར་ནང་སྡེ་བའི་ས་གནས་མང་ཚོགས་སྟོང་ཕྲག་ཁ་ཤས་ནས་༸སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེ་གསོག་སྒྲུབ་གནང་འདུག དེ་ཡང་བོད་མདོ་ཁམས་རྫ་ཆུ་ཁའི་མཁར་ནང་དགོན་གྲོང་གཉིས་ནས་༸གོང་ལ་བོད་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པར་༸སྐུའི་གྱ་སྟོན་ལ་བཀྲིས་པའི་རྟེན་འབྲེལ་གྱི་ལེགས་སྐྱེས་དང། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་གྲོང་ཁྱེར་ Rochester ནང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་པར་ཆེད་དམིགས་ཀྱིས་གཟའ་འཁོར་གཅིག་རིང་མ་ཎི་དུང་གྲུབ་ཚོགས་པ་དང་འདི་བཞིན་གཟའ་འཁོར་གཅིག་རིང་གུ་རུའི་འབུམ་ཚོགས་འཚོགས་འདུག གཞན་ཡང་མཁར་ནང་སེར་སྐྱ་མང་ཡོངས་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བོད་ཚེས་ ༡༦ ཉིན་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་གཙོས་དགོན་པའི་མཁན་སྤྲུལ་སྐུ་པར་གདན་ཞུས་ཀྱིས་རང་ནུས་གང་ཡོད་དཔག་པའི་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་རྒྱ་གང་ཆེ་གསོག་སྒྲུབ་ཞུ་རྒྱུའི་དམ་འབུལ་དང་དོལ་རྒྱལ་བསྟེན་སྲོལ་བྱ་རྒྱུ་མིན་པའི་མནའ་སྐྱེལ་དམ་འབུལ་ཡང་གནང་འདུག      

མགོ་ལོག་འཇིགས་མེད་ལགས་ཀྱིས་ Geneva ལྷན་ཚོགས་ཐོག་བོད་ནང་འགྲོ་བ་མིའི་རང་དབང་གང་ཡང་མེད་ཅེས་གསུངས་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝ་ Geneva ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ ༨ པའི་ཐོག་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་རང་དབང་གང་ཡང་མེད་ཅེས་གསུངས་འདུག     དེ་ཡང་ཟླ་འདིའི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ Geneva ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ ༨ པ་འདི་བཞིན་འཚོགས་བཞིན་པར་གོ་ལའི་ཁྱོན་ལས་རྒྱལ་ཁབ་ ༢༥ འི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་གནད་ཡོད་མི་སྣ་ ༢༤ ལྷག་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁོང་ནས་ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་ Olympic རྩེད་འགྲན་སྐབས་བོད་ཀྱི་ས་ཁུལ་ཁག་ཏུ་སྐོར་བསྐྱོད་གནང་ནས་ས་གནས་བོད་མིའི་མངོན་འདོད་མཚོན་པར་བྱེད་པའི་དངོས་འབྱུང་གློག་བརྙན་འཇིགས་བྲལ་ཞེས་པ་དེ་བཟོ་སྐྲུན་ཞུས་སྐོར་དང་།  དེའི་རྗེས་རྒྱ་ནག་གཞུང་གིས་ཁོང་སྔ་རྗེས་ཐེངས་གསུམ་འཛིན་བཟུང་གིས་བཙོན་འཇུག་བྱས་པ། ལྷག་དོན་བཙོན་འཇུག་རིང་ཁོང་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ལུགས་སོགས་ཚོགས་བཅར་བ་རྣམས་ལ་པར་རིས་ལམ་ནས་ངོ་སྤྲོད་གནང་ཡོད། ད་དུང་ཁོང་གིས་ཉེ་ཆར་རྒྱ་གཞུང་གིས་ཞོགས་ལྗང་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་མཚོན་ཁོང་གི་ལོ་རྒྱུས་དང་བཅས་པ་ངོ་སྤྲོད་གནང་པ་མ་ཟད། དེ་བཞིན་ད་བར་རྒྱ་གཞུང་གིས་ཞོགས་ལྗང་ལགས་ལྟ་བུ་རྩོམ་ཡིག་གྱི་ལམ་ནས་བོད་མིའི་རང་དབང་རྩོད་མཁན་མང་པོ་ཞིག་བཙོན་འཇུག་བྱས་སྟབས། ད་ལྟ་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་ནི་འཇིགས་སྐུལ་བ་ཁྱད་མེད་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག རྩ་བའི་ལྷན་ཚོགས་དེའི་ཐོག་གོ་ལའི་ཁྱོན་ལས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་ཁག་༢༠ ལྷག་ཟུང་སྦྲེལ་གྱིས་མཉམ་ལས་ནུས་པ་གོང་མཐོ་གཏོང་ཆེད་ཡིན་པ་རེད་འདུག

༸གོང་ས་མཆོག་གིས་སེམས་ཀྱི་ས་ཁྲའི་ཐོག་ནས་ཉོན་མོངས་ལ་གཉེན་པོ་བསྟེན་སྟངས་ཤེས་ཐུབ་རྒྱུ་ཡོད་པ་ལམ་སྟོན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་གྲོང་ཁྱེར་ Rochester ནང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ནས་སྐུ་ངལ་གསོ་བཞུགས་མཛད་བཞིན་ཡོད་པ་ལྟར།  ཁ་ཉིན་ཚེས་ ༢༢ ཉིན་ སེམས་ཁམས་ཚན་རིག་པ་སྐུ་ཞབས་ Paul   Ekman ལགས་ཀྱི་བོུ་ལྕམ་སྐུ་  Dr Eve Ekman ལགས་ཀྱིས་ཁོ་མོའི་ཡབ་ཀྱིས་དབུ་འཛུགས་གནང་བའི་ Atlas of Emotion འམ་སེམས་ཀྱི་ས་ཁྲའི་ལས་འཆར་སྐོར་སྙན་གསེང་ཞུས་འདུག ལྷན་རྒྱས་མཇལ་མོལ་དེའི་སྐབས་ལྕམ་ Eve Ekman ལགས་ནས་༸གོང་ས་མཆོག་ལ་སེམས་ཀྱི་ས་ཁྲའི་ལས་འཆར་དེའི་ངོ་བཤུ་རག་ཟིན་ཁག་སྤྱན་འབུལ་ཞུས་པ་དང་ཆབས་ཅིག གཞི་རྐང་ལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་གཞན་ཕན་བསྒྲུབ་རྒྱུ་དང་། ཚན་རིག་གི་ཤེས་བྱ་གོང་མཐོར་སྤེལ་ཆེད། དེ་བཞིན་མཇལ་མོལ་དེའི་སྐབས་ལྕམ་སྐུ་ Eve Ekman ལགས་ཀྱིས་ཁོང་ཁྲོ་དང་འབྲེལ་བའི་སེམས་སྡུག་དང་སྐྱོ་སྣང་བཅས་ནང་ཕན་ཚུན་འབྲེལ་ཡོད་སྐོར་དགོངས་ཚུལ་གསུངས་འདུག ༸གོང་ས་མཆོག་གིས་ཁོང་ཁྲོའི་སྐོར་དང་འབྲེལ་བའི་ཐོག་ལ་ལམ་སྟོན་བསྩལ་བའི་ཁྲོད། ཁོང་ཁྲོའི་རང་བཞིན་ནི་མི་དགེ་བའི་བློ་ཞིག་ཆགས་ཡོད་ཅིང་། འོན་ཀྱང་བློ་དེ་ལ་ལྡོག་ཕྱོགས་ཀྱི་གཉེན་པོ་བསྟེན་ཚེ་བཟང་ཕྱོགས་ཀྱི་ནུས་པ་ཞིག་ཏུ་གྱུར་ཐབས་ཡོད་པ་དེ་ལྟར་ཡང། གྲང་མོས་ཚ་རེག་སེལ་བ་ལྟར་ཡིན་པ་དང་། ཁོང་ཁྲོ་དང་ཞེ་སྡང་སོགས་ལ་གཉེན་པོ་བསྟེན་ནས་ཉོམ་མོངས་ཀྱི་བློ་དེ་དག་རྩ་བ་ནས་འགོག་ཐབས་གནང་དགོས་པ་ལས། ཉོམ་མོངས་པའི་བློ་དག་ལ་གཡོལ་ཐབས་བྱས་པས་ཕན་ཡོན་དེ་ཙམ་མེད་པ་རེད།  དེ་ལྟར་ན་བློ་ཡི་རྣམ་གཞག་དེ་དག་ཤེས་པར་སེམས་ཀྱི་ས་ཁྲའི་སྐོར་ཤེས་དགོས་གལ་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་སེམས་ཁམས་ཚན་རིག་པ་སྐུ་ཞབས་ Paul  Ekman ལགས་ཀྱིས་དབུ་འཛུགས་གནང་བའི་ Atlas of emotion འམ་སེམས་ཀྱི་ས་ཁྲ་ཞེས་པའི་ལས་འཆར་གྲ་སྒྲིག་འགྲོ་བཞིན་པའི་དུས་མཚམས་འདིར་ཤེས་ལྡན་མི་སྣ་གཞན་གྱིས་བློ་བསྐྱེད་ཁ་སྣོན་གནང་ཐུབ་ཚེ་དགེ་མཚན་དང་གྲུབ་འབྲས་ཆེ་བ་ཐོན་རྒྱུའི་ལམ་སྟོན་བཅས་བསྩལ་འདུག

རེས་གཟའ་ལྷག་པ། ༢༠༡༦།༠༢།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སེམས་ཀྱི་ས་ཁྲའི་ཐོག་ནས་ཉོན་མོངས་ཀྱི་གཉེན་པོ་བསྟེན་ཚུལ་སྐོར་བཀའ་བསྡུར་མཛད་འདུག རྩོམ་པ་པོ་ཞོགས་ལྗང་ལགས་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་གཏུགས་ལས་འགུལ་སྤེལ་བ། རྒྱ་གཞུང་གིས་བོད་ནང་ལོ་གསར་དང་སྨོན་ལམ་སྐབས་དམ་དྲག་བྱས་འདུག ལོ་སྟོང་ཕྲག་ཕྱིན་ཡང་བོད་པ་དེ་མེད་པ་བཟོ་ཐུབ་ཀྱི་མ་རེད་གསུངས་པ། ༸གོང་ས་མཆོག་གིས་འཇར་མན་ནང་གི་བོད་རིགས་ཚོར་བསྩལ་བའི་བཀའ་སློབ། Wednesday 24/02/2016 Dalai Lama discusses Atlas of Emotions in Rochestor Tibetan NGOs urge China to withdraw charges against Shokjang Security tightened in Tibet during Losar and Monlam Chenmo ‘Dho-Kham Nagshoe Driru’ students hold Tibetan Grammar debate FEATURE: Dalai Lama speech to Tibetans in Germany

༸གོང་ས་མཆོག་ཆོས་ཕྱོགས་མི་སྣ་བརྒྱའི་ཁོངས་ཨང་དང་པོར་བདམས་ཐོན་བྱུང་འདུག

དབྱིན་ཡུལ་གྱི་རྒྱལ་ས་ London ནང་གི་ Watkins Mind Body Spirit ཞེས་པའི་དུས་དེབ་པར་སྐྲུན་ཁང་གིས་ཕྱི་ལོ་ ༢༠༡༡ ནས་ལོ་ལྟར་འཛམ་གླིང་ནང་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཆོས་ཕྱོགས་ཀྱི་མི་སྣ་བརྒྱའི་ཆེ་བསྟོད་མཚན་གཞུང་བཏོན་བཞིན་འདུག་པ་དེའི་ཁྲོད། འདི་ལོའི་ཆོས་ཕྱོགས་ཀྱི་མི་སྣ་བརྒྱའི་ཁོངས་ཨང་དང་པོ་དེ་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདམས་ཐོན་བྱུང་འདུག འདི་ལོའི་ཆོས་ཕྱོགས་མི་སྣ་བརྒྱའི་མཚན་གཞུང་ཁྲོད་དང་པོ་༸གོང་ས་མཆོག་དང་གཉིས་པར་ཡི་ཤུའི་བླ་ཆེན་ Pop Francis མཆོག་དང་ཨང་གསུམ་པར་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ Bishop Desmond Tutu མཆོག་སོགས་བདམས་ཐོན་བྱུང་འདུག Watkins Mind Body Spirit དུས་དེབ་པར་སྐྲུན་ཁང་ནས་དེ་དོན་གནས་ཚུལ་སྤེལ་བའི་ནང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལོ་བསྟུད་མར་ཨང་དང་པོར་བདམས་ཐོན་བྱུང་དོན་གཙོ་བོ་ནི། མགོན་པོ་༸གང་ཉིད་མཆོག་གིས་རང་གཞན་གཉིས་ཀར་བདེ་སྐྱིད་ཡོང་ཆེད། སྙིང་རྗེའི་ཉམས་ལེན་གནང་དགོས་པའི་བསླབ་བྱ་ལམ་སྟོན་གནང་གི་ཡོད་པ་གསུངས་འདུག རྩ་བའི་ད་དབར་༸གོང་ས་མཆོག་ལ་ ༢༠༡༡ ལོ་མ་གཏོགས་ ༢༠༡༢ ནས་བསྟུད་མར་ཨང་དང་པོ་ཐེངས་ལྔ་བདམས་ཐོན་བྱུང་འདུག

རེས་གཟའ་མིག་དམར། ༢༠༡༦།༠༢།༢༣

ཉན་པ།: Listen ཕབ་ལེན། Download གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ། རྒྱ་གཞུང་གིས་ཞོགས་ལྗང་ལགས་ལ་ཁྲིམས་ཐག་བཅད་པ་དེ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ། རྒྱུད་སྟོད་གྲྭ་ཚང་དུ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་དབུ་འཛུགས་གནང་པ། བཞུགས་སྒར་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས། གཞས་པ་ནོར་བུ་བསམ་འཕེལ་ལགས་ཀྱིས་བླངས་པའི་གླུ་གཞས། བྱ་རྒྱལ་བོད་ལ་ཕེབས་དང་། Tuesday 23/02/2016 Tibetan monk sentenced to 2 years in prison CPJ urges China to overturn Tibetan bloggers sentence Gyutoe monastery hold Tantric Debate 10th Tibetan College Students’ conference begins

Latest news