Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

དབྱིན་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱལ་སྤྱིའི་ཧོང་ཀོང་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཧོ་ཀོང་མང་ཚོགས་ཀྱི་ལས་འགུལ་དང་མངོན་འདོད་ལ་རྒྱབ་སྐྱོར་གྱི་གདུང་སེམས་མཉམ་བསྐྱེད་ཞུས་འདུག
སྤྱིར་འདི་ལོ་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱིས་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་པོ་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་ནས་ད་བར་འདས་པའི་ཟླ་བ་གཉིས་ལྷག་གི་རིང་ལ་ཧོང་ཀོང་མི་མང་ས་ཡ་མང་པོས་པེ་ཅིང་གཞུང་དང་ཧོང་ཀོང་ད་ཡོད་གཞུང་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མི་མི་ཆད་པ་སྤེལ་བཞིན་པ་དང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་གནང་མཁན་ཚོར་དྲག་གནོན་དང་འཛིན་བཟུང་སོགས་བྱེད་འགོ་བཙུགས་ཏེ་ད་ཆ་ཉིན་རེ་བཞིན་ཧོང་ཀོང་ནང་གནས་སྟངས་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་རེད།
ཟླ་ ༨ ཚེས་ ༡༦ ནས་ ༡༩ བར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་ཧོང་ཀོང་མང་ཚོགས་དང་ཧོང་ཀོང་ལ་རྒྱབ་སྐྱོར་གནང་མཁན་མི་མང་ནས་ GLOBAL: Solidarity with HK Rally ཞེས་རྒྱལ་སྤྱིའི་ཁྱོན་ཀྱི་རྒྱལ་ཁབ་ ༣༠ ལྷག་གི་ནང་ཧོང་ཀོང་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྔམ་སྟོན་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འགོ་བརྩམས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་དབྱིན་ཡུལ་གྱི་རྒྱལ་ལོན་ཊན་དུ་སྤེལ་བའི་རྒྱལ་སྤྱིའི་ཧོང་ཀོང་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་ཁུལ་དེར་གནས་སྡོད་བོད་མི་ཚོས་མཉམ་ཞུགས་ཀྱིས་བོད་མི་ཚོ་ཧོང་ཀོང་མང་ཚོགས་དང་མཉམ་དུ་ཡོད་ཅེས་དང་། ཧོང་ཀོང་མང་ཚོགས་ལ་གཉའ་གནོན་མཚམས་འཇོག་དགོས་ཞེས་པའི་ཕྲད་དར་དང་ཤོག་སྦྱང་སོགས་ཀྱི་སྟེང་ལ་དགོས་འདོན་ཆེད་བཀོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་ཧོང་མང་ཚོགས་ཀྱི་ཞི་རྒོལ་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག
སྐབས་དེའི་མང་ཚོགས་ཆིག་སྟོང་ལྷག་འདུ་འཛོམས་བྱུང་བའི་ལས་འགུལ་དེ་ལོན་ཊན་རྒྱལ་ས་ Trafalgar Square ཞེས་མང་ཚོགས་འདུ་འཛོམས་ཆེ་བའི་ཐང་ཆེན་ནས་དབྱིན་ཡུལ་སྲིད་བློན་བཞུགས་གནས་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་ཐང་ཆེན་བར་རིམ་པས་ལས་འགུལ་སྤེལ་འདུག་ཅིང་། སྐབས་དེར་ཧོང་ཀོང་མང་ཚོགས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ལ་གདོང་ལེན་གྱི་ཚུལ་དུ་རྒྱ་ནག་གཞུང་ཚབ་ཁང་ནས་རྒྱ་རིགས་སློབ་ཕྲུག་ངོ་རྒོལ་བ་གྲ་སྒྲིག་གིས་ལས་འགུལ་ཡང་སྤེལ་འདུག
རྩ་བའི་རྒྱལ་སྤྱིའི་ཧོང་ཀོང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེ་ཡོ་རོབ་རྒྱལ་ཁབ་འཇར་མི་ནི་དང་ཕ་རན་སི། དེ་བཞིན་ཌེན་མཀ བྱང་ཨ་རི། ཨོ་སི་ཊོ་ལི་ཡ། ཨེ་ཤ་ཡ་བཅས་ཀྱི་རྒྱལ་ཁབ་ཁག་ ༣༠ ལྷག་གི་ནང་དུའང་ལས་འགུལ་གྱི་རྣམ་པ་འདྲ་མིན་བརྒྱུད་ནས་ཧོང་ཀོང་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།