Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་དུས་སྟོན་ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་རྒྱུ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

འདི་ལོའི་ Brisbane གྲོང་ཁྱེར་དུ་བོད་ཀྱི་དུས་སྟོན་ཐེངས་བརྒྱད་པའི་ཐོག་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Brisbane ནང་དུ་ལོ་ལྟར་ཆད་མེད་ཚོགས་བཞིན་པའི་ Brisbane བོད་ཀྱི་དུས་སྟོན་ཞེས་པ་དེ་ཡང་གཙོ་བོ་ཡུལ་དེའི་ནང་གནས་བཞུགས་བོད་པའི་གཞས་པ་དང་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་འགན་རྐང་ཆེ་བཞེས་ཐོག་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་པེ་ཅིང་ Olympic རྩེད་འགྲན་གྱི་དུས་ཚིགས་ནས་དབུ་བཙུགས་གནང་པའི་བོད་ཀྱི་དུས་སྟོན་ཞིག་ཡིན་པ་རེད།
དུས་སྟོན་དེའི་དགོས་དམིགས་གཙོ་བོ་ནི། ཨོ་སོ་ཊོ་ལི་ཡའི་ཁུལ་གྱི་མང་ཚོགས་ཁྲོད་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཐུན་མིན་གྱི་གླུ་གཞས་དང་གློག་བརྙན་གཟིགས་འབུལ། དེ་བཞིན་བོད་དོན་སྐོར་བགྲོ་གླེང་དང་བོད་དོན་དྲིལvandana-shiva་བསྒྲགས་སོགས་གནང་ཕྱིར་དམིགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།
འདི་ལོའི་བོད་ཀྱི་དུས་སྟོན་ཐེངས་བརྒྱད་པ་དེ་ཟླ་འདིའི་ཕྱི་ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ ༢༤ བར་ཚོགས་གནང་གི་ཡོད་པ་རེད།      ཐེངས་འདིའི་བོད་ཀྱི་དུས་སྟོན་ཐོག་མགྲོན་གཙོར་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་རྒྱུ་དང། རྒྱ་གར་ནང་གི་སྙན་གྲགས་ཆེ་བའི་ཁོར་ཡུག་ལས་འགུལ་བ་དང་རྩོམ་པ་པོ་སྐུ་ཞབས་ Dr. Vandana Shiva ལགས་ཀྱིས་ཀྱང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གསུང་བཤད་སོགས་གནང་གི་འདུག
རྩ་བའི་ད་རེས་ཉིན་བདུན་རིང་གི་བོད་ཀྱི་དུས་སྟོན་དེའི་ཐོག་བོད་ཀྱི་གཞས་སྣ་ཁག་དང་། བོད་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ ཁག་ཅིག་གཟིགས་འབུལ། དཀྱིལ་འཁོར་བཞེངས་སྐྲུན། དེ་བཞིན་བོད་ཟས་དང་བོད་ཀྱི་ཡིག་གཟུགས། བོད་པའི་ཐང་བྲིས་རི་མོ་སོགས་ཀྱི་ཟབ་སྦྱོང་འདྲ་མིན་གོ་སྒྲིག་གནང་འདུག། ལྷག་པར་དུ་འདི་ལོའི་དུས་སྟོན་དེའི་ཐོག་བོད་པ་དང་ཧི་མཱ་ལ་བརྒྱུད་ཀྱི་རི་མོའི་སྒྱུ་རྩལ་བ་གྲགས་ཅན་ཁག་ཅིག་ཆེད་འབོད་ཀྱིས་བདུན་ཕྲག་གཉིས་རིང་ལ་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།