Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2014

རེས་གཟའ་ཕུར་བུ། ༢༠༡༤།༠༩།༢༥

ཕྱི་ལོ་༢༠༡༦ལོར་༸གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་དབང་སོ་བཞི་པ་སྩལ་གཏན་འཁེལ་བའི་གསལ་བསྒྲགས། ལྷ་མོ་བཀྲ་ཤིས་ལགས་ལ་གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ། བཞུགས་སྒར་དུ་གསུང་ཆོས་དང་བསྟུན་རིན་མེད་སྨན་བཅོས་གནང་བཞིན་པ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན་བོད་ཐོག་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་སྐོར་ཟིན་ཐོ་འགོད་འབུལ། འཚོགས་ལ་ཉེ་བའི་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་ཡུལ་ལ་འགྱུར་བ་དགོས་པའི་དགོས་འདུན་བཏོན་འདུག ཚང་རག་གིས་བཟི་པའི་རྒྱ་གཞུང་གི་ཉེན་རྟོག་མི་སྣས་བོད་མིར་གཅར་བརྡུར། ཧོང་ཀོང་ནང་སློབ་ཕྲུག་ཆིག་ཁྲི་བརྒལ་བས་སློབ་མཚམས་བཞག་ནས་མང་གཙོའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ། རྒྱ་གར་ལྷོ་ཕྱོགས་ལུགས་ཟུང་བསམ་གྲུབ་གླིང་གི་མཉམ་འབྲེལ་ཚོགས་ཆེན། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཀྱི་ལེ་ཚན་ནང། དབུས་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་གྱི་སྨན་པ་བསྟན་འཛིན་མཐའ་ཡས་ལགས་ནས་བོད་ཀྱི་གསོ་བ་རིག་པའི་གསེར་ཁབ་སྐོར་ངོ་སྤྲོད་གནང་པ་འཕྲོ། Thursday 25/09/2014 CTA holds prayer service for latest Tibet immolator Dalai Lama to give Kalachakra initiation in Bodh Gaya Singapore Tibet Buddhist Center holds free medical camp in Dharamsala Tibet activists launch human rights action plan for Tibet at UN Nobel laureates urged to relocate Peace Summit Hong Kong students continue to boycott class over free democratic elections Tibetans brutally beaten by drunk police in Yushul Lugsam Cooperative Society holds annual general meeting HEALTH FEATURE: Golden Needle Therapy in Tibetan Medicine ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ལྷག་པ། ༢༠༡༤།༠༩།༢༤

༸གོང་ས་མཆོག་གིས་སྤྱོད་འཇུག་གི་བཀའ་ཆོས་དབུ་འཛུགས། སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྒྲིལ། ནོ་སྦེལ་གཟེངས་རྟགས་བཞེས་མཁན་བཞི་ནས་ལྷོ་ཨ་ཕི་རི་ཀར་ཚོགས་བཅར་གནང་རྒྱུ་མིན་པའི་གསལ་བསྒྲགས། རྒྱ་ནག་ནས་དུག་རླངས་འགོག་ཐབས་ཀྱི་ལས་འགུལ་གང་མགྱོགས་སྤེལ་རྒྱུའི་ཁས་ལེན། ཡུ་གུར་ཐོབ་ཐང་རྩོད་ལེན་པ་ཊོ་ཊི་ལགས་དང་ཁོང་གི་སློབ་མ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ། Wednesday 24/09/2014 Dalai Lama begins 3 day teaching to South Asian devotees 8th session of Tibetan Parliament in Exile concludes 4 Nobel laureates boycott summit in S Africa over Dalai Lama visa China pledges to take firm action on climate change Exile Tibetans condemn IlhamTohti’s verdict, calls for his immediate release ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་མིག་དམར། ༢༠༡༤།༠༩།༢༣

བོད་མིའི་སྒྲིག་འཛུགས་ཀྱིས་ལྟ་རྟོག་མེད་པ་བརྟེན་ནས་བོད་ནས་ཕེབས་མཁན་མེད་པ་ཆགས་པ་རེད་གསུངས་པ་དེ་ལ་གཞུང་ནས་ངོས་ལེན་གནང་ཐབས་མེད་པ་གསུངས་གནང་སོང། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གོམ་བགྲོད་ནང་བོད་ཀྱི་ཁོར་ཡུག་གནས་སྟངས་གསལ་བཏོན་གནང་འདུག རྒྱ་ནག་གཞུང་ནས་སོཊ་ལེནཊ་མང་མོས་འོས་བསྡུ་ལས་སློབ་གསོ་བླངས་ནས་བོད་ནང་གི་བོད་མི་ཚོར་རང་དབང་དང་མང་གཙོ་སྤྲོད་དགོས་པ་གསུངས་པ། བོད་མཛོད་དགེ་ས་ཁུལ་དུ་ཆུ་ལོག་བྱུང་བ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་གཞུང་ནས་དྲག་གནོན་ཅན་གྱི་ལག་ཆ་བཟོ་སྐྲུན་མཚམས་འཇོག་དགོས་པའི་འབོད་སྐུལ། དམིགས་བསལ་གླུ་གཞས་ལེ་ཚན། ཁ་བའི་ཕོ་རྒོད། Tuesday 23/09/2014 Security Kalon replies to question on decrease in flow of newcomers from Tibet Exiled Tibetans raise Tibet at Climate Change March China should learn from Scottish referendum: CTA official Flood in Dzoege, Tibet Amnesty blasts China's torture tool industry MUSIC FEATURE: 'Kawai Phogoe' by Serlha ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཟླ་བ། ༢༠༡༤།༠༩།༢༢

རྒྱལ་གཅེས་པ་ལྷ་མོ་བཀྲ་ཤིས་ལགས་ལ་གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་བཞག་པ། ལྡི་ལིར་ནང་དོན་རིག་པའི་ལྷན་ཚོགས་མཇུག་སྒྲིལ། ༸གོང་ས་མཆོག་གིས་སོཊ་ལེཊ་མང་མོས་ཐོག་གཅོད་ཀྱི་ལམ་ལུགས་ལ་བསྔགས་བརྗོད་གནང་པ། ༸གོང་ས་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་གནང་སོང། རྒྱ་གར་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་མ་གནང་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་ནང་ཆོས་དད་རང་དབང་གི་གནད་དོན་དེ་གལ་ཆེ་ཤོས་གྲས་སུ་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག ཨེ་ཝེ་ཝེའི་རྒྱལ་སྤྱིའི་ཆབ་སྲིད་བཙོན་པའི་འདྲ་པར་སྒྲིག་སྦྱོར་གྱི་སྒྱུ་རྩལ་ཁོངས་གཞས་པ་བློ་བློ་ལགས་ཀྱི་འདྲ་པར་སྒྲིག་གཤོམ། Monday 22/09/2014 TPiE pays homage to latest Tibet self immolator Meeting of Diverse Traditions of India concludes with a 2 page declaration Scotland's referendum decision a matured decision: Dalai Lama Dalai Lama returns to Dharamsala after winding up Mumbai and Delhi visit Modi says No to 'One China' Protection of Religious freedom a priority in our engagement with the China: US special coordinator Ai Weiwei's latest art installation features jailed Tibetan singer ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཉི་མ། ༢༠༡༤།༠༩།༢༡

འདས་པའི་བདུན་ཕྲག་གཅིག་གི་གསར་འགྱུར་ལ་བསྐྱར་ཞིབ། Sunday 21/09/2014 Week Review ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་སྤེན་པ། ༢༠༡༤།༠༩།༢༠

༸གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་དབུ་འཛུགས། གྲོས་ཚོགས་ལས་ཉིན་བརྒྱད་པའི་སྟེང་ཤེས་རིག་ལས་བསྡོམས་ཐོག་བགྲོ་གླེང་བཀའ་བསྡུར། ཐེ་ཝན་ནང་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ཐེངས་བཞི་པ་ཚོགས་པའི་སྐོར། འཛམ་གླིང་ཞི་བདེའི་ཉིན་མོ་དང་བསྟུན་བྱིས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས། དམིགས་བསལ་གསུང་ཆོས་ལེ་ཚན། ༸གོང་ས་མཆོག་གིས་བཞུགས་སྒར་དུ་སྨན་བླའི་རྗེས་གནང་སྐབས་སྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མའི་འཕྲོ། Saturday 20/09/2014 Dalai Lama leads meeting of Diverse Spiritual Traditions in India TPiE in session: Discussion on DOE annual report Exile Tibetans mark World Peace Day with junior football tournament 2014 International Symposium on Tibet held in Taiwan FEATURE: Introduction to Buddhism by Dalai Lama ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་པ་སངས། ༢༠༡༤།༠༩།༡༩

༸གོང་ས་མཆོག་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་འདུག ཆབ་མདོ་ས་ཁུལ་གྱི་བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་བཅད། ཇི་ནི་ཝ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མིས་ངོ་རྒོལ་ལས་འགུལ། ཐེ་ཝན་སློབ་ཆེན་ཞིག་ཏུ་བོད་དོན་ངོ་སྤྲོད་ཀྱི་སློབ་ཁྲིད་ཐེངས་དང་པོ་དབུ་འཛུགས། སྤུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དབུས་པའི་བོད་མི་ཆབ་བཙོན་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ། དམིགས་བསལ་ལེ་ཚན་ནང། གཏོང་ལེན་ཐེབས་རྩ། Friday 19/09/2014 Dalai Lama arrives in Delhi after Mumbai trip Two Tibetans receive up to 7 years prison term for online anti-fur campaign Swiss Tibetans protest in-front of UNHR office, Geneva Taiwan Community University introduces course on Tibet Appeal to release Tulku Tenzin Delek and other prisoners of conscience DIASPORA FEATURE: Tong-len Charitable Trust ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

Latest news