Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2015

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༢

རྒྱ་གཞུང་གིས་ཤེས་ཡོན་ལམ་ལུགས་ལ་ཡར་རྒྱས་མ་བཏང་བར་དུ་བོད་ཀྱི་སྐད་ཡིག་དེ་མུ་མཐུད་ཉེན་ཁའི་རང་བཞིན་དུ་ལྷུང་རྒྱུ་ཡིན་པ་གསུངས་འདུག ཨ་རིའི་རྩོམ་པ་པོ་ཞིག་ནས་རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་གཅིག་ལ་ངོས་ལེན་རྩ་བ་ནས་མེད་སྐོར་གསུངས་འདུག ཡི་ཤུའི་བླ་ཆེན་པོབ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་སྲིད་སྐོར་བཀའ་གནང་བར་རྒྱ་གཞུང་གིས་ལན་འདེབས་བྱས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་སྐོར་བསྐྱོད་གནང་འདུག Oscar གློག་བརྙན་བྱ་དགའ་འབུལ་ཡུལ་གྱི་འོས་གཞི་ཁོངས་མཆོད་མེ་ཞེས་པའི་བོད་དོན་གློག་བརྙན་གཅིག་ཚུད་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཀྱི་དམིགས་བསལ་ལས་ཚན། སྨན་པ་བསྟན་འཛིན་མཐའ་ཡས་ལགས་ནས་རིམས་སྲུང་རིལ་བུའི་སྐོར་ལ་ངོ་སྤྲོད་གནང་པའི་ཚན་པ་མཐའ་མ། Thursday 22/01/2015 Tibetan language faces serious risk unless China introduces progressive policies: Tibet scholar New Yorker writer is surprised by byline in Chinese newspaper China sends message after Pope hints at Dalai Lama meeting TYC executives visit over 100 Tibetan winter business markets Butter Lamp: Tibetan short film in Oscar nomination HEALTH FEATURE: ‘Rimsung Rilbu’ ཉན་པ།: Listen ཕབ་ལེན། Download

རེས་གཟའ་ལྷག་པ་གྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༡

༧གོང་ས་མཆོག་གིས་སྨན་པ་དང་སྨན་ཞབས་པ་ཚོས་ནད་པར་འཕྲུལ་ཆས་ཀྱི་འདུ་ཤེས་བཞག་རྒྱུ་མེད་སྐོར་ལམ་སྟོན་བསྩལ་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་དང་མཇལ་འཕྲད་གནང་འདུག རྒྱ་གཞུང་གིས་འཇིགས་སྐུལ་བའི་དྲག་སྤྱོད་འགོག་ཐབས་ཀྱི་ཁྲིམས་ཡིག་རགས་ཟིན་དེས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ལག་ཆར་འགྱུར་ཉེན་ཡོད་སྐོར་གསུངས་འདུག བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་རི་དྭགས་ཀྱི་པགས་རིགས་གྱོན་པར་བོད་མིས་སྐྱོན་བརྗོད་གནང་འདུག ཀརྨ་པ་རིན་པོ་ཆེ་མཆོག་ནས་འབོ་དཀར་སྐུ་ཕྲེང་གཉིས་པའི་ཡང་སྲིད་ངོས་འཛིན་གནང་འདུག ༸གོང་ས་མཆོག་གི་བཀའ་སློབ་ཅེས་པའི་དམིགས་བསལ་ལེ་ཚན་ནང་། མགོན་པོ་༸གང་ཉིད་མཆོག་ནས་ལ་དྭགས་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ་སྔ་མའི་འཕྲོ། Wednesday 21/01/2015 You should have real concern and affection for patients, says Dalai Lama to RML medical staff Sarah Sewell visits Europe, meets with Dalai Lama’s Envoy China’s draft counter terrorism law, a recipe for abuses: HRW Karmapa introduces Kyabje Bokar Rinpoche’s reincarnation Prominent Buddhist scholar Dongthog Rinpoche’s cremation ceremony to be held today FEATURE: Dalai Lama’s speech at Ladakh Buddhist Dialectic School ཉན་པ།: Listen ཕབ་ལེན། Download

རེས་གཟའ་མིག་དམར་གྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༠

ཡི་ཤུའི་བླ་ཆེན་མཆོག་རྒྱ་གཞུང་ལ་ཞེད་ནས་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུས་པ་མིན་སྐོར་གསུངས་འདུག རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་པར་བརྟེན་བོད་པ་དང་ཡུ་གུར་བ་ཚོར་ལས་འཚོལ་ཐོབ་ཐང་མེད་སྐོར་གསུངས་འདུག པི་ཅིང་ནང་དགུན་ཁའི་ཨོ་ལོམ་པིཀ་རྩེད་མགྲན་གོ་སྒྲིག་ཞུ་འདོད་ན་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་གསུངས་འདུག རྒྱ་གར་གཞུང་ནས་བོད་མི་སོའི་སྨན་པར་དེབ་འགོད་ངོས་འཛིན་གནང་འདུག བོད་མི་སུད་ཚོང་བ་རྣམས་མ་རྩ་འཁོར་ཐུབ་ཙམ་ལས་ཁེ་བཟང་མེད་པ་གསུངས་འདུག དམིགས་བསལ་གླུ་གཞས་ཀྱི་ལེ་ཚན། རྟ་མགྲིན་ལགས་ཀྱི་བླངས་པའི་ང་ཡི་རྩ་བའི་བླ་མ། Tuesday 20/01/2015 Pope Francis negates China fear as reason for refusing to meet Dalai Lama, leaves door open for future meeting China’s ethnic discrimination making Uyghurs and Tibetans feel left out of economic boom China required stepping up of human rights to qualify as host of 2022 Winter Olympic Games Karnataka State Dental Council opens registration for Tibetan dentists A bad season for Tibetan sweater sellers this winter MUSIC FEATURE: ‘Ngayi Tsewai Lama’ by Tamdin ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཟླ་བའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༡༩

༸གོང་ས་མཆོག་གིས་ཞི་བདེ་དང་བྱམས་བརྩེའི་སྐོར་ལ་བཀའ་སློབ་བསྩལ་འདུག སྦི་རིསི་སྦེན་ བོད་ཀྱི་དུས་སྟོན་ཐེངས་བདུན་པ་དབུ་འཛུགས་གནང་འདུག བོད་དོན་གློག་བརྙན་གཅིག་ལ་རྒྱ་རིགས་མང་ཚོགས་ཀྱི་མངོན་གསལ་མེད་པའི་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག རྒྱ་གཞུང་གིས་དྲ་ཐོག་གནས་ཚུལ་ཐེར་འབུམ་གཅིག་ཕྱིར་བཏོན་བྱས་ཡོད་པ་དེ་ཁྲིམས་འགལ་ཡིན་པ་གསུངས་འདུག རྒྱ་རིགས་སློབ་མ་ཁག་ཅིག་ནས་ཐེ་ལྦན་ནང་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གོ་སྒྲིག་གནང་འདུག Monday 19/01/2015 Dalai Lama visits Baha'i Lotus Temple, calls on Lieutenant Governor of Delhi Brisbane Tibet Festival kicks off today Film on a Tibetan migrant finds unlikely success in China Chinese websites delete one billion posts in 2014 Taiwan Community University Course on Tibet concludes with an exhibition ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཉི་མ། ༢༠༡༥།༠༡།༡༨

འདས་པའི་བདུན་ཕྲག་གཅིག་ནང་གི་བོད་དོན་དང་འབྲེལ་བའི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 18/01/2015 Week Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༡༧

ཀླུ་ཆུ་རྫོང་སྲིད་གཞུང་ནས་མང་ཚོགས་ཀྱི་ཞུ་འབོད་ལས་འགུལ་མཚམས་འཇོག་བྱེད་བཅུག་འདུག ཞི་ཅིང་ཕིང་གི་འགོ་ཁྲིད་འོག་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྲིམས་རྩོད་པ་ལའང་སྔར་ལྷག་དམ་དྲག་བྱུང་ཡོད་སྐོར་གསུངས་འདུག རྒྱལ་ཁབ་འདྲ་མིན་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་བཞིན་པ། སྲིད་སྐྱོང་མཆོག་ནས་རྒྱ་གར་གྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་འདུག བོད་ཀྱི་ཆོས་བརྒྱུད་ཕན་ཚུན་དབར་དད་དམ་ཆིག་སྒྲིལ་གོང་འཕེལ་གཏོང་རྒྱུའི་ཚོགས་འདུ་འཚོགས་འཆར། བྱེས་ཀྱི་ཀིརྟི་དགེ་རྩ་ཚོགས་པས་རྒྱ་གར་དབུལ་ཕོངས་ཁག་ཅིག་ལ་ཉལ་ཆས་སྦྱིན་གཏོང་གནང་འདུག བོད་ནང་ནོར་གྱི་ལྕི་བ་འབུད་རྫས་བྱེད་བཞིན་པ་དེས་འཕྲོད་བསྟེན་ལ་གནོད་ངན་ཡོད་པ་གསུངས་འདུག བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་སྐོར་གླེང་འདུག དམིགས་བསལ་ལེ་ཚན། གོང་ས་མཆོག་གིས་སྨན་བླའི་རྗེས་གནང་སྐབས་བསྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མའི་འཕྲོ་ནས། Saturday 17/01/2015 Tibetans lament no action from authorities over Luchu exam scandal Crackdown on rights lawyer escalated since Xi Jinping came to power Shine a light on the Tibetan flag: Tibet Flag Challenge Sikyong meets Indian Minister of State for Tourism and Culture CTA to host Buddhist discussions to foster religious harmony Tibetan monastery distribute blankets to local slum dwellers: Dharamsala Yak dung fuel pollutes Tibetan households, study finds FEATURE: Introduction to Buddhism by His Holiness the Dalai Lama ཉན་པ།: Listen ཕབ་ལེན། Download

རེས་གཟའ་པ་སངས་ཀྱི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༡།༡༦

སྲིད་དོན་བཙོན་པ་གློད་བཀྲོལ་བཏང་ཡང་ཐག་རིང་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་འདུག བོད་མི་ཁྱིམ་ཚང་བཞི་ནས་རྒྱལ་ཚོགས་ལ་ཞུ་གཏུགས་གནང་བ། སྲིད་སྐྱོང་མཆོག་ནས་ལྡི་ལིར་ལག་ཤེས་འགྲེམས་སྟོན་ཞིག་ཏུ་གསུང་བཤད་གནང་འདུག ༸གོང་ས་མཆོག་ཨ་རི་དང་སུད་སི་སོགས་སུ་ཆིབས་སྒྱུར་བསྐྱང་འཆར་འདུག གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་ཟླ་བ་རིན་ཆེན་ལགས་ཀྱིས་འདོན་སྤེལ་གནང་བའི་ཕྱག་དེབ་གསར་པའི་སྐོར་བཅར་འདྲི། Friday 16/01/2015 Tibetan youth released but barred from traveling 4 Tibetan families submit petition to UN rights Chief, holds protest for Tibet Sikyong addresses Annual Craft Art Bazaar at Dilli Haat, Delhi Dalai Lama slated to visit US, Switzerland and Denmark next month DIASPORA FEATURE: Interview on new book by Dawa Rinchen, owner of TTT ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཕུར་བུ། ༢༠༡༥།༠༡།༡༥

རྒྱ་རིགས་མང་ཚོགས་ལ་དབུ་མའི་ལམ་སྐོར་ཤེས་རྟོགས་ཡོང་བ་བཟོ་རྒྱུ་ནི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་གསུངས་འདུག རྒྱ་རིགས་མཁས་པ་ཀྲུ་ཡུག་ཀུང་ནས་ཁོང་གི་སྐྱེས་སྐར་གྱི་རེ་འདོད་མང་གཙོ་ཡིན་གསུངས་འདུག རྒྱ་གར་རྐང་འཁོར་སྐོར་བསྐྱོད་པ་སན་རྡེ་ཤེ་ལགས་ཨ་མ་ར་ཝ་ཏིར་འབྱོར་བ། འོད་ཟེར་བཟའ་ཚང་གཉིས་ཀྱིས་བྲིས་པའི་དེབ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག། དབྱིན་ཡུལ་ནང་ལྷག་དཀར་དང་བསྟུན་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ། འཕྲོད་བསྟེན་དང་འབྲེལ་བའི་དམིགས་བསལ་ལེ་ཚན་ནང་རིམས་སྲུང་རིལ་བུ་ངོ་སྤྲོད། Thursday 15/01/2015 Educating Chinese people on Middle Way approach very important: DIIR Secretary Prominent Chinese scholar says his dream is to see a Democratic China Lone Indian cyclist for Tibet reaches Amravati, headed towards Hyderabad Voices from Tibet: authors speak for many voiceless Tibetans 2 Tibet activists hold Lhakar Protest in London HEALTH FEATURE: ‘Rimsung Rilbu’ ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་ལྷག་པ། ༢༠༡༥།༠༡།༡༤

༸གོང་ས་མཆོག་གིས་ཤེས་ཡོན་སྦྱོང་སྐབས་བློ་ཕྱོགས་ལྷུང་མེད་པ་དགོས་སྐོར་བཀའ་སློབ་བསྩལ་འདུག བདེ་སྲུང་ལས་ཁུངས་ནས་དོགས་གཞི་ཅན་གྱི་ཅ་དངོས་དེ་འབར་རྫས་མིན་པ་གསུངས་འདུག ཞི་ཅིང་ཕིང་སྲིད་འཛིན་ཆགས་རྗེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་སོང་ཡོད་པ་བརྗོད་འདུག དབུ་མའི་ལམ་ངོ་སྤྲོད་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ། བོད་མི་ཚོས་ས་གནས་ཡུལ་མི་ལྷན་མ་ཀར་སན་ཀརན་ཏིའི་དུས་ཆེན་སྲུང་བརྩི་ཞུས་འདུག ༸གོང་ས་མཆོག་གི་བཀའ་སློབ་ཅེས་པའི་དམིགས་བསལ་ལེ་ཚན་ནང་། མགོན་པོ་༸གང་ཉིད་མཆོག་ནས་ལ་དྭགས་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ་སྔ་མའི་འཕྲོ། ྭྭWednesday 14/01/2015 Dalai Lama speaks on the meaning and purpose of education Security Department calls for calm, says suspicious object found not a Bomb Human rights in China worse since Xi came to power: Freedom House report CTA holds community trainers workshop on ‘Umaylam’ Tibetans celebrate ‘Makar Sankranti' with Indian locals FEATURE: Dalai Lama’s speech at Ladakh Buddhist Dialectic School ཉན་པ།:  Listen ཕབ་ལེན།  Download

Latest news