Tibetan Royal Year of 2151 | Year of the Wood Dragon

བོད་མིའི་རང་དབང་སྒེར་ལངས་བྱས་པའི་གསུམ་བཅུའི་དུས་དྲན་ཐེངས་ ༥༧ པའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུ་མཚན་མཐོང་སྟེ་ྋགོང་ས་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་མོལ་བྱ་དགོས་པའི་འབོད་སྐུལ་གནང་སོང།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དེ་རིང་བཞུགས་སྒར་དུ་ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་tok111ལག་གི་གསུང་ཆོས་ར་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་སོགས་བོད་མིའི་མང་གཙོའི་མཛད་གཙོ་རྣམ་པ་དང་སྲིད་ཞུ་བ་ལས་བྱེད་རྣམས་པ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཐེངས་ ༥༧ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

གཞུང་འབྲེལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ ༡༩༥༩ ལོར་བོད་མི་མང་གིས་རྒྱ་དམར་གྱི་བཙན་གནོན་ལ་ཞི་རྒོལ་བྱས་ནས་མི་ལོ་ ༥༧ འཁོར་བའི་དུས་ཚིགས་དང་བསྟུན། བོད་མི་རིགས་དང་བསྟན་སྲིད་ཀྱི་སླད་DSC_0584དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་བཏུད་དང༌།  དེ་བཞིན་དུས་ད་ལྟའང་བཙན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་བསལ་ཐུབ་པ་ཡོང་རྒྱུར་བཀའ་ཤག་ནས་ཡིད་ཆེས་བརྟན་པོ་ཞུས་བཞིན་ཡོད་ལ།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བོད་མི་རིགས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱེད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་མུ་མཐུད་དམ་འཛིན་བྱེད་རྒྱུ་ཡིན་ཅེས་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིསDSC_0523་རྒྱ་ནག་གཞུང་གི་དབང་འཛིན་པས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུ་མཚན་མཐོང་བའི་ཐོག་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་མོལ་བྱ་དགོས་པའི་འབོད་སྐུལ་གནང་སོང་བ་མ་ཟད།  ༸གོང་ས་མཆོག་གི་ཡང་སྲིད་ཀྱི་ཐག་གཅོད་བྱེད་དབང་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ལ་ཡོད་པ་ལས་དེ་མིན་རྒྱ་ནག་གཞུང་ལ་མེད་ཅེས་ནན་བརྗོད་གནང་ཡོད་པ་རེད།

སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་དྲན་གསོ་དང་།  རྒྱ་གཞུང་གི་མནར་གཅོད་གདུག་རྩུབ་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཡོངས་ལ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཞུས་པ་དང་སྦྲགས།  ཁོང་གིས་འདས་ལོའི་ནང་རྒྱ་ནག་ནང་གི་འགྲོ་བ་མི་ཡི་ཐོབ་ཐང་སྤྱི་དང་བྱེ་བྲག་ཏུ་བོད་ནང་གི་འགྲོ་བ་མི་ཡི་ཐོབ་ཐང་གནས་སྟངས་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་སྟབས།  ཞི་བདེ་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་མི་མང་བཅས་ནས་སྔར་ལྷག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དང་།  རྒྱ་ནག་གཞུང་གིས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་བོད་ལ་མིང་དོvotན་མཚུངས་པའི་རང་སྐྱོང་ཞིག་སྤྲོད་དགོས་རྒྱུ་ནི་སྐབས་དང་འཚམས་ཤིང་དུས་ལ་བབ་པ་ཞིག་རེད་ཅེས་གསུངས་སོང།

ད་དུང་ཚོགས་གཙོ་མཆོག་གིས་ད་ལྟའི་རྒྱའི་བཙོན་ཁང་ནང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ཀྱི་རེ་འབོད་དང་དགོས་འདུན་རྣམས་ལ་བདག་སྐྱོང་དང་ཁོང་རྣམས་མྱུར་དུ་བཙོན་གྲོལ་ཐོབ་ཐབས་སུ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོར་འགན་ཡོད་པ་དང་། ལྷག་དོན་གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་གུས་བརྩི་དང་། བོད་བསྟན་སྲིད་སྤྱི་ཡི་ལར་ཞེན་སྙིང་བཅངས་ཀྱིས་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་མཐུན་མིན་ལ་མགོ་འཁོར་ནས་མ་བསྡད་པར་གཞིས་བྱེས་བོདvot2་མི་ཡོངས་ཀྱི་ཁ་ཕྱོགས་མཉམ་དུ་བསྒྱུར་ཏེ་དགྲ་གཉེན་གྱི་ངོ་བོ་མ་ནོར་བ་བྱ་དགོས་རྒྱུ་ནི་གནད་ཀྱི་སྙིང་པོ་ཆགས་ཡོད་པ་རེད་ཅེས་གསུངས་སོང།

དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་མཛད་སྒོ་གྲུབ་རྗེས་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔས་གོ་སྒྲིག་འོག་བོད་མི་སེར་སྐྱ་རྒན་བྱིས་དར་གསུམ་གྱི་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་རང་བཙན་དགོས་པ། བོད་མིའི་འཐབ་རྩོད་ཆེད་ལོངས་ཤོག་ཅེས་པའི་འབོད་ཚིག་བཀོད་པའི་ཕྲད་དར་སོགས་བསྣམས་ཤིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་ནས་དབུ་འཛུགས་ཐོག་རྡ་ཤོད་ཀ་ཅ་རི་ས་གནས་ཁྲིམས་ཁང་བར་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་གོམ་བགྲོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།