Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ནང་གི་བོད་དོན་ཞུ་གཏུགས་ཉིན་མོར་མཉམ་ཞུགས་བ་སྔར་ལྷག་མང་བ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཨ་རིར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ཁང་གིས་དབུ་ཁྲིད་པའི་ཐོག་ཟླ་ ༣ ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་ཀྱི་རིང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་ལྟར། ལས་འགུལ་དེའི་ནང་ཨ་རིའི་མངའ་སྡེ་ ༢༤ ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༥༠ ལྷག་འདུ་འཛོམས་བྱུང་བ་མ་ཟད་དྲྭ་ཐོག་ནས་འཛུལ་ཞུགས་གནང་མཁན་སྟོང་ཕྲག་ལྷག་བྱུང་འདུགཐེངས་འདིའི་ཞུ་གཏུགས་ཀྱི་ལས་འགུལ་དེའི་ཁྲོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་འབྲེལ་ཡོད་ལས་བྱེད་བཅས་ལ་མཇའ་འཕྲད་ཞུས་ནས་གཙོ་བོ་དོན་ཚོན་གསུམ་ཅན་གྱི་དགོས་འདུན་ཞིག་ཆེད་བཏོན་ཐོག་ཨ་རིའི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོང་བའི་ཞུ་སྐུལ་ནན་པོ་ཞུས་འདུག རེ་ཞུའི་དོན་ཚན་གསུམ་པོ་དེ་དག་ནི།  གྲོས་ཚོགས་འཐུས་མི་རྣམས་ནས་ཨ་རིའི་ཕྱི་འབྲེལ་གྱི་དྲུང་ཆེ་ Mike Pompeo མཆོག་གི་མཚན་ཐོག་ལ་རྒྱ་ནག་གི་དབང་འཛིན་གྱི་འོག་ཏུ་བོད་མི་རྣམས་ཀྱི་བདེ་རྩ་ལ་སེམས་ཁྲལ་ཡོད་པའི་ཞུ་ཡིག་ཅིག་ཕུལ་ནས་ན་ནིང་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབས་གནང་བ་དེ་དང་། དེ་བཞིན་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་བོད་ཀྱི་སྲིད་བྱུས་ཀྱི་ཁྲིམས་གཞི་གཉིས་ཕྱག་བསྟར་དོ་ནན་གནང་དགོས་བའི་འབོད་སྐུལ་ཞུ་དགོས་པ་དང་། བོད་ནང་གི་བསམ་བློའི་རང་དབང་དང་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་གཙིགས་འཛིན་གྱིས་བོད་ཀྱི་ཆབ་སྲིད་བཙོན་པ་དག་ལ་རྒྱབ་སྐྱོར་གནང་རྒྱུ། ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་མཇུག་སྐྱོང་གིས་བོད་ཀྱི་གནད་དོན་དང་འབྲེལ་བའི་བྱ་གཞག་གི་ཆེད་དུ་རོགས་དངུལ་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་དོན་ཚན་གསུམ་གྱི་ཞུ་སྐུལ་གནང་འདུགལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། འབྲེལ་ཡོད་ལས་བྱེད་བཅས་ཀྱིས་གདན་དོན་དེ་དག་ལ་ངོས་ལེན་ཡོད་པའི་རྣམ་འགྱུར་ཡག་པོ་བསྟན་པ་མ་ཟད་མ་འོངས་པར་ཡང་མུ་མཐུད་མཇུག་སྐྱོང་གནང་ངེས་ཡིན་པའི་བརྡ་ལན་གནང་ཡོད་པ་བཀོད་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་འདི་ལོའི་ཞུ་གཏུགས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དེ་སྔ་ལས་མང་བ་བྱུང་ཡོད་པ་དང་དེའི་རྒྱུ་མཚན་གཙོ་བོ་ནི། ཨ་རིའི་ངོས་ནས་ལོ་ངོ་བཅོ་ལྔའི་རྗེས་སུ་ཉེ་ལམ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་གནང་ཡོད་རྐྱེན་ཡིན་སྐོར་གསུངས་འདུག

ཁོང་གིས་ད་དུང་བོད་དོན་ཞུ་གཏུགས་པ་རྣམས་ཕྱི་ཚེས་ ༢༥ ཉིན་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་འདུ་འཛོམས་བྱུང་སྐབས་ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབས་བྱུང་བའི་ཆ་ཤས་འོག་ཚེས་ ༢༥ ཉིན་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་ཡོད་པ་སྙན་གསེང་ཞུས་པ་མ་ཟད། སྙན་ཐོ་དེ་ནི་ཁྲིམས་གཞི་གཏན་འབེབས་བྱུང་བ་ནས་དོན་དམ་གྱིས་ཕྱག་བསྟར་གནང་ཕྱོགས་ཀྱི་གོམ་པ་དང་པོ་སྤོས་པ་ཞིག་རེད་ཅེས་གསུངས་འདུག ཁོང་གིས་འདས་པའི་ཟླ་ཤས་ཀྱི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་པ་འགྲེལ་བརྗོད་གནང་དེ་འདི་ལོའི་བོད་དོན་ཞུ་གཏུགས་ཉིན་མོར་ཨ་རིའི་མངའ་སྡེ་སོ་སོ་ནས་ མཉམ་ཞུགས་ཧ་ཅང་མང་པོ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། བོད་དོན་ཞུ་གཏུགས་འདི་ལྟ་བུ་བརྒྱུད་ནས་ཨ་རིའི་ནང་དུ་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་འཕེལ་བཞིན་པར་བརྟེན་ ༢༠༡༩ ནང་སྔར་ལས་ལྷག་པའི་ལས་དོན་བསྒྲུབ་ཐུབ་པར་རམ་འདེགས་གནང་དགོས་བའི་རེ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།