Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2016

དགེ་བཤེས་ག་ཟི་ཚེ་རིང་པོ།

དགེ་བཤེས་ག་ཟི་ཚེ་རིང་པོ། ཕབ་ལེན།

ཨུ་རུ་སུ་ནང་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

ཨུ་རུ་སུའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་ནང་གིས་ཡུལ་དེའི་རྒྱལ་ས་ Moscow གཙོས་པའི་ས་གནས་ཁག་ཏུ་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་འཚོལ་བསྒྲུབ་ཆེད་ལག་དེབ་སྔོན་པོ་རྒྱ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད།            དེ་ཡང་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ད་ལན་ཨུ་རུ་སུའི་ནང་དེབ་སྔོན་པོ་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི། བོད་དོན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དཔལ་འབྱོར་འདུ་འགོད་གནང་རྒྱུ་ཁོ་ན་མིན་པར། བོད་ནང་གི་བོད་མིའི་ཛ་དྲག་གནས་སྟངས་གཙོས་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཕྱོགས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད། ལྷག་དོན་གོ་ལའི་ཁྱོན་ཡོངས་སུ་༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་བཞིན་པ་དེ་དག་ཨུ་རུ་སུའི་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་ཐབས་སུ་དམིགས་པ་ཡིན་སྐོར་གསུངས་སོང་།  ད་དུང་ཁོང་གིས་ལག་དེབ་སྔོན་པོ་རྒྱ་སྐྱེད་ཀྱི་ལས་འགུལ་སྤེལ་འགོ་བརྩམས་པ་མ་ཟད། དེར་ཨུ་རུ་སུའི་མི་དམངས་ཁྲོད་ནས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གང་ལེགས་གནང་སྐོར་གསུངས་ཡོད།      གཞི་རྩའི་ལག་དེབ་སྔོན་པོའི་ལས་གཞི་དེ་ནི། དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས། ཕྱི་ལོ་ ༡༩༩༧ ལོར་དབུ་ཚུགས་ཀྱིས་རང་རེའི་རྩ་དོན་བསྒྲུབ་ཐབས་སུ་མི་རིགས་གཞན་གྱིས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་སླད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་ཡིན་པ་དང་། དེ་ཡང་ཨུ་རུ་སུ་ཙམ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་ས་གནས་སོ་སོའི་མང་ཚོགས་ཁྲོད་ལས་གཞི་དེ་ལྟར་སྤེལ་བཞིན་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༦།༠༡།༢༨

ཉན་པ།: Listen ཕབ་ལེན། Download དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བོད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་ཡོད་པ་གསུངས་འདུག རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་གང་ཡང་སོང་མེད་པ་བརྗོད་འདུག ཨ་རིའི་སྲིད་འཛིན་འོས་མི་ཁག་ཅིག་ལ་བོད་དོན་དྲི་བ་ཕུལ་བ། མངའ་རིས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་རྒྱུ། གཞོན་ནུ་དབུས་སའི་དཀའ་རྙོག་གྲོས་མོལ་ལམ་ནས་ཞི་འགྲིག་བྱུང་འདུག ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། ས་སྐྱའི་འོས་མི་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། Thursday 28/01/2016 Golok Jigme briefs UK Parliament on current situation in Tibet New Freedom House report slams China’s rights record How will the next US President approach the Tibet issue: ICT campaign Ngari Chithun Association to support Sikyong candidate Penpa Tsering TYC issue peacefully resolved through dialogue My MP: Sakya candidate Lopon Thupten Gyaltsen

མངའ་རིས་སྤྱི་མཐུན་ཚོགས་པས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་མཚན་སྟོན།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བ་དང་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་མཚན་འདོན་རྒྱུའི་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་ཡོད། དེ་ཡང་སྔ་དྲོ་ཚོུད་ ༡༠།༣༠ སྟེང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་པ་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་སྨན་པ་ཐོགས་མེད་ལགས་ཀྱིས་ཉེ་དུས་མངའ་རིས་སྤྱི་མཐུན་ཚོགས་པས་བསམ་ཞིབ་གྲོས་བསྡུར་མཐིལ་ཕྱིན་གནང་མཐར། ད་ཡོད་ཀྱི་སྲིད་སྐྱོང་འོས་མིའི་ཁྲོད་ལས་༸མགོན་པོ་གང་གི་རླབས་ཆེན་དགོངས་གཞི་རྣམས་ཚུལ་བཞིན་རྟོགས་ནས་ལག་བསྟར་ཐུབ་མཁན་དང།  གཉན་འཕྲང་གི་དུས་ཚོད་ཇི་ཙམ་ཡིན་པ་ཤེས་མཁན།  གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ཚང་ལ་མ་ནོར་བ་རྟོགས་ནས་དེ་ལྟར་སྤོབས་པ་དང་བཅས་ལག་བསྟར་ཐུབ་མཁན།  རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལས་དོན་སོགས་ཀྱི་ཐད་མཁྱེན་རྟོགས་ཚད་ལྡན་ཡོད་ཁར། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལྷུང་སྤངས་པའི་ཐོག་བཤད་ན་བཤད་ཕོད་པ་དང་། བྱེད་ན་བྱེད་ཕོད་པའི་བློ་སྟོབས་ཡོད་པའི་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལས་ལྷག་པ་མེད་སྟབས།  ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་དོན་གནད་གསུམ་ལ་བརྟེན་ནས་སྲིད་སྐྱོང་འོས་མིར་མཚན་འདོན་རྒྱུའི་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་གནང་སོང།

སློབ་དཔོན་ཐུབ་བསྟན་རྒྱལ་མཚན།

སློབ་དཔོན་ཐུབ་བསྟན་རྒྱལ་མཚན། ཕབ་ལེན།

རེས་གཟའ་ལྷག་པ། ༢༠༡༦།༠༡།༢༧

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་པོ་བྱུང་ཡོད་པ་གསུངས་པ། རྒྱ་གཞུང་ནས་བོད་ཀྱི་ཆོས་ཕྱོགས་ལས་དོན་ལ་ཐེས་བྱུས་བྱ་རྒྱུའི་འགན་དབང་མེད་པ་གསུངས་འདུག དྲ་རྒྱ་བརྒྱུད་དེ་བོད་ཆོལ་གསུམ་ས་ཁྲ་ཁྱབ་སྤེལ་གཏང་རྒྱུའི་ལས་འགུལ་འགོ་འཛུགས། བོད་ནང་དུ་ཕ་སྐད་སྲུང་སྐྱོབ་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་ཚོགས་པ། རྒྱ་གཞུང་ནས་དྲུག་བཞིའི་དོན་རྐྱེན་གྱི་པར་རིས་ཁག་ལ་དམ་བསྒྲགས། ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། བོན་པོའི་འོས་མི་གཡུང་དྲུང་འཆི་མེད། Wednesday 27/01/2016 Sikyong assures Dalai Lama is in good health China has no business in reincarnation system: Sikyong SFT launches Reclaim Tibet campaign Tibetans in Nangchen hold competition to preserve Tibetan language Concerns over sale of iconic Tiananmen images to Chinese firm My MP: Bon candidate Yungdrung Chime

བཀའ་ཤག་ནས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཐོག་མང་ཚོགས་ནས་སེམས་ཁྲལ་གནང་དགོས་ཀྱི་མེད་པ་གསུངས་གནང་སོང།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ཉིན་ཤས་ནས་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་སྨན་བཅོས་གནང་བཞིན་པ་དང་འབྲེལ། དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་༸སྐུ་ཕྱྭའི་རྐྱེན་སེལ་ཆེད་༸རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས་སྔགས་སོགས་ཉིན་འཁྱོངས་རིང་གསོག་སྒྲུབ་གནང་ཡོད། དེ་ཡང་སྔ་དྲོ་ཚོུད་ ༩།༠༠སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དགེ་བཤེས་ཐུབ་བསྟན་བསྟན་འཛིན་ལགས་ཚོགས་མགོན་དུ་དབུ་བཞུགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། སྲི་ཞུ་བ། དེ་བཞིན་མང་ཚོགས་སྟོང་ཕྲག་ལྷག་ཕེབས་འདུག གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་དུས་༸གོང་ས་མཆོག་ཨ་རིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཕེབས་ཐོན་མཛད་པའི་ཐད་བོད་ཕྱི་ནང་གཉིས་ནས་༸སྐུའི་འཕྲོད་བཞེས་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ནའང། ཨ་རིའི་ Mayo སྨན་ཁང་གི་འབྲེལ་སྨན་པས་གསུངས་པར། མགོན་པོ་མཆོག་གི་༸སྐུའི་བརྟག་དཔྱད་ལེགས་པོ་བྱུང་བ་མ་ཟད། ད་ལྟའི་ཆར་སྨན་བཅོས་གང་ལེགས་ཡོང་གི་ཡོད་སྐོར་གསུངས་པ་ཁག་ལུང་འདྲེན་དང་སྦྲགས། བོད་གཞིས་བྱེས་མང་ཚོགས་ནས་སེམས་འཁྲལ་གནང་དགོས་མེད་པ་གསུངས་གནང་སོང། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལམ་ལྷོང་ལྡན་པ་ཡོང་ཆེད་བཞུགས་སྒར་རྡ་རམ་ས་ལ་ཙམ་མ་ཡིན་པར། བོད་མི་འདུ་སྡོད་རྒྱལ་སྤྱི་ཁྱོན་ཡོངས་སུ་༸རྒྱལ་བའི་ཞབས་རིམ་གསོལ་འདེབས་གསོག་སྒྲུབ་གནང་མུས་ཡིན་པ་རེད།

བོད་ནང་དུ་ཕ་སྐད་སྲུང་སྐྱོབ་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ།

བོད་མདོ་ཁམས་ནང་ཆེན་གྱི་རྫ་ཉིན་ཕ་སྐད་གཅེས་སྐྱོང་མཐུན་ཚོགས་ཀྱིས་ཟླ་བ་འདིའི་ཚེས་ ༢༠ ཉིན་ཁུལ་དེར་སྐབས་བཞི་པའི་ཆོལ་གསུམ་རིས་མེད་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་སྐོང་ཚོགས་གནང་འདུག   དེ་ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཕ་སྐད་སྲུང་སྐྱོབ་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་དེ་བཞིན་ཟླ་བ་འདིའི་ཚེས་༢༠ ནས་འགོ་འཛུགས་ཀྱིས་ཚེས་ ༢༥ བར་ཉིན་གྲངས་ལྔ་རིང་ཚོགས་འདུག་པ་དང་། རྒྱུགས་སྤྲོད་ནང་འགྲན་ཞུགས་པ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་རླངས་འཁོར་དང་འཕྲུལ་རྟ་ཆེ་ཆུང་སོགས་གནང་སྟབས། མཉམ་ཞུགས་པ་དང་མང་ཚོགས་ནས་ལས་འགུལ་དེར་ཡི་རངས་དང་དགའ་སྤོབས་ཆེན་པོ་གནང་ཡོད།          སྐབས་དེར་འགྲན་ཞུགས་གནང་སྟངས་ལ་སྡེ་ཁག་གསུམ་དུ་དབྱེ་སྟེ།  ཨང་རིམ་དང་པོ་སོན་མཁན་མི་གཅིག་ལ་གཟེངས་རྟགས་སུ་རླངས་འཁོར་གཅིག་དང་། ཨང་རིམ་དང་པོའི་གཉིས་པ་སོན་མཁན་མི་དྲུག་ལ་བུའི་འཕྲུལ་རྟ་རེ་དང་སྒོར་ ༥༠༠ ཐམ་པ། ཨང་རིམ་གསུམ་པ་སོན་མཁན་མི་དྲུག་ལ་བུ་མོའི་འཕྲུལ་རྟ་གཅིག་བྱ་དགའ་གནང་པ་མ་ཟད། གཞན་ཡང་ཨང་རིམ་བཞི་པ་ནས་བདུན་པ་བར་ལེགས་གསོལ་བྱ་དགའ་ཡང་གནང་འདུག ལྷག་པར་དུ་ད་ལན་གྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོའི་ལས་འགུལ་དེར་མཉམ་ཞུགས་པ་རྣམས་ནས་དགའ་སྤེབས་ཆེན་པོས་ཡི་རངས་ཀྱི་སྔགས་བརྗོད་ཞུས་པ་མ་ཟད། མང་ཚོགས་ཀྱི་ཁྲོད་ནས་ཀྱང་ལས་འགུལ་དེར་རྒྱབ་སྐྱོར་དང་བཅས་ གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་ཞུས་འདུག    གཞི་རྩའི་རྫ་ཉིན་ཕ་སྐད་གཅེས་སྐྱོང་མཐུན་ཚོགས་ནི་ཁམས་ནང་ཆེན་གྱི་སེར་སྐྱ་མི་མང་ཐུན་མོང་གིས་ཆེད་བཙུགས་གནང་པ་ཞིག་ཡིན་འདུག  དེ་ལྟར་གོ་སྒྲིག་གནང་པའི་དགོས་དམིགས་གཙོ་བོ་ནི། བོད་མི་རིགས་ཀྱི་རིག་གནས་དང་ཕ་སྐད་གཙང་མ་སྲུང་སྐྱོབ་འཐུས་ཚང་ཞིག་ཕྱིར་ཡིན་པ་རེད་འདུག

གཡུང་དྲུང་འཆི་མེད།

གཡུང་དྲུང་འཆི་མེད། ཕབ་ལེན།

Latest news