Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2016

རེས་གཟའ་ཉི་མ། ༢༠༡༦།༠༡།༣༡

ཉན་པ།: Listen ཕབ་ལེན། Download ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། བྱང་ཨ་རིའི་འོས་མི་ཚེ་དབང་རིག་འཛིན་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས། Sunday 31/01/2016 "My MP": North America MP candidate Tsewang Rigzin and Kalsang Phuntsok Godrukpa

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་འདུག

བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་དེ་རིང་ཚེས་ ༣༠ ཐོ་རངས་ཚོུད་ ༡ ཐོག་དགོངས་པ་རྫོགས་འདུག         སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དམ་པ་དེ་ཉིད་འདས་པའི་ཟླ་བ་དྲུག་ཙམ་ནས་སྙུང་གཞི་བཞེས་ཏེ་ད་དབར་སྨན་བཅོས་གནང་ཡང་དྲག་སྐྱེད་མ་བྱུང་རྐྱེན་དེ་རིང་དགོངས་པ་རྫོགས་འདུག      རྩ་བའི་ཀརྨ་ཆོས་འཕེལ་ལགས་དམ་པ་ཁོང་ནི། བོད་མི་མང་སྤྱི་འཐུས་སྐབས་༡༡ནས་ད་ལྟ་ ༡༥ བར་སྐབས་ལྔའི་རིང་ལ་སྤྱི་འཐུས་གནང་མྱོང་མཁན་གྱི་སྤྱི་འཐུས་རྒན་གྲས་ཤིག་ཆགས་ཡོད་པ་དང་། ལྷག་པར་དུས་ཡུན་དེའི་ཁྲོད་དམ་པ་དེ་ཉིད་ནས་སྤྱི་འཐུས་ཚོགས་གཙོ་ཐེངས་གཉིས་གནང་འདུག  གཞན་ཡང་་བོད་མིའི་སྤྱི་ཚོགས་ནང་ཕྱག་ལས་གནང་པའི་ཁྲོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གནང་འདུག་པ་མ་ཟད། དེ་སྔ་སྦེལ་ཀོབ་ནང་སློིབ་དགེ་དང་ཤིམ་ལ་གཏན་སློབ་ཏུ་སློབ་སྤྱི་སོགས་ཕྱག་ལས་རྒྱ་ཆེ་གནང་འདུག

ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་གར་གཞོན་སྐྱེས་ཚོས་བོད་དོན་ཐོག་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ཟུང་སྦྲེལ་གྱིས་ཁོར་ཡུག་དང་རྩོད་རྙོག་འདུམ་སྒྲིག་གླེང་མོལ་ལས་རིམ་ཐོག དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱ་གར་གཞོན་སྐྱེས་ཚོས་བོད་དོན་ཐོག་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་འདུག དེ་ཡང་ཉིན་རྒྱབ་ཚོུད་ ༡།༣༠ སྟེང་བཞུགས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ Club House ཚོགས་ཁང་དུ་རྒྱ་གར་མེས་པོ་དམ་པ་གྷན་དི་མཆོག་སྐུ་གཤེགས་པའི་ཉིན་མོ་དང་བསྟུན། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་པ་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དབུས། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། རྡ་སའི་ཁུལ་གྱི་བོད་མི་དང་ཡུལ་མི། དེ་བཞིན་རྒྱ་གར་དང་བོད་རིགས་གཞོན་སྐྱེས་བཅས་ཚང་འཛོམས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། འཕགས་བོད་གཉིས་ད་བར་འདས་པའི་ལོ་རྒྱུས་ཁྲོད་ལེགས་བྱང་གཙོས་པའི་སྐད་ཡིག རིག་གནས་དང་ཟློས་གར། དེ་བཞིན་ཆོས་ཕྱོགས་དང་ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཐོག་ནས་འབྲེལ་ལམ་ཟབ་མོ་ཡོད་པ་གསུངས་པ་དང་ཆབས་ཅིག རྒྱལ་ཁབ་གཉིས་ཀྱི་ལེགས་བྱང་ཐོག་ལ་གནད་ཆེ་བའི་མཐུན་པའི་ཁྱད་ཆོས་མང་དག་ཞིག་ཡོད་པ་ལུང་འདྲེན་གནང་པ་དང་སྦྲགས། འཕགས་བོད་གཉིས་ཀྱི་ལོ་རྒྱུས་ནང་ཆེས་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་མཁྱེན་རྟོགས་ཡོད་པའི་མི་རབས་རྒན་པ་རྣམས་ཉིན་རེ་བཞིན་དགོངས་པ་རྫོགས་ཀྱི་ཡོད་སྟབས། རྒྱ་གར་དང་བོད་པའི་གཞོན་སྐྱེས་ཚོས་འཕགས་བོད་གཉིས་ཀྱི་དེ་སྔོན་ཆེས་ཟབ་པའི་འབྲེལ་ལམ་དེ་དག་བསྐྱར་གསོ་ཐུབ་པ་གནང་རྒྱུའི་འོས་འགན་ཡོད་པ་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་ངེས་པར་དུ་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག དེ་མཚུངས་ལེགས་བྱང་སོགས་ཀྱི་གནས་བབ་ཐོག་ཐུགས་སྣང་རྒྱ་གང་ཆེ་གནང་དགོས་གལ་ཡིན་སྐོར་སོགས་གསུངས་ཡོད། རྩ་བའི་ལས་རིམ་དེའི་དགོས་དམིགས་གཙོ་བོ་ནི། རྒྱ་གར་གྱི་གཞོན་སྐྱེས་ཁྲོད་ལ་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག་གི་གལ་གནད་སྐོར་གོ་རྟོགས་སྤེལ་ཐབས་དང་། དེ་བཞིན་མ་འོངས་པར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་རྒྱ་གར་གྱི་གཞུང་འབྲེལ་མིན་པ་ཚོ་དང་ལྷན་ཟུང་སྦྲེལ་ཐོག་ལས་འགུལ་སྤེབས་ཐབས་བཅས་ཡིན་འདུག

རེས་གཟའ་སྤེན་པ། ༢༠༡༦།༠༡།༣༠

ཉན་པ།: Listen ཕབ་ལེན། Download ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་གར་གཞོན་སྐྱེས་ཚོས་བོད་དོན་ཐོག་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་པ། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་འདུག ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། བྱང་ཨ་རིའི་སྤྱི་འཐུས་འོས་མི་བཀྲིས་རྣམ་རྒྱལ་དང་པདྨ་ཕྱག་མཛོད་ཚང་། Saturday 30/01/2016 DIIR Kalon urges Indian youth to support Tibet issue Veteran Tibetan Parliamentarian Karma Choephel passes away My MP: North America candidate Tashi Namgyal and Pema Chakdzoetsang

རྒྱ་གཞུང་གིས་བོད་ཀྱི་གཞི་རིམ་མི་དམངས་ཁྲོད་གསང་སྟབས་ཀྱིས་ལྟ་སྲུང་བྱེད་བཞིན་པར་སྐྱོན་བརྗོད།

ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་བོད་ཀྱི་གཞི་རིམ་མི་དམངས་མི་ཁྲོད་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་བཏང་བཞིན་པ་གསལ་བཏོན་གནང་འདུག     དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ World Report 2016 ཞེས་པའི་སྙན་ཐོའི་ནང་བོད་དོན་དང་འབྲེལ་བའི་ཚན་པར། སྤྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བོད་ནང་གཞི་རིམ་མི་དམངས་ཀྱི་ས་ཁུལ་ཁག་ཏུ་གསང་བའི་ལྟ་སྲུང་གི་ལས་གཞི་གཞི་རྒྱ་ཆེ་རུ་བཏང་ཡོད་པར་འགྲེལ་བརྗོད་བྱས་པ་དང་སྦྲགས། ལས་གཞི་འདིའི་རྐྱེན་པས་ས་གནས་བོད་རིག་འགོ་ཁྲིད་དང་ལས་བྱེད། དེ་བཞིན་ལས་འགུལ་བ་རྣམས་ཀྱི་ལས་དོན་གནང་ཕྱོགས་ཐད་ལ་ཚད་འཛིན་དང་མི་དམངས་ཀྱི་འཚོ་བའི་གནས་སྟངས་ལ་དོ་ཕོག་ཤུགས་ཆེ་བཏང་བཞིན་ཡོད་པ་གསལ་གཏོན་གྱིས་སྐྱོན་བརྗོད་བྱེད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ལོ་འཁོར་སྙན་ཐོ་འདིའི་ནང་སྔ་ལོ་རྒྱ་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྐབས། རྒྱ་གཞུང་ནས་བོད་ཀྱི་ས་ཁུལ་ཁག་ཏུ་མི་དམངས་ཀྱི་བདེ་འཇགས་སྤྱི་ཚིགས་སྲ་བརྟན་ཡོངས་ཐབས་བྱེད་རྒྱུར་ནན་བརྗོད་བྱས་ཀྱང། བོད་ཀྱི་ས་ཁུལ་ཁག་གི་ནང་ལ་ཆོས་དད་རང་དབང་གཙོས་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་རང་དབང་། དེ་བཞིན་མི་རིགས་དབྱེ་འབྱེད་སོགས་ཀྱི་དཀའ་ཚེགས་སེལ་ཐུབ་མེད་པར་སྐྱོན་བརྗོད་བྱས་འདུག        གཞི་རྩའི་ད་ལན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ནི་ཐེངས་ ༢༥ དེ་ཆགས་ཡོད་པ་དང། དེའི་ནང་རྒྱ་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་རྡོག་རོལ་བཏང་བཞིན་པའི་གནས་སྟངས་ཁག་གསལ་བཏོན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག  

རེས་གཟའ་པ་སངས། ༢༠༡༦།༠༡།༢༩

ཉན་པ།: Listen ཕབ་ལེན། Download ཨུ་རུ་སུའི་མང་ཚོགས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུས་པ། བོད་ཀྱི་གཞི་རིམ་མི་དམངས་ཁྲོད་གསང་བའི་ལྟ་སྲུང་རྒྱ་བསྐྱེད་བཏང་འདུག ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། ས་སྐྱའི་འོས་མི་དགེ་བཤེས་ག་ཟི་ཚེ་རིང་པོ་དང་། མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས། Friday 29/01/2016 Blue book solidarity drive underway in Russia China expanded surveillance mechanisms in Tibet: HRW MY MP: Sakya Candidate Geshe Gatsi Tseringpo and Khenpo Kadrak Ngodup Sonam

མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས།

མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས། ཕབ་ལེན།

Latest news