Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་ཚོགས་པ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཁ་སང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན། DSCF8842ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་མེག་གྷན་སྦག་སུ་གསོལ་མགྲོན་ཁང་དུ་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཀང་ར་རྫོང་ཁོངས་ཀྱི་ཁྲིམས་དཔོན་གཞོན་པ་སྐུ་ཞབས་ Babir Thakur མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་སེར་སྐྱ་མི་མང་བཅས་ལྷན་འཛོམས་ཐོག་དབུ་འཛུགས་གནང་ཡོད་པ་རེད།

མཛད་སྒོའི་ཐོག་མར་ཧིན་བོད་གཉིས་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གྲུབ་རྗེས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས་ཀྱིས་ཧོན་བོད་མཛའ་འབྲེལ་ཚོགས་པ་དེ་ཉིད་ ༡༩༩༥ ལོར་གསར་དུ་དབུ་བརྙེས་པ་ནས་བཟུང་ད་བར་གཙོ་བོ་ས་གནས་ཡུལ་མི་དང་བོད་མིའི་དབར་རིག་གཞུང་བརྗེ་ལེན་གྱི་ཐོག་ནས་རྒྱུན་གནས་ཐུབ་པ་ཞིག་ཡིན་པ་དང།  ལྷག་དོན་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་བསྟུན་ཏེ། བཞུགས་སྒར་དུ་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་གོ་སྒྲིག་གནང་ཡིན་པ་ངོ་སྤྲོད་སོགས་གནང་ཡོད་པ་རེད།

སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Babir Thakur མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་བསྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ Sudhir  Sharma མཆོག་གི་སྐུ་ཚབ་ཐོག་ནས་ཆེད13་བཅར་ཞུས་ཡོད་སྐོར་གསུངས་པ་དང་སྦྲགས། བློན་ཆེན་ཁོང་གིས་སྐུ་ལས་བསྐྱོན་པའི་སྐུ་དྲིན་ལས་དྷ་རྨ་ས་ལ་དེ་ཡང་དེང་དུས་ཡར་རྒྱས་ཅན་གྱི་གྲོང་ཁྱེར་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་དང། དེ་བཞིན་དྷ་སའི་གཞུང་ལམ་གཙོས་པའི་ཁོར་ཡུག་གི་ཐོག་ལ་ཡང་ཡར་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་བཏང་ཡོད་སྐོར་གསུངས་ཡོད་པ་རེད།  ལྷག་དོ་ཁོང་གིས་༸གོང་ས་མཆོག་གཙོས་པའི་བོད་མོ་ཚོ་དང་རྒྱ་གར་བ་ཚོའི་དབར་ལ་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་ལམ་ཟབ་མོ་ཡོད་པ་མ་ཟད། ཧི་མཱ་ཅལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་བཞུགས་གནས་སོགས་གཙོས་པའི་དགོས་ངེས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པར་དགའ་སྤོབས་ཆེན་པོ་བྱུང་བ་དང། བོད་མི་ཚོའི་འདོད་མོས་ལྟར་རྒྱ་གར་དུ་ཇི་ཙམ་བཞུགས་ཀྱང་དགའ་བསུ་དང་ དགོས་ངེས་ཀྱི་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུ་ཡིན་པ་སོགས་གསུངས་ཀྱི་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ལ་བོད་དང་རྒྱ་གར་གྱི་རིག་གཞུང་བརྗེ་ལེན་གྱི་དུས་སྟོན་ཞིག་ཚོགས་ཐུབ་པར་བསྔགས་བརྗོད་གནང་པ་དང་ཆབས་ཅིག བོད་ཀྱི་རིག་གཞུང་དང་རྒྱ་གར་གྱི་རིག་གཞུང་དེ་བཞིབ་ལོ་རྒྱུས་སོགས་ཀྱི་ཆ་ནས་འབྲེལ་བ་གཏིང་ཟབ་ཞིག་ཡོད་ཁར། ༸གོང་ས་མཆོག་དང་བོད་མི་རྣམས་རྒྱ་གར་དུ་སྐྱ90བས་བཅོལ་བཞུགས་ཆོག་པའི་མཐུན་འགྱུར་གནང་པར་སྙིང་ཐག་པ་ནས་བཀྲིན་ཆེ་ཞུས་པ་མ་ཟད། རྒྱ་གར་གཞུང་མང་གཉིས་དང་དམིགས་བསལ་ཧི་མཱ་ཅལ་སྔ་སྡེའི་བཀྲིན་ལས་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཐུབ་པ་བྱུང་ཡོད་སྟབས། དུས་སྟོན་དེ་འདྲ་ཞིག་ཚོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔ་བཞིན་མ་དངུལ་སོགས་ཀྱི་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་པ་དང།  དེ་བས་ཀྱང་བོད་མི་ཚོ་དང་རྒྱ་གར་བ་རྣམས་ཀྱི་དབངར་ལ་འབྲེལ་ལམ་གཏིང་ཟབ་ཡོང་བར་འབད་བརྩོན་རྒྱུན་སྐྱོང་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད།

རྩ་བའི་ད་ལན་གྱི་དུས་སྟོན་དེ་བཞུགས་སྒར་དུ་ཉིན་གཉིས་རིང་ཚོགས་གནང་གི་ཡོད་པ་དང། ཉིན་གཉིས་པའི་སྐུ་མགྲོན་གཙོ་བོར་ཀང་རའི་རྫོང་དཔོན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཆེད་ཕེབས་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།