Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2015

རེས་གཟའ་ཟླ་བ། ༢༠༡༥།༠༣།༢༣

༧གོང་ས་མཆོག་ནས་George Fernandez ནི་བློ་གཏད་ཅན་གྱི་མཛའ་གྲོགས་ཞིག་ཡིན་པའི་ཆེ་བསྟོད་གནང་འདུག ཕྱི་རྒྱལ་བོད་མི་ཚོའི་དཔྱ་དངུལ་འབུལ་ཆད་ཡོད་རིགས་ལ་ཆག་ཡང་གོ་སྐབས་གནང་རྒྱུའི་གཞུང་འབྲེལ་གྲོས་འཆར་བཏོན་འདུག ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་མཉམ་རུབ་ཐོག་བོད་ཀྱི་གཙང་ཆུ་སྲུང་སྐྱོབས་དགོས་པའི་ཞུ་འབོད་གནང་འདུག མཎ་ཊི་རྫོང་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་ཕེབས་འདུག བོད་ནག་ཆུ་ཁུལ་གྱི་དགེ་འདུན་པ་གཅིག་རྒྱ་གཞུང་གིས་གསང་བའི་བཙན་འཁྲིད་བྱས་འདུག སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་༥༤འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་པ། Monday 23/03/2015 Dalai Lama honors legacy of George Fernandes at Democracy in Asia conference 15th TPiE, 9th Session, day 7: Discussion on chatrel concession for overseas Tibetans Exile Tibetans call on Asian leaders to protect Tibet’s water on World Water Day Delegation of Mandi and Riwalsar Indian Tibet supporters visit Dharamsala Nagchu monk secretly detained by Chinese police TMAI celebrates 54th Founding Anniversary ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཉི་མ། ༢༠༡༥།༠༣།༢༢

འདས་པའི་བདུན་ཕྲག་དེའི་ནང་གི་སྔོན་རྩིས་གྲོས་ཚོགས་སྐོར་གནས་ཚུལ་ཕྱོགས་སྒྲིག་ཞུས་པ། Sunday 22/03/2015 TPiE in session: Highlights from this week ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པ། ༢༠༡༥།༠༣།༢༡

སྲིད་སྐྱོང་མཆོག་གིས་འབྲེལ་མོལ་གྱི་བརྒྱུད་ལམ་ཐད་རྒྱལ་སྤྱིའི་འགྲོ་ལུགས་ལྟར་གནང་ཐབས་བྱེད་ཀྱི་ཡོད་པ་གསུངས་འདུག རྒྱ་ནག་གིས་བོད་ལ་བདག་དབང་སྲ་བརྟན་ཐུབ་ཐབས་གཙོ་བོ་༸གོང་ས་མཆོག་ལ་ཐུགས་ཡོད་པ་རྒྱ་ནག་ནས་ཀྱང་ཁས་ལེན་པ། གྲྭ་ངག་དབང་འགྱུར་མེད་ལགས་ལོ་༡༥རྗེས་བཙོན་བཀྲོལ་བཏང་འདུག དཀར་མཛེས་རྫོང་དུ་ཞི་རྒོལ་གནང་མཁན་ནོར་བུ་ཚེ་རིང་ལགས་ལོ་༧རྗེས་བཙོན་བཀྲོལ་བཏང་འདུག ཀརྨ་པ་རིན་པོ་ཆེ་མཆོག་གིས་ ཁེལི་ཕོར་ནི་ཡར་ཆིབས་སྒྱུར་གནང་འདུག སུཝི་ཌན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འདུག ཤིརི་ལངྒའི་ཕྱི་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་གཅིག་གིས་༸གོང་ས་མཆོག་ཁུལ་དེར་མགྲོན་འབོད་ཐད་སྐྱོན་བརྗོད་ཞུས་འདུག ༸གོང་ས་མཆོག་གི་གསུང་ཆོས་ཀྱི་ལེ་ཚན་ནང། མགོན་པོ་མཆོག་གིས་དེ་སྔ་ཉི་ཧོང་ནང་གསང་སྔགས་སྐོར་ང་སྤྲོད་གནང་པ་སྔ་མའི་འཕྲོ། Saturday 21/03/2015 Tibetan parliamentarians question Sikyong on Sino-Tibet talks 2 Tibetan political prisoners released Karmapa visits Gyutoe Vajrayana Center in California Members of Swedish Tibet Group visit Dharamsala Even the Chinese accept that only Dalai Lama can legitimize its rule in Tibet: Economist Sri Lankan official slam Bid to Invite Dalai Lama Feature: Dalai Lama’s teaching on Tantra ཉན་པ།: Listen ཕབ་ལེན། Download

རེས་གཟའ་པ་སངས། ༢༠༡༥།༠༣།༢༠

གྲོས་ཚོགས་ནང་གནས་ཚུལ་ལྷག་པ་དེ་ཞི་འཇམ་ཐོག་དེ་རིང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་བཞུགས་ལས་རིམ་མུ་མཐུད་གནང་འདུག ༧གོང་ས་མཆོག་གིས་ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་གལ་གནད་སྐོར་བཀའ་སློབ་བསྩལ་བ། བླ་བྲང་བཀྲིས་འཁྱིལ་གྱི་དགེ་འདུན་པ་ཞིག་རྒྱ་གཞུང་གིས་བཙན་འཁྲིད་བྱས་འདུག རྒྱལ་སྤྱིའི་Olympic རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་སྣང་དགོས་པའི་འབོད་སྐུལ་ཞུས་འདུག རྒྱ་གཞུང་ནས་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་རང་སྲེག་གནང་མཁན་ཚོའི་གནས་སྟངས་གསལ་བཤད་དགོས་པའི་རེ་སྐུལ་ཞུས་འདུག དམིགས་བསལ་ལེ་ཚན་ནང་། གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་ཟླ་བ་རིན་ཆེན་ལགས་ཀྱིས་འདོན་སྤེལ་གནང་བའི་ཕྱག་དེབ་གསར་པའི་སྐོར་བཅར་འདྲི། Friday 20/03/2015 TPiE Speaker withdraws resignation, session continues peacefully Dalai Lama interacts with Indian students in Delhi Labrang Tashi Kyil monk arrested Tibet campaigners warn IOC not to make same mistake twice ICT calls for immediate disclosure of the whereabouts of surviving self immolators DIASPORA FEATURE: Interview on new book by Dawa Rinchen, owner of TTT ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཕུར་བུ། ༢༠༡༥།༠༣།༡༩

༸གོང་ས་མཆོག་ཤཱིརི་ལངྒར་ཆིབས་སྒྱུར་གསོལ་འདེབས་ཞུས་འདུག སྤྱི་འཐུས་ཚོགས་གཙོ་མཆོག་ལས་གནས་ནས་དགོངས་ཞུ་གནང་སྟེ་ལས་རིམ་ནས་ཕྱིར་ཐོན་གནང་འདུག ཨ་རིའི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་ཀརྨ་པ་རིན་པོ་མཆོག་ལ་ཆེ་བསྟོད་ཕྱག་ཁྱེར་འབུལ་ལམ་ཞུས་པ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་རི་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་སྣེ་ལེན་གྱི་འདུ་འཛོམས་ཞིག་གོ་སྒྲིག་གནང་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཅེས་པའི་ལེ་ཚན་ནང་། བོད་ལུགས་དཔྱད་བཅོས་སྐོར་སྔ་མའི་འཕྲོ་ནས། Thursday 19/03/2015 Sri Lankan Buddhist leaders invite Dalai Lama to visit their country TPiE Speaker stages walks out from Parliament US universities to honor Karmapa Rinpoche with degree and fellowship US State Department felicitates former Special Envoy Lodi Gyari HEALTH FEATURE: Mild therapy procedures in Tibetan medicine ཉན་པ།: Listen ཕབ་ལེན། Download

རེས་གཟའ་ལྷག་པ། ༢༠༡༥།༠༣།༡༨

རྔ་པ་དང་སོག་ཙན་དན་དགོན་པ་ནས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་འདུག གྲོས་ཚོགས་ནས་ཚོར་ཤུགས་ཆེན་པོ་དང་བཅས་རྒྱལ་གཅེས་པ་ཡོངས་གི་ཆེད་དུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཏན་འབེབས་གནང་འདུག ༸གོང་ས་མཆོག་དེ་རིང་བཞུགས་སྒར་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་པ། རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་མདོ་སྨད་གཙང་དགོན་པའི་དགེ་འདུན་པར་གཉེན་འཕྲད་མི་ཆོག་པའི་དཀའ་ངལ་འཕྲད་བཞིན་པ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་རྟོགས་ཞིབ་དགོས་པའི་རེ་འབོད་ཞུས་འདུག དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག Wednesday 18/03/2015 TPiE pays homage to Tibetan martyrs, passes unanimous resolution One Kirti monk, seven Sog Tsenden monastery monks arrested Family of imprisoned Tibetan monk faces trouble meeting him Dalai Lama leaves for Delhi today UN urged to press China on Panchen Lama’s status and whereabouts Gyutoe Monastery offers ‘Tenshug’ to Samdong Rinpoche ཉན་པ།: Listen ཕབ་ལེན། Download

རེས་གཟའ་མིག་དམར། ༢༠༡༥།༠༣།༡༧

༸གོང་ས་མཆོག་གི་བཀྲིན་རྗེས་དྲན་སླད་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་བ། འདི་ལོའི་སྔོན་རྩིས་ཕྱོགས་བསྡོམས་དེ་སྔ་ལོ་ལས་སྒོར་ས་ཡ་ ༡༡༦གི་མང་བ་འདུག ཐེ་ཝན་སྐུ་ཚབ་ཚོགས་ཆུང་ཞིག་ནས་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་གསོལ་འདེབས་ཞུས་འདུག ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱལ་ཚོགས་ནང་སྲིད་དོན་བཙོན་པའི་མནར་གཅོད་སྐོར་གསུང་བཤད་གནང་འདུག བེུད་ཀྱི་ནུས་སྟོབས་གོང་འཕེལ་སླད་སྐྱེས་པ་ཚོས་ཀྱང་རྒྱབ་སྐྱོར་གནང་དགོལ་གལ་གསུངས་འདུག Tuesday 17/03/2015 TPiE passes unanimous resolution expressing gratitude to the Dalai Lama Finance Kalon presents budget 2015-16, about 116 million INR more than last fiscal year Group of Taiwanese delegation urges Dalai Lama to visit Taiwan Former political prisoner speaks on torture in Chinese jail in Geneva Men should also support Women’s empowerment program ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཟླ་བའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༡༦

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས། ཐེ་ལྦན་ནང་བོད་ཀྱི་དཔའ་བོའི་རྡོ་རིང་གསར་བཞེངས་བརྒྱུད། བོད་མི་རང་སྲེགས་པ་ཡོངས་ལ་རྗེས་དྲན་ཞུས་འདུག རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་ཞུ་འབོད་གནང་འདུག སི་པན་བོད་ཀྱི་ཁྲིམས་གཏུག་པ་རྣམས་ནས་། རྡ་སའི་མང་ཚོགས་ལ་གཏམ་བཤད། སེ་ར་ཐེག་ཆེན་གླིང་དུ། བོད་བསྟན་སྲིད་ཆཻད་ཞབས་རིམ་གསོག་འགྲུབ་གནང་བཞིན་པ། དམིགས་བསལ་ལེ་ཚན། བོད་དང་གོ་མིན་ཏང་གི་འབྲེལ་བའི་སྐོར། Monday 16/03/2015 TPiE begins budget session with an urgent call for Sino-Tibet dialogue Taiwan pays homage to Tibetan martyrs with a memoir Pillar Tibetan rights group lobbies for Tibet at ongoing UN session We hope to inspire others to file similar case: Leaders behind Spain lawsuit for Tibet Prayer service for Tibet at Sera, South India HISTORY FEATURE: Tibet and Kuomintang ཉན་པ།: Listen ཕབ་ལེན། Download

Latest news