Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཆབ་སྲིད་བཙོན་པ་མུ་ར་སྦྱིན་པ་ལགས་བཙོན་བཙོན་གྲོལ་ཐོབ་འདུག

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དེ་སྔ་རྒྱ་གཞུང་གིས་ཆབ་སྲིད་ཉེས་བཅད་འོག་ལོ་གསུམ་རིང་བཙོན་འཇུག་དུས་བཀག་ཚང་རྗེས་བོད་ཀྱི་ཆབ་སྲིད་བཙོན་པ་མུ་ར་སྤྱིན་པ་ལགས་བཙོན་གྲོལ་བཏང་ཡོད་པ་རེད།    དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་གནང་པ་ལྟར་ན། དེ་སྔ་རྒྱ་གཞུང་གིས་ཆབ་སྲིད་ཉེས་བཅད་འོག་ལོ་གསུམ་རིང་ བཙོན་འཇུག་བྱས་པའི་རང་ལོ་ ༤༣ སོན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མུ་ར་སྤྱིན་པ་ལགས་ནི་ཕ་ཡུལ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུར་བྱེག་ཡུལ་ཕྱོགmmexport1449225575418ས་མུ་ར་སྡེ་བ་ནས་ཡིན་ཞིང། རྒྱ་གཞུང་གིས་ཆབ་སྲིད་ཉེས་བཅད་འོག་ལོ་གསུམ་རིང་བཙོན་འཇུག་བྱས་རྗེས་བཙོན་དུས་ཚང་ཟིན་བྱུང་ནས་ཟླ་འདིའི་ཚེས་ ༡ ཉིན་བཙོན་གྲོལ་ཐོབ་འདུག  ཁ་སང་ཕྱི་ཚེས་ ༣ ཉིན་ཕ་ཡུལ་ལ་འབྱོར་བ་དང་བསྟུན་ས་གནས་བོད་མི་དང་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཚོས་གཞུང་ལམ་གཡས་གཡོན་གཉིས་ནས་ཕེབས་སྒུག་གིས་ཁོང་ལ་རྟེན་འབྲེལ་གྱི་མཇལ་དར་སྒྲོན་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་གསུངས་སོང།

ད་དུང་མུ་མཐུད་གསུངས་པར་མུ་ར་སྤྱིན་པ་ལགས་དེ་སྔ་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༢༤ ཉིན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཁོང་ལ་ཟླ་བ་ལྔ་ཙམ་རིང་གཅར་རྡུང་དང་འདྲི་རྩད་ནན་པོ་བྱས་པ་མ་ཟད། ཁོང་གིས་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་རྒྱ་ནག་ཉེན་རྟོག་པ་དང་དམག་མི་ཚོས་བོད་ཁུལ་དུ་ཚད་ལས་བརྒལ་བའི་དྲག་གནོན་དང་མནར་གཅོད་བཏང་པའི་གནས་ཚུལ་དང། དེ་བཞིན་བོད་མི་ཚོའི་ཞི་རྒོལ་གནས་ཚུལ་དང་འབྲེལ་བའི་གནmmexport1449225579678ས་ཚུལ་ཁག་ཕྱི་བསྒྲགས་བྱས་པར་བསྙད་པ་མ་ཟད།  ད་དུང་བདེན་པའི་བསྒྲགས་གཏམ་ཞེས་པའི་ཡི་གེ་ཞིག་བྲིས་ཏེ་རྨ་ཆུ་རྫོང་དུ་བཀྲམ་ཡོད་ཚུལ་སོགས་ལ་བསྙད་ནས་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༤ ཙམ་མི་ལོ་གསུམ་གྱི་རིང་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་གསུངས་སོང།

དུས་དེ་ནས་བཟུང་ཟླ་འདིའི་ཕྱི་ཚེས་ ༡ བར་བཙོན་འཇུག་བྱས་ནས་ཀན་སུའུ་པེ་དབྱིན་ཕྱོགས་ཀྱི་པེ་ཝན་གྲོང་རྡལ་གྱི་ (甘肃省白银市北湾镇) ཞེས་པའི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་རེད་འདུག  རྩ་བའི་མུར་སྦྱིན་ནམ་མུ་ར་སྤྱིན་པ་ལགས་ནི་ད་ལྟ་དགུང་ལོ་༤༣ཡིན་ཞིང་།ཕའི་མིང་ལ་ནོར་ཕུན་དང་མའི་མིང་ལ་འཚོ་མོ་ཟེར་ལ།ཕ་ཡུལ་ནི་རྒྱ་ནག་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུར་བྱེག་ཡུལ་འཚོ་མུ་ར་སྡེ་བ་ནས་ཡིན་ཞིང་།དེ་སྔ་འཛིན་བཟུང་མ་བྱས་སྔོན་སྔ་རྗེས་ལ་དགུན་ཁའི་སློབ་གྲྭའི་གུང་སེང་སྐབས་ས་གནས་ཀྱི་སློབ་གྲྭ་དང་གྲྭ་བཙུན་རྣམས་ལ་སུམ་རྟགས་སོགས་བོད་ཀྱི་རིག་གནས་ཟབ་སྦྱོང་འཛིན་གྲྭ་ཐེངས་མང་སློབ་ཁྲིད་གནང་མྱོང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།