Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2015

༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་ལེགས་གྲུབ་མཛད་པ།

དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༢༠ ནས་དབུ་འཛུགས་ཀྱིས་ཆོས་སྡེ་བཀྲིས་ལྷུན་པོར་རྩོལ་བཞིན་པའི་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་ཡོངས་སུ་ལེགས་གྲུབ་དང་བསྟུན། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཆོས་ཞུ་བ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་འཇོག་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་ནས་ཐེངས་འདིའི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་དེ་གནང་དགོས་དོན་ནི་ཕྱོགས་གཅིག་ནས་རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་ནས་ལོ་ངོ་ ༦༠༠ འཁོར་བའི་སྲུང་བརྩི་དང་ཕྱོགས་གཞན་ནས་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་སོགས་ནས་གསོལ་འདེབས་ཞུས་པ་ལྟར། ཕྱི་ལོ་ ༢༠༡༢ ལོ་ནས་བཟུངལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་དབུ་འཛུགས་ཀྱིས་ལོ་ངོ་བཞིའི་རིང་འཆད་ཉན་གྱིས་ཐོག་མཐའ་བར་གསུམ་དུ་དགེ་བ་ཡོད་ཚུལ་བཅས་བཀའ་བསྩལ་མཛད་ཡོད་པ་རེད། དེ་རྗེས་༸གོང་ས་མཆོག་ནས་ཐེངས་འདིར་བཀྲིས་ལྷུན་དགོན་དང་བཅས་པའི་གྲ་སྒྲིག་གནང་མི་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཀྱི་བསྔགས་བརྗོད་དང་ཆོས་ཞུ་བ་ཚོའི་ངོས་ནས་ཀྱང་ཐེངས་འདིར་དགེ་བ་གང་བསགས་པ་ཐམས་ཅད་བསྔོ་བ་སྨོན་ལམ་བྱེད་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་བསྩལ་གནང་འདུག  དེ་རིང་སྔ་དྲོ་༸གོང་ས་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྲི་གསུམ་ལྷག་ལ་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་སུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་དྲིན་གཏང་རག་མཎྜལ་འདེགས་འབུལ་གནང་བ་དང་སྨོན་ལམ་ཁག་གསུང་འདོན་དང་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་ཡོད་པ་རེད། གཞི་རྩའི་ཤེས་རྟོགས་བྱུང་བ་གཞིགས་ན། སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་ཕྱི་རྒྱལ་ཆོས་ཞུ་བ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ་དང་གནངས་ཉིན་ཚེས་ ༣༠་༣༡ བཅས་ཉིན་གཉིས་རིང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་གནང་རྒྱུ་མ་ཟད།  ༢༡༠༦ ཕྱི་ཟླ་ ༡ ཚེས་ ༡ ཉིན་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་སེར་སྐྱ་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་གནང་མཛད་རྒྱུ། ལྷག་དོན་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་མཆོག་ལ་སྐུ་ཚེ་མི་འཇིག་རྡོ་རྗེ་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

རེས་གཟའ་ཟླ་བ། ༢༠༡༥།༡༢།༢༨

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་ཆོས་འབྲེལ་ལེགས་གྲུབ་མཛད་པ། རྒྱ་གཞུང་ནས་འཇིགས་སྐུལ་རིང་ལུགས་པ་འགོག་རྒོལ་གྱི་ཁྲིམས་གཞི་གཏན་འབེབས། སྲིད་སྐྱོང་མཆོག་གིས་བོད་ཕྲུག་ཚོས་དུས་རབས་ཉེར་གཅིག་པའི་བོད་པ་ཞིག་བྱ་དགོས་པ་གསུངས་འདུག བོད་མི་ཆབ་སྲིད་བཙོན་ཟུར་རྗེས་དྲན་ཞུས་པ། བེུད་འགན་འཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་དྲུག་པ་མཇུག་སྒྲིལ། Monday 28/12/2015 Dalai Lama concludes Jangchup Lam Rim teaching China passes controversial counter-terrorism law Sikyong inaugurates leadership workshop for Tibetan students SFT honors Tibetan political prisoners released in 2015 TWA holds panel discussion on Beijing plus 20: Women’s leadership status in Asia

བཞུགས་སྒར་དུ་འདི་ལོར་བཙོན་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་རྣམས་ལ་རྗེས་དྲན་ཞུས་པ།

འདི་ལོར་རྒྱ་ནག་གཞུང་གི་བཙོན་འོག་ནས་བཙོན་གྲོལ་ཐོབ་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་།  རྒྱའི་བཙོན་འོག་ཏུ་མུ་མཐུད་བཞུགས་དགོས་པའི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་ཅེམས་མཉམ་བསྐྱེད་གནང་ཡོད་པ་རེད།  དེ་ཡང་ཁ་ཉིན་རེས་གཟའ་སྤེན་པའི་དགོང་མོ་ཚོུད་ ༤ ཐོག་བཞུགས་སྒར་ཡོངས་གླིང་སློབ་གྲྭར་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློ བ་ཕྲུག་ཚོགས་པས་གོ་སྒྲིག་འོག འདི་ལོར་རྒྱ་ནག་གཞུང་གི་བཙོན་འོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་སུམ་ཅུ་ཐམ་པ་བཙོན་གྲོལ་ཐོབ་པ་རྣམས་ཀྱི་སྐུ་པར་དང་བཙོན་འཇུག་བྱེད་པའི་རྒྱུ་མཚན་སོགས་འཁོད་པའི་ལོ་རྒྱུས་རྣམས་སྒྲིག་ཤོམ་ཞུས་ཏེ། ཁོང་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་གནང་པའི་མཛད་རྗེས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་རྗེས་དྲན་ཞུས་སོང་པ་མ་ཟད། ད་ལྟའང་མུ་མཐུད་ནས་རྒྱ་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།          ལས་འགུལ་དེའི་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། pen བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཤེས་རིག་འགན་འཛིན་བློ་གྲོས་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟེན་ལགས་དང་།  ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོའི་ནང་དངོས་སུ་ལྷན་ཞུགས་གནང་མྱོང་མཁན་ཆབ་སྲིད་བཙོན་ཟུར་དགོན་པོ་འཕྲིན་ལས་ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད། ཁོང་རྣམས་ནས་སྐབས་དེར་རྒྱལ་སྤྱིའི་ཆབ་སྲིད་དང་བོད་ཀྱི་འཐབ་རྩོད་གནས་བབས། ད་ལྟའི་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས། དེ་བཞིན་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བོད་དོན་འཐབ་རྩོད་ཀྱི་རྣམ་པ་སོགས་ཀྱི་ཐོག་ལ་གཏམ་བཤད་དང་གྲོས་བསྡུར་གནང་པ་མ་ཟད། ཚེ་རིང་མཚོ་མོ་ལགས་ཀྱིིས་འདི་ལོར་རྒྱ་ནག་གཞུང་གི་བཙོན་འོག་ནས་བཙོན་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་རྣམས་ཀྱིས་རང་ཉིད་ཀྱི་ཁྲིམས་ཆད་ཁག་ལེགས་གྲུབ་ཟིན་སྟབས། ཁོང་རྣམས་བཙོན་གྲོལ་ཐོབ་པ་ལས་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་བྱས་པ་ཞིག་མིན་པར་གསུངས་པ་མ་ཟད།  ཁོང་རྣམ་པ་ད་ལྟ་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་ཀྱང་རྒྱ་ནག་གཞུང་གིས་མུ་མཐུད་ཁོང་རྣམ་པའི་ཉིན་རེའི་ལས་དོན་ཐད་ལ་སྟངས་འཛིན་དང་དམ་དྲག་བྱེད་བཞིན་ཡོད་པ་ཡང་གསུངས་ཡོད་པ་རེད། གཞན་ཡང་བསྟན་འཛིན་བརྩུན་འགྲུས་ལགས་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དཔའ་འབྱོར་སོགས་ཀྱི་ཁེ་ཕན་ལ་དམིགས་ཏེ་བོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་ལྷན་དུ་དོན་སྙིང་ལྡན་པའི་གླེང་སློང་གནང་གི་མེད་སྐོར་གསུངས་པ་མ་ཟད། བོད་མི་ཚོས་ལོ་ངོ་སུམ་ཅུ་བཞི་བཅུའི་གོང་ལ་རྒྱལ་སྤྱིའི་ཚོགས་པ་ཁག་ནས་བོད་མི་རྣམས་ལ་སྦྱིན་བདག་སོགས་མཚོན་པའི་རྒྱབ་སྐྱོར་བྱས་པ་དེ་དག་ལ་མགོ་ཐོམ་ནས་མ་བཞུགས་པར་ང་ཚོས་ང་རང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་འདི་དངོས་ཡོད་ཀྱི་གནས་སྟངས་ཤིག་གི་ཐོག་ནས་ག་པར་སླེབས་ཡོད་མེད་བལྟ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་ཡོད་པ་རེད། སྨན་ཤེར་བློ་གྲོས་ལགས་ནས་ཀྱང་ཕྱི་ལོ་ ༢༠༠༨ ལོའི་རྗེས་སུ་བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་སྒྱུ་རྩལ་འདྲ་མིན་བརྒྱུད། བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་གསལ་བཏོན་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། སྒྱུ་རྩལ་ཐོག་ནས་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཁབ་ཀྱི་ཞེན་ཁོག་སྤེལ་བཞིན་པ་དེ་ནི་བོད་དོན་འཐབ་རྩོད་ཀྱི་རྣམ་པ་གསར་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ཡང་གསུངས་འདུག   དེ་དང་ཕྱོགས་མཚུངས་སུ་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་གཙོས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དང་བླངས་ལས་བྱེད་ཁག་ཅིག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་དང་བཀྲ་ཤིས་རབ་བརྟན་ལགས་གཉིས་ཀྱིས་ཕྱག་བྲིས་གནང་པའི་སྙན་རྩོམ་ཁག་ཅིག་བོད་སྐད་དང་དབྱིན་སྐད་གཉིས་ཐོག་སྙན་སྒྲོན་གནང་སྟེ།  རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་སྒྱུ་རྩལ་བ་རྣམས་ལ་ཆེ་བསྟོད་ཞུས་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགོན་པོ་འཕྲིན་ལས་ལགས་ནས་རང་ཉིད་རྒྱ་ནག་གི་བཙོན་ཁང་ནང་བསྡད་པའི་ལོ་རྒྱུས་ཁག་ཅིག་འགྲེལ་བརྗོད་དང་སྦྲགས། བོད་ནང་གི་བོད་མིི་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་འགུལ་འདྲ་མི་སྤེལ་བཞིན་པའི་ཁྲོད་དེར། ང་ཚོ་བཙན་བྱོལ་བ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་ཁོང་རྣམ་པའི་སྙིང་སྟོབ་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། བཙན་བྱོལ་ནང་གཞུང་འབྲེལ་ཡིན་མིན་ལ་མ་ལྟོས་པར་ཚོགས་པ་གང་ཞིག་གིས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་སྐབས་མང་ཚོགས་ནས་དང་བསླངས་ཀྱིས་མཉམ་ཞུགས་གང་མང་གནང་དགོས་པའི་སྐུལ་མ་ཡང་གནང་འདུག   བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟེན་ལགས་ནས།  ༢༠༡༥ ལོར་རྒྱ་གཞུང་གིས་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་སུམ་ཅུ་བཙོན་ གྲོལ་བཏང་ཡོད་ཀྱང་།  ཕྱོགས་གཞན་ཞིག་ནས་ལོ་འདིའི་ནང་བོད་མི་ཞི་རྒོལ་བ་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་མ་ཟད། བོད་ནང་སྤེལ་བཞིན་པའི་ཞི་བའི་ལས་འགུལ་དེ་དག་གིས་བོད་དོན་འཐབ་རྩོད་ཀྱི་རྣམ་་པ་གསར་པ་ཞིག་ཏུ་འགྱུར་བཞིན་པ་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཆེས་ཐོག་མའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་གཏན་འབེབས་བྱས་འདུག

རྒྱ་གཞུང་གིས་རྒྱ་ནག་རྒྱལ་རབས་ནང་བྱུང་མྱོང་མེད་པའི་ཆེས་ཐོག་མའི་འཇིིགས་སྐུལ་རིང་ལུགས་འགོག་རྒོལ་བྱེད་རྒྱུའི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་འདུག དེ་ཡང་ཁ་སང་ཚེས་ ༢༧ ཉིན་མཇུག་སྒྲིལ་ཟིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་བསྟུན། སྐབས་དེར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བདེ་འཇགས་སོགས་དང་འབྲེལ། ཆེས་ཐོག་མའི་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་བྱེད་རྒྱུའི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་པ་མ་ཟད། རྒྱ་ནག་སྤྱི་ཚོགས་བདེ་འཇགས་ཀྱི་ལས་བྱེད་An Weixing ཡིས་འཇིགས་སྐུལ་བའི་བྱ་སྤྱོད་འོག་ད་བར་རྒྱ་ནག་མི་དམངས་ཀྱི་ཚེ་སྲོག་གཙོས་པའི་དཔལ་འབྱོར་དང་འཛུགས་བསྐྲུན་གྱི་ལས་གཞི། དེ་བཞིན་མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་གྱོང་རྒུད་ཆེན་པོ་ཕོག་སྐོར་བརྗོད་འདུག ད་ལན་གཏན་འབེབས་ཟིན་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་དེས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཙམ་མིན་པར་རྒྱལ་སྤྱིའི་བདེ་ཐོག་འཇིགས་སྐུལ་རིང་ལུགས་འགོག་ཐབས་སུ་དགེ་མཚན་ཆེན་པོ་ཡོང་ངེས་རེད་ཅེས་བརྗོད་འདུག གཞི་རྩའི་ཁ་སང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་དེའི་ནང་། འཇིགས་སྐུལ་རིང་ལུགས་ཞེས་པ་དེ་ནི། ཆབ་སྲིད་དང་ལྟ་བ་སོགས་ཀྱི་དགོས་དམིགས་འོག་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་གཅིག་སྒྲིལ་ལ་དོ་ཕོིག དེ་བཞིན་གཞུང་ལ་ངོ་རྒོལ་བྱེད་པ་དང་མི་དམངས་དབར་འཁོན་འཛིན་བཟོ་གཞི་འགྱུར་བ་སོགས་ཀྱི་བྱ་སྤྱོད་གང་འདྲ་ཞིག་ཡིན་རུང་། འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་གསལ་འདུག་པ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ཁྲིམས་ལུགས་དེའི་ནང་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཐོག་ལ་འཛིན་བཞིན་པའི་སྲིད་བྱུས་ཁག་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་དང་མཐུན་པའི་ཚད་ལྡན་གྱི་ཁྲིམས་ལུགས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག Zhang Dejiang ནས་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ལས་དོན་ཐད་ལ་སྟངས་འཛིན་བྱེད་རྒྱུར་དགེ་མཚན་ཆེན་པོར་ཡོང་ངེས་ཡིན་པ་དང་། མ་འོངས་པར་འཇིགས་སྐུལ་བ་རྣམས་ལ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུ་དང་གནས་ཚུལ་མཁོ་བསྒྲུབ་བྱེད་རྒྱུ་སོགས་ལ་དགེ་མཚན་ཆེན་པོ་ཡོད་སྐོར་བརྗོད་པ་མ་ཟད། ཁྲིམས་ལུགས་དེའི་ནང་རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་ནས་སེམས་འཚབ་བྱེད་བཞིན་ཡོད་པ་དྲ་རྒྱའི་གནད་དོན་དང་གསང་བའི་སྙན་ཐོ་རྐུ་འཁྱེར་བྱེད་རྒྱུ་སོགས་ཀྱི་ཐོག་ལའང་དམ་དྲག་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག རྩ་བའི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོག་གི་ཁྲིམས་གཞི་དེ་གཏན་འབེབས་མ་ཟིན་པའོ་གོང་ལ།  ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་ཅིག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། ཁྲིམས་ལུགས་དེས་འཇིགས་སྐུལ་བ་ལ་འགོག་རྒོལ་བྱ་རྒྱུ་ལས་ལྡོག་ཏེ། རྒྱ་ནག་མི་དམངས་གཙོས་པའི་ བོད་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་སྨྲ་བརྗོད་ཀྱི་རང་དབང་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་དམ་དྲག་ཤུགས་ཆེར་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་སྐོར་གསུངས་པ་མ་ཟད། ཁྲིམས་གཞི་དེས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཨ་རིའི་བཟོ་གྲྭ་ཁག་གཙོས་པའི་རྒྱལ་སྤྱིའི་དངུལ་ཁང་དང་བཟོ་ལས་ཁང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱི་ལས་དོན་ཐད་ལ་སྟངས་འཛིན་དང་ཐེས་བྱུས་རིགས་བྱ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྐོར་ཡང་གསུངས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༥།༡༢།༢༧

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བེུད་ཅེས་པའི་ལེ་ཚན། Sunday 27/12/2015 Women of Tibet series: TWA president Dolma Yangchen

རེས་གཟའ་སྤེན་པ། ༢༠༡༥།༡༢།༢༦

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དང་བོད་པའི་འགོ་ཁྲིད་ཞེས་པའི་དམིགས་བསལ་གྱི་གླེང་མོལ། Saturday 26/12/2015 China’s policy on Tibet and Tibetan leaders: Special Program

རེས་གཟའ་པ་སངས། ༢༠༡༥།༡༢།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་མྱུར་འབྱོན་ཐུགས་སྨོན་བསྩལ་བ། བོད་མིའི་སྒྲིགས་འཛུགས་ཀྱིས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ། བཞུགས་སྒར་དུ་རིན་མེད་ཀྱི་མིག་བཤག་བཅོས་ལས་རིམ་འགོ་བཙུགས། ལྡི་ལིར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་བེུད་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༦ འཚོགས་བཞིན་པ། བོད་ཀྱི་ཟློས་གར་ཚོགས་པས་ལྷོ་ཀོ་རི་ཡའི་ནང་རིག་གཞུང་འཁྲབ་སྟོན་ཆེས་ཐོག་མ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་དམིགས་བསལ་ལས་རིམ། Friday 25/12/2015 Dalai Lama mourns the demise of Kyabje Taklung Tsetrul Rinpoche CTA holds prayer service for Kyabje Taklung Tsetrul Rinpoche Free Eye Check-up Camp for Local Indians and Tibetans at Delek Hospital TWA 6th advanced leadership training underway in Delhi TIPA Artistes on first cultural tour of South Korea DIASPORA FEATURE: Tibetan bread seller Aten Gyal.

Latest news