Tibetan Royal Year of 2151 | Year of the Wood Dragon

བདེ་ལེགས་སྨན་ཁང་དུ་ཆུ་ཡུལ་པའི་ཁྱིམ་ཚང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་པ།  

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཡུ་རོབ་སུད་སི་རྒྱལ་ཁབ་ནང་གནས་བཞུགས་ཆུ་ཡུལ་པའི་ཁྱིམ་ཚང་ནས་རང་ཉིད་ཀྱི་ཕ་དམ་པ་ཆུ་ཡུལ་པ་བྱམས་པ་ཕུན་ཚོགས་ལགས་དང་ཡུམ་དམ་པ་ཆུ་ཡུལ་པ་བདེ་སྐྱིད་ནོར་འཛིན་ལགས་རྣམ་གཉིས་ཀྱི་དྲན་རྟེན་ཆེད་དཔལ་འབྱོར་གྱིས་རོགས་རམ་ཐོག་རྒྱ་གར་གྱི་གྲོང་ཁྱེར་ Chandigarh ནང་ནད་གསོ་ཁང་ཁང་མིག་བརྒྱད་ཅན་ཞིག་གསར་རྒྱག་ལེགས་གྲུབ་ཟིན་པ་དང་འབྲེལ། ཆུ་ཡུལ་པའི་ཁྱིམ་ཚང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་སོང་།དེ་རིང་སྔ་དྲོ་ཚོུད་ ༡༢ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་ཆུ་ཡུལ་པའི་ཁྱིམ་ཚང་གི་ཡབ་ཡུབ་དམ་པ་གཉིས་ཀྱི་བུ་ཕྲུག་དང་སྤུན་མཆེད་ཁག་གཅིག་ལྷན་ཞུགས་ཐོག་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོ་དེའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་དྲུང་ཆེ་ཚེ་རྒྱལ་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་ཁྱབ་སྨན་པ་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་དབུས་པའི་ལས་བྱེད་རྣམ་པ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་གཙོས་པའི་འཛིན་སྐྱོང་ལས་བྱེད་རྣམ་པ། དེ་བཞིན་དབུས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་སྦྱིན་བདག་ཁག་གཅིག་བཅས་ཕེབས་འདུགསུད་སི་ཆུ་ཡུལ་པའི་ཁྱིམ་ཚང་ནས་བདེ་ལེགས་སྨན་ཁང་ལ་ནད་གསོ་ཁང་ཞིག་སྦྱིན་བདག་གནང་སྟངས་གྱི་བྱུང་རིམ་ནི་ཐོག་མར་ཕྱི་ལོ་ ༢༠༡༦ ལོར་ Chandigarh ནང་དང་བླངས་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་ཁུལ་དེར་ནད་པ་བསྟེན་གཏུག་བྱེད་མཁན་གྱི་གྲངས་འབོར་ལ་གཞིགས་ནས་ནད་གསོ་ཁང་ཞིག་དགོས་ངེས་སྐོར་གསུངས་པ་སོགས་དང་འབྲེལ། ཆུ་ཡུལ་པའི་ཁྱིམ་ཚང་དང་དབུས་བདེ་ལེགས་སྨན་ཁང་དབར་རིམ་པས་གྲོས་བསྡུར་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཆུ་ཡུལ་པའི་ཁྱིམ་ཚང་ནས་ལས་གཞི་དེ་དངོས་སུ་འགོ་འཛུགས་ཐུབ་ཐབས་སུ་ཧིན་སྒོར་འབུམ་ལྔ་བཅུ་ང་དྲུག་ལྷག་ཞལ་འདེབས་གནང་ཐོག་ཨར་ལས་ཀྱི་ལས་གཞི་མགོ་འཛུགས་གནང་སྟེ་ད་ལྟའི་ཆར་ནད་གསོ་ཁང་དེར་ཐབ་ཚང་དང་འཁྲུས་ཁང་། གསང་སྤྱོད་ལྷན་སྦྱར་ཡོད་པའི་ཁང་མིག་བརྒྱད་ཡོད་པ་རེད་འདུག  སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ནས་ནད་གསོ་ཁང་དེའི་དཔལ་འབྱོར་གྱི་སྦྱིན་བདག་གནང་མཁན་ཆུ་ཡུལ་པའི་ཁྱིམ་ཚང་དང་། ནད་གསོ་ཁང་དེ་གསར་རྒྱག་གནང་སའི་ས་ཆའི་སྦྱིན་བདག་བོད་ཕྲུག་ཁྱིམ་སྡེ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ཆ་བོད་པ་མང་ཆེ་བའི་དཔལ་འབྱོར་གྱི་གནས་བབས་བཟང་དུ་འགྲོ་བཞིན་ཡོད་སྟབས། བོད་པས་བོད་པར་རོགས་རགས་རམ་གནང་རྒྱུའི་ཐད་དགོངས་པ་བཞེས་དགོས་གལ་ཡིན་པ་ཆགས་འདུག་ཅེས་གསུངས་སོང་བ་མ་ཟད། བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས་ད་རེས་བོད་པས་བོད་པ་ལ་རོགས་རམ་གནང་སྟེ་ནད་གསོ་ཁང་གསར་རྒྱག་ལེགས་གྲུབ་བྱུང་བ་ནི་ཁོང་དེ་སྔ་བདེ་ལེགས་སྨན་ཁང་གི་འགན་འཛིན་གནང་སྐབས་ཀྱི་རྨི་ལམ་ཞིག་ཡོད་པ་དེ་དེ་རེས་མངོན་གྱུར་ཐུབ་སོང་ཞེས་གསུངས་ཡོད། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཆུ་ཡུལ་པའི་ཁྱིམ་ཚང་གི་བུ་ཕྲུག་ནང་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་ཕྱིར་ཕྱག་རྟགས་ཁག་གཅིག་ཕུལ་བ་དང་སྦྲགས། ཁོང་མི་རྣམས་ནས་སྦྱིན་བདག་གནང་ཐོག་གསར་རྒྱག་ཟིན་པའི་ནད་གསོ་ཁང་དེས་བཞུགས་སྒར་ཁུལ་གྱི་བོད་མི་ཙམ་མ་ཡིན་པར། ཁུལ་དེར་སྨན་པ་བསྟེན་གཏུགས་ཆེད་དུ་ཕེབས་མཁན་གྱི་མི་མང་སྟོང་ཕྲག་ལྷག་ལ་ཕན་ཐོགས་ངེས་རེད་ཅེས་གསུངས་ཡོད།

སྐབས་དེར་ཆུ་ཡུལ་པའི་ཁྱིམ་ཚང་གི་སྐུ་ཚབ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ལས་གཞིའི་འདི་ནི་གཙོ་བོ་ཆུ་ཡུལ་པའི་ཁྱིམ་ཚང་གི་ཡབ་ཡུམ་དམ་པ་གཉིས་ཀྱི་དགོངས་གཞི་ཡིན་པ་དང་། ལས་གཞིེ་དེའི་ཐོག་གནང་བའི་མ་དངུལ་དེ་དག་ཀྱང་དམ་པ་གཉིས་ཀྱི་དཔལ་འབྱོར་ཡིན་པ་སོགས་འགྲེལ་བརྗོད་དང་ཡབ་ཡུམ་དམ་གཉིས་ལ་ཐུགས་རྗེ་ཆེ་ཞེས་དང་བཀྲིན་རྗེས་དྲན་ཀྱང་ཞུས་སོང་།

གཞི་རྩའི་ཆུ་ཡུལ་པའི་ཁྱིམ་ཚང་གི་ནང་མི་ནི་དེ་སྔ་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་ནས་སུད་སིར་གཞིས་སྤོས་གནང་ཡོད་པ་དང་། ཁོང་རྣམས་ནི་བོད་པ་སུད་སིར་གཞི་སྤོ་གནང་མཁན་ཆེས་ཐོག་མའི་གྲས་ཤིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།