Tibetan Royal Year of 2151 | Year of the Wood Dragon

བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བོད་མིའི་ད་ལྟའི་འོས་བསྡུ་ལས་རིམ་ཐོག་སེམས་འཚབ་ཡོད་པ་ཞུས་འདུག

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཁ་སང་ཟླ་ ༡༠ ཕྱི་ཚེས་ ༡༣ ཉིན་ཨ་རི་དང་ཁེ་ན་ཌ། དེ་བཞིན་དབྱིན་ཡུལ་དང་སྤེཎ་སོགས་ནས་བོད་དོན་རྒྱབ་སྐྱོར་བ་ ༢༧ གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་བཅས་ལ་ད་ལྟའི་འོས་བསྡུ་ཁྲོད་ཀྱི་གནད་དོན་ཁག་ཅིག་གི་ཐོག་ལ་སེམས་འཚབ་ཡོད་པའི་ཞུ་ཡིག་གཅིག་ཕུལ་འདུག  ཞུ་ཡིག་དེའི་སྔོན་གླེང་ནང་བོད་དོན་རྒྱབ་སྐྱོར་བ་དེ་དག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས། ༸གང་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་དེ་བཞིན་མང་གཙོའི་ལམ་ལུགས་སུ་ཕྱག་བསྟར་ཡོང་སླད་སྐུ་ལས་ཧ་ཅང་ཆེན་པོ་སྐྱོན་པར་བརྟེན། ད་ཆ་བོད་མི་རྣམས་བཙན་བྱོལ་ནང་དེང་རབས་ཅན་གྱི་མང་གཙོའི་འགྲོ་ལུགས་ཆ་ལག་ཚང་བ་ཞིག་འཛུགས་ཐུབ་ཡོད་ཅིང་། ལྷག་པར་དུ་༸གོང་ས་མཆོག་གིས་མང་གཙོའི་སྤྱི་ཚོགས་འདིའི་ནང་བོད་མི་མི་རེ་ངོ་རེར། འོས་འཕེན་རྒྱུའི་ཐོབ་ཐང་དང་རང་དབང་ཆ་ཚང་ཡོད་པ་བཀའ་སློབ་བསྩལ་དོན་བཞིན། ང་ཚོའི་ངོས་ནས་ཀྱང་བོད་མི་རྣམས་ལ་རང་རང་སོ་སོའི་ལྟ་བ་ལངས་ཕྱོགས་འདྲ་མིན་འཛིན་ཆོག་གི་ཡོད་པ་ངོས་འཛིན་ཞུས་པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་བཅས་ལ་ད་ལྟ་བོད་མིའི་འོས་བསྡུའི་ལས་རིམ་འདིའི་ཁྲོད་འཛིན་སྐྱོང་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ངོས་འཛིན་གནང་ཕྱོགས་དང་། སྲིད་སྐྱོང་གི་དངོས་གཞི་འོས་མི་འདོན་ཕྱོགས་སྐོར་སེམས་འཚབ་སྐྱེས་གཞིར་གྱུར་ཡོད་པ་གསུངས་འདུག   ཞུ་ཡིག་དེའི་ཐོག་ནས་བོད་དོན་རྒྱབ་སྐྱོར་བ་དེ་དག་ནས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞེངས་མཁན་ཆེད། གཞུང་འབྲེལ་ངོས་འཛིན་ཡོད་པའི་ཚོགས་པ་ཁག་བཅུ་གཅིག་ཕུད་གཞན་སྤྱི་སྒེར་སུ་ཐད་ནས་དྲིལ་བསྒྲགས་འགྲོ་གྲོན་གཏོང་མི་ཆོག་པ་བཟོས་ཡོད་པ་འདི་ནི། འདྲ་མཉམ་དང་དྲང་བདེན་ཞིག་ཆགས་གི་མེད་པ་དེ་ལྟར་ཡང། འོས་མི་སོ་སོར་རྒྱབ་སྐྱོར་གནང་མཁན་ཚོགས་པ་འདྲ་མིན་ཡོད་པ་ལྟར་ཚོགས་པ་གཅིག་ལ་ཆོག་མཆན་ཡོད་པ་གང་ཞིག་ལ་གཅིག་ཤོས་ཆོག་མཆན་མེད་པ་བཟོས་པ་མ་ཟད། གནད་འགག་གཅིག་ལ་ཚོགས་པ་ཁག་གཞུང་འབྲེལ་ངོས་ལེན་ཡོད་མེད་ཀྱི་ཐག་གཅོད་གནང་མཁན་དེ་འཛིན་སྐྱོང་བཀའ་ཤག་ཡིན་པ་མ་ཟད། བཀའ་ཤག་ཁོངས་སྲིད་སྐྱོང་གི་འོས་མི་ད་ལྟའི་སྲིད་སྐྱོང་ལས་ཐོག་རང་ཉིད་ཡོད་སྟབས། གནད་དོན་འདི་ལྟ་བུའི་ཐད་ད་ལྟའི་སྲིད་སྐྱོང་ལས་ཐོག་ལ་འོས་བསྡུའི་ཁེ་ཕན་ཆེན་པོ་སྐྲུན་ཐུབ་རྒྱུ་ཡོད་རེད། དེ་འདྲ་སོང་ཙང་དབུས་འོས་བསྡུ་ལས་ཁང་ནས་གནད་དོན་འདིའི་རིགས་ཆབ་སྲིད་ཅིག་ཏུ་འགྲོ་ཉེན་ཡོད་སྐོར་བརྗོད་འདུག ད་དུང་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་མ་འཕེན་པའི་སྔོན་དུ་དངོས་གཞི་འོས་མིའི་གྲངས་ཚད་གསལ་བསྒྲགས་གནང་གི་མེད་པའི་བརྒྱུད་རིམ་དེའི་ཁྲོད་གཞན་གྱི་གནོན་ཤུགས་དང་ཆབ་སྲིད་བདེ་སྤྱོད་ལོག་ཕྱོགས་སུ་འགྲོ་ཉེན་ཡོད་པ་ཡང་གསུངས་འདུག  གཞན་ཡང་བོད་དོན་རྒྱབ་སྐྱོར་བ་༢༧གྱིས་ཕུལ་བའི་ཞུ་ཡིག་དེའི་ནང་སྲིད་སྐྱོང་འོས་མི་ཞིག་གིས་ད་ལྟའི་སྲིད་སྐྱོང་ལས་ཐོག་ནས་གཞུང་འབྲེལ་སྡེངས་ཆ་བེད་སྤྱོད་བརྒྱུད་འོས་བསྡུ་དྲིལ་བསྒྲགས་རིགས་གནང་གི་ཡོད་པའི་ཞུ་སྙན་ཞིག་ཕུལ་ཡོད་ནའང། འོས་བསྡུ་ལས་ཁང་ནས་ཕྱོགས་ཡོངས་ལ་གཟིགས་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་པའི་ལན་འདེབས་འདི་ནི་སྒྲིག་གཞི་བྱེ་བྲག་པ་རེ་ཟུང་མ་གཏོགས་ལག་བསྟར་ཐུབ་ཀྱི་མེད་པར་བརྗོད་འདུག  རྩ་བའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནས་དབུས་འོས་བསྡུ་ལས་ཁང་ལ་ཚོགས་པ་དེ་ཉིད་གཞུང་ཕྱོགས་ནས་ངོས་ལེན་ཡོང་བའི་ཞུ་སྙན་ཕུལ་ཡོད་ནའང། སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ནས་ཉེ་ཆར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཚོགས་པ་ངོས་འཛིན་ཞུ་ཕྱོགས་ཀྱི་འགན་དབང་འཛིན་སྐྱོང་ལ་ཡོད་པ་གསུངས་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་ནས་བོད་དོན་རྒྱབ་སྐྱོར་བའི་ཞུ་ཡིག་གི་ནང་འཁོད་པའི་གནད་དོན་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དབུས་འོས་བསྡུ་ལས་ཁང་སོ་སོར་བཀའ་འདྲི་ཞུས་ཀྱང། ད་ལྟའི་ཆར་གང་ཡང་གསུངས་ཡག་མེད་བཅས་གསུངས་གནང་སོང།

འབྲེལ་ཡོད་གསར་གནས།

གསར་གནས།