Tibetan Royal Year of 2151 | Year of the Wood Dragon

བོད་རིགས་སུད་ཚོང་རྣམས་ནས་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་མིར་ཞུགས་གལ་ཆེན་པོ་རེད་ཅེས་གསུངས་པ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

དེ་རིང་ཟླ་ ༤ ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་རྡ་སར་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁའི་གསོལ་མགྲོན་ཁང་དུ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐ44བས་ ༣ འགན་འཛིན་ལྷན་ཚོགས་ཚོགས་དུས་ ༣ པའི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དབུས་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅུ་བཞི་བཅས་ལྷན་འཛོམས་ཀྱིས་དབུ་འཛུགས་གནང་ཡོད་པ་རེད།

སྐབས་དེར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་གསུངས་དོན། འདས་པའི་བཀའ་བཤག་རིམ་བྱོན་གྱིས་བཙན་བྱོལ་བོད་མིའི་ཚོང་ལས་ཡར་རྒྱས་གཏོང་ཐབས་སུ་ལས་གཞི་མི་ཉུང་བ་ཞིག་སྤེལ་ཡོད་པ་མ་ཟད། ལྷག་པར་དུ་བཀའ་བཤག་སྐབས་བཅུ་གཉིས་པའི་སྐབས་ནས་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་ཚོང་བརྒྱབ་རྒྱུ་མེད་པར་སྒེར་བདག་ཅན་དུ་འགྱུར་རྒྱུའི་སྲིད་བྱུས་གཏན་འབེབས་གན22ང་ཡོད་ཀྱང། བོད་མི་སྤྱི་ཡོངས་ཀྱི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་ཡོངས་ཐབས་དང་། བོད་མི་རྣམས་རང་ཁ་རང་གསོ་ཐུབ་ཐབས་སུ་དགོངས་པ་ཆེ་བཞེས་ཀྱིས་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་གསར་འཛུགས་གནང་པའི་རྒྱབ་ལྗོངས་གསལ་བཤད་དང་སྦྲགས། རྒྱ་གར་གྱི་ས་གནས་ཁག་ཏུ་སུད་ཚོང་གི་ལས་དོན་གཉེར་བཞིན་པའི་བོད་རིགས་ཚོང་པ་ཚོས་ངེས་པར་དུ་སྤྱི་སྒེར་གཉིས་ཀའི་ཁེ་ཕན་ལ་གཟིགས་ནས་ཚོགས་པའི་ཚོགས་མིར་ཞུགས་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
དེ་བཞིན་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་ཀརྨ་དགེ་ལེགས་ལགས་ཀྱིས་ཀྱང་ད་རེས་འགན་འཛིན་ལྷན་ཚོགས་འདིའི་ཐོག་གཙོ་བོ་འདས་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། མ་འོངས་པའི་འགའ་འཛིན་ལྷན་ཚོགས་ཀྱི་ངོས་ནས་ཕྱག་ལས་གནང་སྟངས་དང་འབྲེལ་བའི་ལམ་སྟོན་ཟུར་རྒྱན་སྒྲིག་གཞི་ཞེས་པ་ཞིག་གཏན་འབེབས་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
རྩ་བའི་སྤྱི་ལོ་ ༢༠༠༦ ལོར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་གསར་བཙུགས་ཟིན་ནས་ད་བར་ཚོགས་པ་དེའི་ནང་རྒྱ་གར་གྱི་ས་གནས་ཁག་ ༡༤༦ ནང་ཚོང་ལས་གཉེར་བཞིན་པའི་བོད་རིགས་ཁྱིམ་ཚང་ ༣༣༠༠ ལྷག་གིས་ཚོགས་མིར་ཞུགས་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།