Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2015

༢༠༢༢ ལོའི་དགུན་ཁའི་ཨོ་ལོམ་པིཀ་ཚོགས་ཡུལ་གྱི་མགྲོན་བདག་རྒྱ་ནག་ལ་གནང་འདུག

International Olympic Committee འམ་རྒྱལ་སྤྱིའི་ཨོ་ལོམ་པིཀ་རྩེད་འགྲན་ཚོགས་ཆུང་ནས་ཕྱི་ལོ་༢༠༢༢ ལོའི་དགུན་ཁའི་ཨ་ལོམ་པིཀ་རྩེད་འགྲན་ཚོགས་ཡུལ་གྱི་མགྲོན་བདག་དེ་བཞིན་རྒྱ་ནག་ལ་གནང་འདུག རྩ་བའི་མགྲོན་བདག་རྒྱལ་ཁབ་ཀྱི་འགྲན་བསྡུར་ནང་ཞུགས་མཁན་ཁོངས་སུ་ Kazakhistan གྱི་རྒྱལ་ས་Almaty དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཉིས་ཡོད་པ་ལྟར། དེ་རིང་ཚེས་༣༡ ཉིན་ Malaysia འི་རྒྱལ་ས་ Kuala Lumpur ནང་རྒྱལ་སྤྱིའི་ཨོ་ལོམ་པིཀ་རྩེད་འགྲན་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་དབུ་འཛུགས་དང་བསྟུན། ཚོགས་འདུ་དེའི་ཐོག་ནས་ཚོགས་མི་༨༥ཡོད་པ་ནས་མགྲོན་བདག་རྒྱལ་ཁབ་སུ་གནང་མིན་ཐད་གསང་བའི་ཤོག་འཕེན་ནས་མཐའ་རྒྱ་ནག་ལ་འོས་གྲངས་༤༤དང་ Kazakhistan ལ་འོས་གྲངས་༤༠བཅས་ཐོབ་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་༡༨༠མན་ཙམ་ཡོད་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་ནས་དེ་རིང་རྒྱལ་སྤྱིའི་ཨོ་ལོམ་པིཀ་རྩེད་འགྲན་ཚོགས་ཆུང་ཐོག་གཅོད་ལ་བློ་ཕམ་དང་བཅས། ཐག་གཅོད་དེས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྒྱུར་གདེང་ཚོད་ཆེ་རུ་འགྲོ་རྒྱུ་ཡིན་པ་གསུངས་ཀྱི་འདུག དེ་རིང་རྒྱལ་སྤྱིའི་ཨོ་ལོམ་པིཀ་རྩེད་འགྲན་ཚོགས་ཆུང་ནས་མགྲོན་བདག་རྒྱ་ནག་ལ་སྤྲོད་རྒྱུའི་ཐག་གཅོད་གནང་མ་ཐགSwitzerland གི་གྲོང་ཁྱེར་Lausanne ནང་དུ་རྟེན་གཞི་བྱས་པའི་ཨོ་ལོམ་པིཀ་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་ཨ་མའི་མདུན་དུ་ཡོ་རོབ་བོད་རིགས་གཞོན་ནུའི་ལྷན་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་འདུག ཚོགས་པ་དེ་གའི་ཚོགས་གཙོ་བསྟན་འཛིན་བདེ་ཆེན་ལགས་ཀྱིས་ཐག་གཅོད་འདིའི་ཐད་བློ་ཕམ་ཆེན་པོ་དང་བཅས། རྒྱ་གཞུང་གིས་དེ་སྔ་༢༠༠༨ཀྱི་ཨ་ལོམ་པིཀ་ལྟར། སླར་ཡང་༢༠༢༢སྐབས་སུའང་མི་གསོད་ཁྲག་སྦྱོར་དང་འཛིན་བཟུང་བཙོན་འཇུག་བྱེད་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ངེས་ཡིན་པ་གསུངས་ཡོད།

རེས་གཟའ་པ་སངས། ༢༠༡༥།༠༧།༣༡

ཉན་པ།: Listen ཕབ་ལེན། Download རུང་རྒྱས་ཨ་གྲགས་ལགས་གློད་བཀྲོལ་ཐོབ་འདུག རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་ཆེན་ཐོག་བོད་ཀྱི་ལས་དོན་སྐོར་གླེང་པ། ༸གོང་ས་མཆོག་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་འཆར་ལ་རྒྱབ་སྐྱོར་གནང་པ། ༢༠༢༢ལོའི་དགུན་ཁའི་ཨོ་ལོམ་པིཀ་རྩེད་འགྲན་གྱི་འགྲོན་བདག་རྒྱ་ནག་ལ་ཐོབ་པ། བོད་ཀྱི་བྱིས་པའི་སྟབས་བདེའི་མཉེན་ཆས་གསར་སྐྲུན་གནང་འདུག Friday 31/07/2015 Rungye Adak released after 8 years in prison Xi Jinping discusses Tibet with Chinese leaders Dalai Lama concludes Ladakh trip, arrives at Delhi China awarded 2022 Winter Olympics Tibetan Kid: Team of Tibetans develop new apps to empower Tibetan language US Senate Foreign Relations Committee approves Global Magnitsky Act

༸གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་པ་དང། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག དེ་རིང་ཟླ ༧ ཚེས་ ༣༡ སྔ་དྲོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་གིས་དབུས་པའི་ས་གནས་གཞུང་འབྲེལ་དཔོན་རིགས་ཁག་དང། མཛད་འཆར་གོ་སྒྲིག་བ་ལ་དྭགས་དགོན་ཚོགས་ཀྱི་སྐུ་ཚབ། དེ་བཞིན་ཕེབས་ལམ་ཐོག་སེར་སྐྱ་མང་ཚོགས་རྣམས་ནས་དད་གུས་ཀྱིས་སེར་བང་དང་བཅས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་དཔེ་ཐུབ་དར་རྒྱས་གླིང་དགོན་པ་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་སྦ་སྐུ་ལའི་གནམ་ཐང་དབར་ཕེབས་སྐྱེལ་གཟབ་རྒྱས་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ ༧ ཚེས་ ༢༧ ནས་ ༣༠ བཅས་ཉིན་བཞིའི་རིང་གི་མཛད་འཕྲིན་ཁག་བསྐྱང་པའི་ཁྲོད་དུ་མགོན་པོ་མཆོག་གིས་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་ཐོག་དགེ་འདུན་པ་ཚོར་བླང་དོར་གྱི་བཀའ་སློབ་ལམ་སྟོན་སྩལ་བ་དང། ལ་དྭགས་སླེ་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་གྱིས་བུ་མོའི་སྡོད་ཁང་གསར་པ་དབུ་འབྱེད་གནང་བ་མ་ཟད། མཐོ་རིམ་སློབ་མའི་གཞོན་སྐྱེས་ཚོར་ནང་པའི་ལྟ་གྲུབ་དང་ཚན་རིག་ཐོག་བཀའ་སློབ་བསྩལ་བ། དེ་བཞིན་ས་གནས་མང་ཚོགས་དད་ལྡན་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དགེ་བཤེས་གླང་རི་དམ་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིན་ཆེ་བ་བཅས་ཀྱི་མཛད་འཆར་མང་དག་བསྐྱངས་ཡོད་པ་རེད། ལྷག་དོན་དུ་ས་གནས་གཞུང་མང་གཉིས་ནས་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་བསྟུན། མགོན་པོ་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། མགོན་པོ་མཆོག་དེ་རིང་དང་སང་བཅས་ཉིན་གཉིས་རིང་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟགས་དཔྱད་མཛད་སླད་བཞུགས་བཞགས་གནང་རྒྱུ་དང། གནངས་ཟླ་ ༨ ཕྱི་ཚེས་ ༢ ཉིན་མགོན་པོ་མཆོག་བཞུགས་སྒར་དྷ་སར་ཞབས་སོར་འཁོད་གནང་མཛད་རྒྱུ་རེད་འདུག

རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་རྒྱའི་བཙོན་ནས་གློད་བཀྲོལ་ཐོབ་འདུག

ཁ་ནུབ་མཚན་དགོང་བོད་ནང་གི་ཚོུད། ༡།༠༠ ཐོག་ལ་རྒྱ་གཞུང་ཉེན་རྟོག་པས་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཁོང་གི་ནང་དུ་བསྐྱལ་འདུག རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་དེ་སྔ་ ༢༠༠༧ ལོའི་ཟླ་ ༨ ཚེས་ ༡ ཉིན་མདོ་ཁམས་ལི་ཐང་རྟ་རྒྱུགས་ཆེན་མོའི་སྐབས་ཁོང་གིས་༸གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་གློད་བཀྲོལ་བཏང་དགོས་པའི་ཐོག་གསུང་བཤད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་རྒྱལ་གཅེས་པ་ཁོང་འཛིན་བཟུང་གིས་ཉན་ཡང་བཙོན་ཁང་དུ་ལོ་བརྒྱད་ཀྱི་ཁྲིམས་ཆད་ཐོག་བཙོན་འཇུག་བྱས་ཡོད་པ་ཞིག་རེད། ཁོང་གི་ཚ་བོ་ཨ་འབྲུག་ཚེ་བརྟན་ལགས་ཀྱིས་གསུང་དོན་ལ་རྒྱ་ནག་གཞུང་གིས་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༣༡ བོད་ནང་གི་མཚན་དཀྱིལ་ཚོུད་དང་པོའི་ཐོག་ལ་ཁོང་ནང་དུ་ཕྱིར་བསྐྱལ་དོན་གཙོ་བོ་ནི། ད་ལན་ཟླ་ ༨ ཚེས་ ༡ ཉིན་ཁོང་ལོ་བརྒྱད་ཀྱི་ཁྲིམས་ཆད་ཀྱི་དུས་ཡུན་ཟིན་གྱི་ཡོད་པ་རེད་ཅེས་གསུངས་པ་དང། རྒྱ་གཞུང་གིས་དམ་དྲག་འོག་ད་ལྟའི་ཆར་ཁོང་གི་སྐུ་གཟགས་ཀྱི་གནས་བབ་དང་དེ་མིན་གྱི་གནས་ཚུལ་སོགས་ཀྱི་ཐད་ཤེས་རྟོགས་གང་ཡང་མི་འདུག་ཅེས་གསུངས་སོང།

ལ་དྭགས་མི་དམངས་ཡོངས་ཀྱིས་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་མི་དམས་ཡོངས་ཀྱིས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འདུག དེ་རིང་ཟླ་ ༧ ཚེས་ ༣༠ ཉིན་ལ་དྭགས་ཞི་བའི་འཚལ་ཕོ་བྲང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དབུས་པའི་ལ་དྭགས་ཡུལ་མི་དང་། ས་གནས་བོད་མི་བཅས་ཐུན་མོང་གིས་དགའ་གུས་དད་གསུམ་གྱི་ཐོག་ནས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ ༨༠ ཕེབས་པ་དང་བསྟུན།མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་ས་གནས་དགོན་ཁག་ ༡༦ གི་མཁན་བློ་སྤྲུལ་རྣམ་པ། ས་གནས་གཞུང་འབྲེལ་དཔོན་རིགས། བོད་མིའི་སྐུ་ཚབ་དང། དེ་བཞིན་སེར་སྐྱ་མང་ཚོགས་ ༥༠༠༠ ལྷག་འདུ་འཛོམས་ཐོག་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འདུགསྐབས་དེར་མགོན་པོ་མཆོག་གིས་སེམས་པ་བཟང་པོ་བྱ་གལ་ཆེ་བ་དང་བྱང་ཆུབ་སེམས་སྒོམ་ནས་སྟིང་ཉིད་རྟོགས་པའི་ལྟ་བས་རྩིས་ཟིན་པ་ཞིག་གནང་དགོས་གལ་ཆེ་བ་སོགས་ཀྱི་ཐད་ལ་བཀའ་བསྩལ་མཛད་འདུག རྩ་བའི་སྔ་དྲོ་༸གོང་ས་མཆོག་གིས་ལ་དྭགས་སླེ་ཞི་བའི་འཚལ་ཕོ་བྲང་དུ་ལ་དྭགས་མགོན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། དད་ལྡན་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དགེ་བཤེས་གླང་རི་དམ་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང། པཎ་གྲུབ་བཅུ་བདུན་གྱི་བཤད་ལུང། དེ་བཞིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིན་ཆེ་བ་བསྩལ་འདུག

རེས་གཟའ་ཕུར་བུ། ༢༠༡༥།༠༧།༣༠

ཉན་པ།: Listen ཕབ་ལེན། Download ལ་དྭགས་མི་དམངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག གཞོན་ནུ་ལྷན་ཚོགས་ནས་ས་གནས་ཁག་དགུ་དང་ནང་ཁུལ་སྒྲིག་ཐབས་གནང་རྒྱུའི་གྲོས་ཆོད་བཞག་འདུག སྲིད་སྐྱོང་མཆོག་ནས་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་འདུག སྤྲུལ་སྐུའི་གནད་དོན་ལ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ལས་འགུལ་སྤེལ་འདུག རྒྱ་གཞུང་གིས་བོད་མི་རྩེད་འགྲན་པ་བེད་སྤྱོད་བརྒྱུད་ཨོ་ལོམ་པིཀ་མགྲོན་བདག་ཐོབ་ཐབས་བྱེད་བཞིན་འདུག རྒྱ་གཞུང་ནས་ཕྱི་ཕྱོགས་ཀྱི་བོད་མི་རྣམས་འགུག་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་རེད་འདུག དམིགས་བསལ་ལེ་ཚན། བོད་སྨན་སྐོར་ངོ་སྤྲོད། Thursday 30/07/2015 Ladakhi people offer ‘Tenshug’ to Dalai Lama TYC to work towards reconciliation with estranged chapters Sikyong meets with Indian politicians in Delhi Tibetan NGOs call for justice for Tulku Tenzin Delek China uses Tibetan athletes to win 2022 Olympic bid China to implement policy to woo overseas Tibetans HEALTH FEATURE: Dr. Pema Dorjee on Tibetan Medicine

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་མཇུག་སྒྲིལ།

ཁ་སང་ཟླ་ ༧ ཕྱི་ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་མཇུག་སྒྲིལ་དང་བསྟུན། གཞོན་ནུ་ལྷན་ཚོགས་ཀྱི་དཀའ་ངལ་ཡོད་པའི་ས་གནས་ཁག་དགུ་དང་མཉམ་དུ་ནང་ཁུལ་འགྲིག་ཐབས་སོགས་ཀྱི་གྲོས་ཆོད་ཁག་ ༡༡ འཇོག་འདུག ཟླ་འདིའི་ཕྱི་ཚེས་ ༢༤ ནས། ༢༩ བཅས་ཉིན་གྲངས་དྲུག་གི་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་སྒྲིག་འོག་རྒྱ་གར་གི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་ཁང་དུ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་དེའི་ཐོག་ས་གནས་ཁག་ ༣༥ ནས་གཞོན་ནུའི་འཐུས་མི་ ༡༣༠ ལྷག་མཉམ་ཞུགས་གནང་འདུག ཚོགས་འདུའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་གལ་གནད་ཆེ་བ་ཁག་ལས་གཙོ་བོ་གཅིག་ནི། ཉེ་ལམ་ནས་གཞོན་ནུའི་སྒྲིག་འཛུགས་ཁོངས་གཏོགས་རྒྱ་གར་ལྷོ་ཕྱོགས་གཙོས་པའི་ས་གནས་བརྒྱད་དང། ཨ་རི་ནེའི་ཡོག ནེའུ་ཇར་སིའི་ས་གནས་ཡན་ལག་ཁག་དང་དབུས་གཞོན་ནུའི་དབར་འཕྲད་བཞིན་པའི་དཀའ་ངལ་དེ་སེལ་ཐབས་སུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གྲོས་གཞི་དོན་ཚན་ ༡༠ པའི་དགོངས་དོན་ལྟར་ས་གནས་དེ་དག་ཏུ་ངོ་བཅར་གྱིས་གཞོན་ནུའི་ཚོགས་མི་དང་ས་གནས་མི་མང་བཅས་པར་གནད་དོན་གསལ་བཤད་ཀྱི་ཐོག་ནས་ནང་འགྲིག་བྱ་རྒྱུའི་གྲོས་ཆོད་བཞག་འདུག དེ་བས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་འགན་འཁུར་ཞུ་ཕྱོགས་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ལ་༸སྐུ་ཕྱྭའི་ཐོག་འགན་འཁུར་ལྷོད་མེད་བཞེས་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། སླད་མར་དུས་དབང་སོགས་འདུ་མང་ཆེ་སར་༸རྒྱལ་བའི་༸སྐུ་ཕྱྭའི་ཐོག་དམིགས་བསལ་གྱི་འགན་འཁུར་ཆེ་བཞེས་གནང་གལ་ཆེ་བ་མ་ཟད། དོལ་རྒྱལ་ཚོགས་པའི་རྗེས་འབྲང་པ་ཉུང་ཤས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་གཞི་མེད་ཀྱིས་མཚན་སྨད་ཞུ་བར་གདོང་ལེན་སྔར་ལྷག་གནང་དགོས་པ་དང་། དེ་བཞིན་ཆབ་སྲིད་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་ཐད་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་ཡོད་གྲོས་ཆོད་ ༡༡ བཞག་འདུག

བོད་གཞུང་སྨན་རྩིས་ཁང་ནས་ལྡི་ལིར་འཇམ་དཔྱད་ཁང་གསར་རྒྱག་གྱི་དབུ་འབྱེད་གནང་བ།

ཁ་སང་ཟླ་ ༧ ཕྱི་ཚེས་ ༢༩ ཉིན་རྒྱ་གར་གི་རྒྱལ་ས་ལྡི་ལི་ Lajpat Nagar ཁང་ལས་ ༢༡ ནང་བོད་གཞུང་སྨན་རྩིས་ཁང་ནས་འཇམདཔྱད་ཁང་ཞིག་གསར་རྒྱག་ལེགས་གྲུབ་དང་དབུ་འབྱེད་ཀྱང་གནང་འདུག འཇམདཔྱད་ཁང་གསར་རྒྱག་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གཙོས་པའི་དོན་གཅོད་ཁང་གི་དྲུང་ཆེ་དང། ས་གནས་འགོ་འཛིན། སྨན་རྩིས་ཁང་གི་འགན་འཛིན་དང། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ་བཅས་མཛད་བཅར་ཞུས་འདུག སྐབས་དེར་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ཉེ་ལམ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་ཡོད་པའི་འཇམ་དཔྱད་ཀྱི་རྣམ་གཞག་ཡོད་པ་དེ་དག་དངོས་ཡོད་ཀྱི་ལག་བསྟར་ཐོག་བསྐྱར་གསོ་ཡོང་ཐབས་སུ་ཆེས་ཐོག་མར་བཞུགས་སྒར་དྷ་སར་འཇམ་དཔྱད་ཁང་གི་སྡེ་ཚན་ཞིག་གསར་རྒྱག་དང་། ཨཧྨ་དཱབཱད་ལ་འཇམ་དཔྱད་ཁང་གི་སྡེ་ཚན་གཉིས་པ་གསར་རྒྱག་དང། ད་ལན་ལྡི་ལིར་འཇམ་དཔྱད་ཁང་གི་སྡེ་ཚན་གསུམ་པ་ཞིག་གསར་རྒྱག་གནང་ཐུབ་ཡོད་པ་ཙམ་དུ་མ་ཟད། སྡེ་ཚན་དེའི་ཁོངས་སུ་འཇམ་དཔྱད་དང་འབྲེལ་བའི་ཐུགས་སྣང་ཡོད་རིགས་ཀྱིས་སྨན་པ་བསྟན་གཏུག་ཀྱང་ཞུ་ཆོག་པ་སོགས་ཀྱི་མཐུན་འགྱུར་ཡོད་པ་གསུངས་འདུགསྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དེའི་ཐོག་ལ་ད་ལན་བོད་གཞུང་སྨན་རྩིས་ཁང་གི་ངོས་ནས་ བོད་ཀྱི་གསོ་རིག་གཞུང་ལུགས་ཁོངས་གཏོགས་དེང་དུས་དང་མཐུན་པའི་སྡེ་ཚན་གསར་པ་ཞིག་དབུ་འབྱེད་གནང་རྒྱུ་བྱུང་བར་ཡི་རངས་བསྔགས་བརྗོད་དང་སྦྲགས། བོད་ཀྱི་གསོ་རིག་ནང་སྨན་བཅོས་ཀྱི་ཕྱག་ལེན་གནང་ཕྱོགས་ཚད་ལྡན་ཡོད་པ་དེ་དག་དངོས་སུ་ལག་བསྟར་གནང་མཁན་གྱི་འབྲེལ་ཡོད་ལས་བྱེད་ཚོས་ཐུགས་སྣང་གནང་གལ་ཆེ་བ་གསུངས་འདུག

རེས་གཟའ་ལྷག་པ། ༢༠༡༥།༠༧།༢༩

ཉན་པ།: Listen ཕབ་ལེན། Download ལ་དྭགས་མི་དམངས་ཡོངས་ནས་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་འདུག Colorado ནང་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་ཕྱག་འཁྱེར་འཚོང་འགྲེམས་ཞུ་འགོ་ཚུགས་པ། Scotland གཞུང་ལ་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་གནང་རྒྱུ་མེད་པའི་ཞུ་འབོད། འཕྲོད་བསྟེན་ལས་བྱེད་པ་ཁག་ཅིག་ལ་སེམས་ཁམས་འཕྲོད་བསྟེན་སྐོར་ཟབ་སྦྱོང། ལྡི་ལིར་སྨན་རྩིས་ཁང་གི་འཇམ་དཔྱད་སྡེ་ཚན་གསར་པ་ཞིག་དབུ་འབྱེད། དམིགས་བསལ་ལེ་ཚན། བོད་ནས་གསར་དུ་ཕེབས་མཁན་ཚོར་བསྩལ་བའི་བཀའ་སློབ། (༢༠༠༦) Wednesday 29/07/2015 Ladakhi people celebrates Dalai Lama’s 80 birthday Dalai Lama to visit Colorado in October, tickets out for sale Free Tibet warns Scottish government of the strings attached with Confucius CTA Health department holds workshop on Mental Health Men-Tsee- Khang opens new wellness center in Delhi FEATURE: Dalai Lama’s speech to Tibetan newcomers in 2006

Latest news