Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2016

རེས་གཟའ་ཟླ་བ། ༢༠༡༦།༠༢།༢༩

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་ནས་གནས་སྐབས་རིང་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་བཞེས་རྒྱུ། བོད་ཀྱི་རྡུང་ལེན་པ་གྲགས་ཅན་བདུད་བྷེ་ལགས་སྐུ་གྲོངས་འདུག ༸གོང་ས་མཆོག་ཐེ་ལྦན་ནང་གདན་འདྲེན་ཞུ་དགོས་པ་གསུངས་འདུག ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་སྐོར་བགྲོ་གླེང་། རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས་པ། རྒྱལ་སྤྱིའི་ཨེ་ཤི་ཡ་རིག་གཞུང་ལྷན་ཚོགས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད། Monday 29/02/2016 Sikyong to take charge of DIIR after Kalon Dicki Chhoyang’s resignation Renowned Tibetan singer and musician Dubey passes away Taiwanese lawmaker proposes govt. to invite Dalai Lama Tibet environment debate in Australian Parliament Religious debate in South India in honor of Dalai Lama

སྲིད་སྐྱོང་མཆོག་ནས་གནས་སྐབས་རིང་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་བཞེས་རྒྱུ་ཡིན་གསུངས་སོང་།

ཁ་སང་རེས་གཟའ་ཉིན་མའི་སྔ་དྲོ་ཚོུད་༡༠ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་དང་འབྲེལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དགོངས་ཞུ་ཕུལ་བའི་གནས་ཚུལ་བྱུང་ཡོད་པ་ལྟར། ཉིན་དེ་གའི་ཕྱི་དྲོ་ཚོུད་༤པའི་ཐོག་ཕྱི་དྲིལ་བཀའ་བློན་མཆོག་དགོངས་ཞུའི་གནད་དོན་དང་འབྲེལ། སྲིད་སྐྱོང་མཆོག་གིས་དབུ་བཞུགས་བཀའ་ཤག་ལྷན་རྒྱས་ཚོགས་གནང་ཡོད་པ་རེད། ཕྱི་དྲོ་ཆོུད་༥།༣༠ཐོག་སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་སྤེལ་བའི་ནང་འཁོད་གསལ། ད་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ རེས་བཟའ་ཉི་མའི་སྔ་དྲོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གློ་བུར་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག་པ་དང་། དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཡིག་ཐོག་ཏུ་ང་རང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་གནང་བའི་ཆེད་དུ་ཡིན་སྐོར་དང་། ཞལ་ཐོག་ནས་བཀའ་བློན་ཡིན་མུས་ཐོག་ད་ལྟ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་བགྲོ་གླེང་ལས་རིམ་ཁག་ནང་མཉམ་ཞུགས་མི་ཐུབ་པས་དེ་ལྟར་ཐུབ་པའི་ཆེད་དུ་ཡིན་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་ཞུ་གནང་འདུག་ཅིང་། ད་ཉིན་ནས་གནས་སྐབས་ཆར་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཉམ་ལྕོགས་གནང་རྒྱུ་གནང་སོང་བ་བཅས་ཀྱི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས། ཞེས་འཁོད་འདུག  

ཕྱི་དྲིལ་བཀའ་བློན་མཆོག་ཐུགས་ཕམ་དང་བཅས་ལས་སྣེ་ནས་དགོངས་ཞུའི་གསར་འགོད་བསྒྲགས་གཏམ་སྤེལ་བ།

དེ་རིང་ཟླ་ ༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སར་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཐུགས་ཕམ་དང་བཅས་བཀའ་བློན་ལས་སྣེ་ནས་རང་འགུལ་གྱིས་དགོངས་ཞུ་གནང་རྒྱུའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་སོང། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དེ་རིང་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རང་ཉིད་ལས་སྣེ་ནས་དགོངས་ཞུ་བྱ་རྒྱུའི་གནས་འཁོད་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་ཅེས་གསུངས་པ་དང་འབྲེལ། སྙན་ཞུ་དེའི་ངོ་བཤུས་བཀའ་དྲུང་མཆོག་གཙོས་པའི་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་སུ་ཕུལ་ཡོད་སྐོར་གསུངས་སོང། ད་དུང་ཁོང་གིས་ཐུགས་ཕམ་ཆེན་པོས་ད་ལན་བཀའ་བློན་གྱི་ལས་སྣེ་ནས་རང་འགུལ་གྱིས་དགོངས་ཞུ་བྱ་དོན་གཙོ་ཁག་ནི། སྒེར་དོན་ལས་སྤྱི་དོན་གཙོ་བ་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ལ་ཡུན་རིང་ནས་བསམ་ཞིབ་གཏིང་ཟབ་གནང་ནས་ད་ལན་དངོས་སུ་དགོངས་ཞུ་གནང་པ་ཡིན་ཞེས་གསུངས་པ་མ་ཟད། ད་བར་ལོ་ངོ་བཞི་ཙམ་རིང་བཀའ་བློན་གྱི་མཚན་ཐོག་ནས་རྒྱལ་ཁབ་འདྲ་མིན་ནང་དངོས་སུ་བཅར་ཏེ་བོད་དོན་ཆེད་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་པ་བཟང་པོར་བསམ་བཞིན་ཡོད་ཅེས་གསུངས་ཡོད། ལྷག་དོན་ཁོང་གིས་ད་ལྟ་དགོངས་ཞུ་བྱ་དོན་གྱི་གནད་དོན་གང་ཡིན་རྗེས་སུ་གོ་སྐབས་གཞན་ཞིག་གི་ཐོག་ནས་གསལ་བཤད་གནང་རྒྱུ་ཡིན་སྐོར་ཡང་གསུངས་སོང། སྐབས་དེར་གསར་འགོད་པ་ཚོར་བཅར་འདྲི་ཞུ་རྒྱུའི་དུས་ཚོད་མེད་ཅེས་གསུངས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༦།༠༢།༢༨

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བེུད་ཅེས་པའི་དམིགས་བསལ་ལེ་ཚན། བོད་ཀྱི་ཟློས་གར་ཚོགས་པའི་རྒན་ཚུལ་ཁྲིམས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པ། Sunday 28/02/2016 Women of Tibet : Tsultrim Dolma, performing artist from TIPA

རེས་གཟའ་སྤེན་པ། ༢༠༡༦།༠༢།༢༧

ཉན་པ།: Listen ཕབ་ལེན། Download བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས། འཇར་མ་ནི་ནང་བོད་ཀྱི་སྐད་ཡིག་དང་འཚོ་ཐབས་མཚོན་པའི་རིས་མོའི་སྒྱུ་སྩལ་གྱི་འགྲེམས་སྟོན། གཟའ་འཁོར་བསྐྱར་ཞིབ། ༸གོང་ས་མཆོག་གིས་ཉི་ཧོང་ནང་སྟོང་ཉིད་ཐོག་བསྩལ་བའི་བཀའ་ཆོས། Saturday 27/02/2016 North America Regional Meeting of ITN begins Exhibition on Contemporary Tibetan Art underway in Frankfurt Week Review FEATURE: Dalai Lama teaches on Emptiness in Kyoto, Japan

རེས་གཟའ་པ་སངས། ༢༠༡༦།༠༢།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ Mayo སྨན་ཁང་གི་ལས་བྱེད་རྣམ་པར་བཀའ་སློབ་བསྩལ་གནང་གི་འདུག རྒྱ་གཞུང་ལ་བོད་སྒོ་མོ་རྒྱབ་རྒྱུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད། འཇམ་དབྱངས་རྡོ་རྗེ་ལགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ། སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་མཐའ་མ་དེ་ཟླ་ ༣ ཚེས་ ༢༡ ནས་དབུ་འཛུགས་གནང་གི་འདུག རྒྱ་རིགས་གློག་བརྙན་འཁྲབ་མཁན་ཁག་ཅིག་ཁ་བྲལ་རིང་ལུགས་ལ་རྒྱབ་བསྐྱོར་བྱེད་བཞིན་ཡོད་པར་བསྐྱོན་བརྗོད། དམིགས་བསལ་ལེ་ཚན། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ལས། བཞུགས་སྒར་རྡ་སར་བག་ལེབ་ཚོང་གཉེར་བ་ཨ་བསྟན་རྒྱལ་ལགས་ཀྱི་འཚོ་ཐབས་སྐོར། Friday 26/02/2016 Dalai Lama to speak to Mayo clinic employees Lockdown of Tibet, closure to foreigners deepens isolation Tibetan Lone protestor arrested, whereabouts still unknown Last session of 15th TPiE to convene on March 21 Celebrities attacked by state backed website in china for supporting Tibet DIASPORA FEATURE: Tibetan bread seller Aten Gyal

༸གོང་ས་མཆོག་གིས་ Mayo སྨན་ཁང་གི་ལས་བྱེད་རྣམ་པར་བཀའ་སློབ་བསྩལ་གནང་གི་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞེ་ཉིན་རེས་གཟའ་ཟླ་བ་སྟེ་ཚེས་ ༢༩ ཉིན་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་ Mayo སྨན་ཁང་གི་སྨན་པ་གཙོས་པའི་ལས་བྱེད་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་གྱི་ཡོད་པ་རེད་འདུག       རྩ་བའི་༸གོང་ས་མཆོག་ད་ལན་ Mayo སྨན་ཁང་དུ་རྐང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་སྒྱུར་བསྐྱངས་པ་ཞིག་ཆགས་ཡོད་སྟབས། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་གི་གཞུང་འབྲེལ་དྲ་གནས་ཐོག་གསལ་བར་༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་ཀྱི་མཛད་འཆར་དེ་ཟླ་བ་འདིའི་ཚེས་ ༢༡ དང་། ཕྱི་ཟླ་ ༣ ཚེས་ ༨ དང་ ༩ བཅས་མ་གཏོགས་མི་འདུག དེ་རིང་ Post Bulletin བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། Mayo སྨན་ཁང་གི་འགན་འཛིན་ John Noseworthy ལགས་ཀྱིས་༸གོང་ས་མཆོག་ནས་རེས་གཟའ་ཟླ་བའི་ཉིན་ Rochester གྲོང་ཁྱེར་ Saint Mary’s སྨན་ཁང་གི་ཡི་ཤུའི་ལྷ་ཁང་ཞིག་ཏུ་ Mayo སྨན་ཁང་གི་སྨན་པ་གཙོས་པའི་ལས་བྱེད་ཁག་ཅིག་ལ་འཕྲོད་བསྟེན་དང་སྙིང་རྗེའི་འབྲེལ་བའི་སྐོར་བླང་དོར་ལམ་སྟོན་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་གསུངས་འདུག མཛད་འཆར་དེ་ནི་ཆེད་མངགས་ལས་བྱེད་པ་ཁག་ཅིག་གི་ཆེད་དུ་ཆེད་དམིགས་གནང་པ་ཞིག་ཡིན་ཀྱང། མང་ཚོགས་རྣམས་ལ་དྲ་རྒྱའི་ཐོག་ནས་ཐད་སྲིང་གནང་གི་འདུག གཞི་རྩའི་༸གོང་ས་མཆོག་ཟླ་བ་སྔོན་མའི་ཚེས་ ༢༠ ནས་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་བརྟག་དཔྱད་གནང་བཞིན་ཡོད་པའི་དུས་སྐབས་ན་གཞིས་བྱེས་བོད་མི་རྣམ་པ་གཙོས་མགོན་པོ་༸གང་ཉིད་མཆོག་ལ་དགའ་མོས་ཞུ་མཁན་མང་ཚོགས་ནས་སེམས་འཚབ་ཆེན་བྱུང་ཡོད་སྟབས། མགོན་པོ་མཆོག་གིས་བོད་ཀྱི་གནམ་ལོ་གསར་པའི་འཚམས་འདྲིའི་གསུང་འཕྲིན་དང་། ལྷག་དོན་ཟླ་བ་འདིའི་ཚེས་ ༢༡ ཉིན་༸གང་ཉིད་མཆོག་གིས་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྐྱངས་མཚམས་མགོན་པོ་མཆོག་སྐུ་ཁམས་སེལ་ཐང་ཡིན་པས་མང་ཚོགས་བློ་བདེ་པོ་གནང་དགོས་སྐོར་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ཨ་རིའི་ Mayo སྨན་ཁང་དུ་བཞུགས་ཞག་མཛད་པའི་ཁྲོད། Rochester གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Ardell Brede མཆོག་གིས་དབུས་པའི་གནད་ཡོད་མི་སྣ་ཁག་ཅིག་ནས་མཇལ་བཅར་ཞུས་འདུག་པ་དང། ལྷག་པར་དུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Walz ལགས་ནས་༸གོང་ས་མཆོག་མཇལ་བཅར་ཞུས་ཏེ་ཉེ་སྔོན་ཕྱི་ཟླ་ ༡༡ ནང་ཁོང་དང་ཨ་རིའི་གཞུང་གི་སྐུ་ཚབ་ཁག་ཅིག་བོད་ནང་བསྐྱོད་པའི་སྐོར་ལ་བཀའ་མོལ་ཞུས་འདུག སྐུ་ཞབས་ Tim Walz ལགས་ནས་བརྒྱུད་ལམ་ཁག་ཏུ་གསུངས་པར། ༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་དུས་ཚོད་འདི་ནི་ཧ་ཅང་གི་རྩ་ཆེན་པོ་ཞིག་དང་། གཞན་ལ་སེམས་པ་བཟང་པོ་བྱ་རྒྱུའི་བསླབ་བྱ་སེམས་སྐུལ་ཐེབས་ཡག་ཅིག་བྱུང་གི་འདུག་ཅེས་གསུངས་འདུག    

རྒྱ་གཞུང་ལ་བོད་སྒོ་མོ་རྒྱབ་རྒྱུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད་གནང་པ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད་གནང་འདུག དེ་ཡང་ཁ་སང་ཚེས་ ༢༥ ཉིན་ནས་མགོ་ཚུགས་ཀྱིས་རྒྱ་གཞུང་ནས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་མཉམ་འབྲེལ་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།  རྒྱ་ནག་གཞུང་གིས་ལོ་ལྟར་སྤྱི་ཟླ་ ༣ པའི་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་དུ་བསྐྱོད་པར་བཀག་སྡོམ་བྱེད་པ་དེས་བོད་དེ་རྒྱལ་སྤྱིའི་ཐོག་ཁེར་རྐང་འཇོག་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ལྷག་དོན་ད་ལན་གྱི་བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་ཙམ་མིན་པར་བོད་མདོ་སྨད་བར་གསུམ་དུ་རྒྱ་རིགས་ལས་བྱེད་མང་དུ་བཏང་པ་མ་ཟད། བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་དམ་དྲག་དང་། གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་བསྐྱེད་གཏོང་བཞིན་པ་རྣམས་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་ཐོག་བོད་འཛིན་བཞིན་པའི་སྲིད་བྱུས་དེ་དག་ནི་བོད་མིར་ཆེད་དམིགས་བྱས་པ་ཞིག་དང་། དེ་ནི་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཤིག་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་མཚུངས་སུ་ཚོགས་པ་གཉིས་པོས་རྒྱ་ནག་གཞུང་གིས་བོད་རིགས་མང་ཚོགས་རྣམས་ཀྱི་གཞི་རྩའི་རང་དབང་དག་ལ་བརྩི་སྲུང་བྱ་རྒྱུ་གཙོས་པའི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་།  གནད་ཡོད་མི་སྣ་རྣམས་བོད་ནང་བསྐྱོད་ནས་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་ལ་དཔྱད་ཞིབ་བྱ་རྒྱུའི་གོ་སྐབས་བསྐྲུན་དགོས་གལ་ཡིན་པའང་བརྗོད་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུག་ཁག་ཏུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བར་བརྟེན། བོད་གནམ་ལོ་གསར་ཚེས་དང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་ལ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གནད་ཡོད་མི་སྣ་རྣམས་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཐེངས་འདིའི་བཀག་སྡོམ་གྱི་ལས་གཞི་དེ་ནི་ཁ་སང་ཚེས་ ༢༥ ནས་མགོ་ཚུགས་ཀྱིས་ཟླ་རྗེས་མའི་ཟླ་མཇུག་བར་ཡིན་འདུག  

Latest news