Tibetan Royal Year of 2151 | Year of the Wood Dragon

རྒྱལ་ས་ལྡི་ལིར་ཕྱི་དྲིལ་ལས་བྱེད་རྣམས་ལ་ཕྱི་སྲིད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་པ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲIMG_0196[1]མ་དུ་ཡོད་པའི་ཧ་རི་ཡ་ན་མངའ་སྡེའི་གུཌ་གབྃ་ཁུལ་གྱི་མནཱི་སར་དུ་རྟེན་གཞི་བྱས་པའི་ Heritage resort གསོལ་མགྲོན་ཁང་དུ་གསར་དུ་བསྐོ་གཞག་བྱུང་བའི་དོན་གཅོད་ཁག་ཅིག་དང་། སྲི་ཞུ་ལས་བྱེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་བྱེད་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༥ ལྷག་ལ་ཁ་སང་ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ཚེས་ ༢༢ བར་བཅས་ཉིན་གྲངས་ལྔའི་རིང་ཕྱི་སྲིད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བཞིན་འདུག
དེའང་བོད་ཀྱི་ཕྱི་འབྲེལ་ལས་དོན་གནང་ཕྱོགས་ཐོག་ལ་རྒྱུས་མངའ་ཆེས་ཆེ་བའི་བཀའ་ཟུར་བཀྲིས་དབང་འདུས་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བཅས་རྣམ་པ་གསུམ་གཙོས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟIMG_0192[1]ན་བསམ་འཕེལ་ལགས་སོགས་ནས་བོད་ཀྱི་འདས་ད་མ་གསུམ་གྱི་གནས་སྟངས་དང་། ལྷག་དོན་མ་འོངས་པར་བོད་རྒྱ་འབྲེལ་ལམ་བཅས་ཀྱི་ཐོག་ལ་གསལ་བཤད་གནང་རྒྱུ་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་ལས་དོན་ཁྱད་མཁས་མི་སྣ་དང་ཆབ་སྲིད་མི་སྣ་ཁག་ཅིག་གིས་ཀྱང་ཟབ་འཁྲིད་གནང་རྒྱུ་ཡིན་པ་རེད་འདུག
འདི་གའི་རླུང་འཕྲིན་ཁང་གིས་དྲིལ་བསྒྲགས་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་གཅིག་ལྕོགས་བཀྲིས་ཕུན་ཚོགས་ལགས་སུ་ཟབ་སྦྱོང་འདིའི་དགོས་དམིགས་གང་ཡིན་ཐད་བཅར་འདྲི་ཞུས་པར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་བྱེད་ཚོས་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་འབོད་གནང་སྐབས་ཞུ་རྩའི་གནད་དོན་བོད་ཀྱི་ལོ་རྒྱུས་དང་བོད་མིའི་འདུ་སྡོད་ཀྱི་གནས་བབས། དེ་བཞིན་རྒྱལIMG_0198་སྤྱིའི་འགྲོ་ལུགས་དང་མཐུན་པའི་ཕྱག་ལས་གནང་ཐུབ་ཐབས་བཅས་ཀྱི་སླད་ཡིན་པར་གསུངས་སོང་།
ད་དུང་ཁོང་གིས་རྒྱ་གར་གྱི་ཆབ་སྲིད་དང་འབྲེལ་ཡོད་མཁས་པ་དང་། ཕྱི་སྲིད་ཀྱི་ལས་བྱེད་ཟུར་པ། དེ་བཞིན་ཆབ་སྲིད་ཀྱི་མི་སྣ་ཚོས་རྒྱ་གར་གྱི་བོད་དང་རྒྱ་ནག རྒྱལ་སྤྱིའི་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་ཐད་ཟབ་ཁྲིད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྔར་ལོའི་ཕྱི་ཟླ་ ༤ ནང་ཨ་རིར་ཕྱི་དྲིལ་ལས་བྱེད་རྣམས་འདི་ལྟ་བུའི་ཟབ་སྦྱོང་ཆེས་ཐོག་མ་དེ་གནང་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་ཚོས་རྒྱལ་སྤྱིའི་ཐོག་བོད་དོན་གླེང་སློང་གནང་ཕྱོགས་བཅས་ཀྱི་སྐོར་བཀའ་བསྡུར་གནང་འདུག
འོན་ཀྱང་ད་ལན་གྱི་ཟབ་ཁྲིད་འདིའི་ཐོག་ལ་༸གང་ཉིད་ཀྱི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ལ་གནད་ཞུ་ཕུལ་ཡང་སྐུ་གཟུགས་བདེ་མིན་གྱི་གནས་སྟངས་རྐྱེན་པས་ཕེབས་ཐུབ་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།