Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བྱ་གཏོར་ལམ་ལུགས་ཚོང་བསྒྱུར་བྱེད་བཞིན་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

བོད་མིའི་ཐུན་མོང་མ་ཡིན་པའི་བྱ་གཏོར་གྱི་ལམ་ལུགས་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་པའི་མཚར་འཛིན་གྱི་ལྟེ་གནས་ཤིག་ཏུ་གྱུར་ནས་དེང་སྐབས་བོད་ཀྱི་སྲོལ་རྒྱུན་རིང་བཞིན་གྱི་དུར་འཇུག་བྱེད་སྟངས་དེ་དེང་རབས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆར་བསྒྱུར་བཞིན་ཡོད་པར་སྐྱོན་བརྗོད་བྱེད་མཁན་བྱུང་འདུག རྩ་བའི་བོད་ཀྱི་རིག་གཞུང་ནང་དུ་དུར་འཇུག་བྱེད་སྟངས་ལ་དབྱེ་ན་བཞི་ཡོད་པའི་ཁྲོད་དུ་བྱ་གཏོར་གྱི་དུར་འཇུག་བྱེད་སྟངས་དེ་ནི་ཡུལ་གཞན་དུ་མེད་པའི་བོད་པ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་དང་། དེང་སང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོས་ལམ་ལུགས་འདིར་མཚར་འཛིན་གྱིས་དཔར་རྒྱག་པ་དང་བརྙན་ལེན་པ་སོགས་ཀྱིས་བོད་ཀྱི་ལྷིང་འཇགས་ཀྱི་དགོན་གྲོང་དུ་འཚང་ཁ་ཤིག་ཤིག་བསླེབ་ཡོང་གི་ཡོད་སྟབས། ཁ་ཁུ་སིམ་པའི་དགོན་གྲོང་གི་འཚོ་བར་རང་བཞིན་གྱིས་འདུ་འཛི་ཆེ་བའི་ས་གནས་ཤིག་ཏུ་འགྱུར་བཞིན་ཡོད་པ་རེད། དེའང་དེ་རིང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་རྒྱ་མིའི་ཡུལ་སྐོར་བ་བརྒྱ་ཁྲག་བརྒལ་བས་བོད་མིའི་སྲོལ་རྒྱུན་བྱ་གཏོར་གྱི་ལམ་ལུགས་ལ་ལྟད་མོ་ལྟ་བཞིན་པའི་འདྲ་པར་ཁྱབ་སྤེལ་བྱེད་བཞིན་པ་དང་། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ལམ་ལུགས་དེ་ཡུལ་སྐོར་བའི་སྣང་བ་སྤྲོ་སྐྱིད་ཀྱི་ལྟད་མོ་བལྟ་སའི་ཚོང་གི་ལྟེ་གནས་ལྟ་བུར་འགྱུར་བཞིན་པར་སྐྱོན་བརྗོད་གནང་བ་མ་ཟད། པེ་ཅིང་དུ་གནས་བཞུགས་བོད་ཀྱི་རྩོམ་པ་པོ་འོད་སེར་ལགས་ཀྱིས་ཀྱང་གསེར་རྟའི་དགེ་འདུན་པ་རྣམས་ནས་དུར་ཁྲོད་འདིར་སྐྱེ་བ་མི་རྟག་པ་མཚོན་ཆེད་ཀྱི་འཛུགས་སྐྲུན་རྒྱ་ཆེ་བྱས་དེ་ཡུལ་སྐོར་བ་རྣམས་ལ་གོ་རྟོགས་སྤེལ་ཐབས་བྱས་ཡོད་ཀྱང་། ད་ཆ་དུར་ཁྲོད་དེ་གློག་བརྙན་ལྟ་བུ་ཞིག་ཏུ་བསྒྱུར་བ་མ་ཟད་ཁ་ཁུ་སིམ་པའི་དགོན་གྲོང་གི་འཚོ་བ་དེར་རྔོན་པའི་དམིགས་འབེན་དུ་ལྷུང་འདུག་ཅེས་སྐྱོན་བརྗོད་གནང་འདུགསྤྱིར་དྲྭ་ལམ་དུ་ཡུལ་སྐོར་བ་རྣམས་གསེར་རྟའི་དུར་ཁྲོད་དེར་བསྐྱོད་པར་འཛིན་བྱང་ཉོ་དགོས་ཀྱི་ཡོད་ཚུལ་འབྲི་མཁན་ཁག་གཅིག་ཡོད་ཀྱང་བོད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་རིག་གཞུང་ནང་གི་བྱ་གཏོར་གྱི་ལམ་ལུགས་དེར་ཚོང་བསྒྱུར་བྱེད་མཁན་ནི་ས་གནས་ཀྱི་འགྲིམ་འགྲུལ་ལས་ཁུངས་སོགས་ཀྱིས་ཡུལ་སྐོར་སྤྲོ་འཁྱམ་པ་དག་ལ་ལམ་ཁྲིད་ཀྱིས་གོང་ཚད་རྒྱག་བཞིན་ཡོད་པ་ལས། དགོན་པ་རང་གི་ངོས་ནས་དུར་ཁྲོད་དུ་ཡུལ་སྐོར་སྤྲོ་འཆམ་པར་འཛིན་བྱང་བཙོང་ནས་བྱ་གཏོར་ལ་བལྟ་རུ་འཇུག་གི་ཡོད་པ་ཞིག་རེད་མི་འདུག  གསར་འགོད་པས་གསེར་རྟ་དགོན་གྱི་མཁན་ཟུར་བོད་ཀྱི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་སུ་དུར་ཁྲོད་ཟེར་དུས་མིའི་ཕུང་བོ་ཞུགས་འབུལ་བྱེད་ས་ཞིག་ཡིན་པར་བརྟེན། དེར་དགོན་པའི་ངོས་ནས་རྒྱས་སྤྲོས་ལྡན་པའི་འཛུགས་སྐྲུན་བྱེད་དོན་གང་ཡིན་ནམ་ཞེས་དྲིས་པར་དུར་ཁྲོད་དུ་འཛུགས་སྐྲུན་བྱེད་དགོས་དོན་དེ་ནི་ཆོས་གཞུང་དུ་གསལ་བའི་ཁྱད་ཆོས་ཤིག་ཡིན་པ་ལས་རྒྱས་སྤྲོད་ཀྱི་རྣམ་པ་གང་ཡང་མ་རེད་ཅེས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག དུར་འཇུག་གནང་སྟངས་ལ་སྦྱིན་བསྲེག་དང་བྱ་གཏོར། ས་སྦས། ཆུར་སྐྱུར་སོགས་ཡོད་པ་ངོ་སྤྲོད་གནང་སོང་།རྩ་བའི་བོད་ཀྱི་དུར་འཇུག་གནང་སྟངས་དེར་རིགས་དབྱེ་ཆེན་པོ་བཞི་ཡོད་ཀྱང་བོད་ཀྱི་ས་ཕྱོགས་ཕལ་མོ་ཆེར་གཅིག་མཐུན་གྱི་བསམ་བློ་ཞིག་ཡོད་པ་ནི། རང་ཉིད་འཆི་བའི་དུས་སུ་བེམ་པོ་དེ་ལྟོག་སྐོམ་གྱིས་མནར་བའི་བྱ་རྒོད་ལ་སྤྲད་པ་ཡིན་ན་དེ་སྦྱིན་གཏོང་གི་བྱ་བཞག་ཅིག་ཡིན་པར་དགོངས་ཀྱི་ཡོད་པ་རེད། དེར་བརྟེན་དམིགས་བསལ་གྱི་འགོས་ནད་ཀྱི་མནར་ཏེ་ཤི་བ་སོགས་མིན་ཚེ་བོད་མི་ཕལ་ཆེ་བའི་བེམ་པོ་དེ་བྱ་རྒོད་ལ་སྤྲོད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།