Tibetan Royal Year of 2151 | Year of the Wood Dragon

བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་ཆེ་ཙམ་བཞེས་དགོས།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་ཉིན་ཟླ་ ༢ ཚེས་ ༡༢ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། དེ་བཞིན་ཨ་རིའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་བཞུགས་མོལ་ཚོགས་འདུའི་ཐོག་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང། ལྔ་དང་ལྔ་བཅུའི་འཆར་སྣང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི། བོད་མི་ཕན་ཚུན་དབར་འཆམ་མཐུན་གོང་འཕེལ་གནང་དགོས་གལ་སོགས་ཀྱི་སྐོར་གསུངས་འདུག

འདི་ལོའི་གསུམ་བཅུའི་དུས་དྲན་ནི་བོད་མི་རྣམས་རང་ཡུལ་ནས་བཙན་བྱོལ་དུ་གྱར་ནས་མི་ལོ་  ༦༠ འཁོར་གྱི་ཡོད་པའི་དུས་ཚིགས་གལ་འགངས་ཅན་ཞིག་དང་སྒོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་འཚོ་བཞུགས་མ་མཛད་པའི་དུས་སྐབས་སུའང་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་གནང་དགོས་སྐོར་བཀའ་སློབ་བསྩལ་བ་ལུང་འདྲེན་དང་འབྲེལ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་ཆེ་ཙམ་བཞེས་དགོས་པའི་སྐུལ་ལྕག་གནང་ཡོད་པ་རེད།སྐབས་དེར་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་ས་གནས་སོ་སོའི་གནས་སྟངས་དང་དེ་འབྲེལ་དགོངས་འཆར་རྣམས་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས་ཡོད་པ་རེད།

རྩ་བའི་སྲིད་སྐྱོང་མཆོག་ཨ་རི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་སྐྱོད་གནང་བ་མ་ཟད། དེ་རིང་ཨ་རི་ནང་རྟེན་གཞི་བྱས་པའི་ Rhode Island ཞི་བདེ་བསྟི་གནས་ཁང་གི་གཙུག་ལག་ཁང་ནས་གདན་ཞུ་གནང་དོན་ལྟར་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་མིའི་ཕྱི་དྲིལ་གྱི་འབྲེལ་ལམ་བརྒྱུད་འཛམ་གླིང་ལ་ཞི་བདེའི་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ། དེ་བཞིན་ Yale མཐོ་སློབ་ཀྱི་སློབ་ཕྲུག་ཆབ་སྲིད་ཚོགས་པར་གསུང་བཤད་གནང་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།