Tibetan Royal Year of 2151 | Year of the Wood Dragon

བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་དགོངས་པ་མ་དྭངས་བར་དུ་དགོངས་སེལ་ཞུ་རྒྱུ་ཡིན་ཅེས་གསུངས་པ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ ཡོལ་ཙམ་ལ་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གཞུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཐོག བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་དགོངས་པ་མ་དྭངས་བར་དགོངས་སེལ་ཞུ་རྒྱུwoenang་ཡིན་གསུངས་པ་དང་སྦྲགས། བོད་མི་མང་ཚོགས་ནས་ཆོལ་གསུམ་གཅིག་ཏུ་སྒྲིལ་རྒྱུའི་ཐོག་ནུས་མཉམ་སྤུངས་གནང་དགོས་པའི་འབོད་སྐུལ་ནན་པོ་གནང་སོང།
གཞི་རྩའི་ཕྱི་ཟླ་ ༣ ཚེས་ ༢༣ བོད་ཀྱི་སྨན་རྩིས་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ངོས་ནས་ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་སྔོན་འགོག་དང་ཉམས་ཐག་ལྟ་སྐྱོང་ཐད་འཐུས་ཤོར་ཕྱིན་ཡོད་པ་མ་ཟད། སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཀྱི་ཚད་གཞི་དམའ་རུ་འགྲོ་གྱི་འདུག་ཅེས་བཀའ་ནན་པོ་བསྩལ་ཡོད་པ་རེད། དེ་བཞིན་ཉེ་ཆར་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་མཐའ་མ་ལེགས་པར་གྲུབ་རྗེས། གཞུང་འབྲེལ་གྱི་སྤྱན་འདྲེན་སྐབས་སུའང་གཞུང་འབྲེལ་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་དང་། ལྷ་མོ་བཀྲིས་ཚེ་རིང་མ་གཉིས་ནས་ཀྱང་འདི་ལོའི་འོས་བསྡུའི་སྐབས་སུ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱུང་བའི་རྐྱེན་གྱིས་༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་མ་ཟད། ཁ་བ་གངས་ཅན་པ་རྣམས་ཀྱི་བསོད་ནམས་དམན་པས་ནང་དུ་དམ་ཚིག་མི་ལྡན་ན་༸གང་ཉིད་ཀྱི་སྐུ་ཕྱྭར་འགན་ལེན་མི་བཟོད་པ་ཞིག་འདུག་ཅེས་སོགས་ཀྱི་བཀའ་ལུང་ལྕི་མོ་ཕེབས་པ་འབྲེལ། ༸གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས་པ་བཅས་ཀྱི་བཀའ་ཕེབས་ཡོད་པ་རེད།
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་དབུ་བཞུགས་ཐོག ༸གོང་ས་མཆོག་གི་བཀའ་སློབ་དང། གཞུང་འབྲེལ་ལྷ་སྲུང་རྣམས་ནས་བཀའ་ལུང་ཕེབས་པ་ལ་བརྟེན་ནས་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།
སྐབས་དེར་ཚོགས་གཙོསྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། ཉེ་ལམ་ལས་དོན་བྱེད་ཕྱོགས་སྤྱི་དང། ལྷག་པར་དུ་ཉེ་ཆར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་རིས་ཀྱི་རྣམ་པ་ཆེན་པོ་ཐོན་པར་བརྟེན་ནས། ༸གོང་ས་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཆགས་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཁུངས་རུས་པའི་གཏིང་ནས་དགོངས་སེལ་ཞུས་པ་དང་མཇལ་ཁ་ཞུ་རྒྱུ་ངང་སྒུག་ཞུ་མུས་ཡིན་ཅེས་གསུངས་པ་མ་ཟད། ལྷག་དོན་ད་ལྟའི་ཆར་སྤྱི་ཡོངས་ནས་འོས་བསྡུའི་ལས་རིམ་གྲུwoenang1བ་ཟིན་པར་བརྟེན། ཕྱོགས་སོ་སོར་རྒྱབ་སྐྱོར་གནང་མཁན་ཚོས་ཕན་ཚུལ་གནོད་སྐྱེལ་རྒྱུའི་ལས་དོན་ཁག་མཚམས་འཇོགས་བྱས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཆོལ་གསུམ་བོད་མི་གཅིག་ཏུ་སྒྲིལ་རྒྱུའི་ཐོག་ནུས་པ་མཉམ་སྤུངས་གནང་རོགས་ཅེས་འབོད་སྐུལ་ནན་པོ་གནང་སོང་།
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་གསུངས་དོན། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཉེ་ཆར་༸གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཕེབས་པ་དེ་གལ་ཆེར་ངོས་འཛིན་པའི་ཐོག་ལག་བསྟར་བྱ་རྒྱུར་དམ་བཅའ་གཙང་མ་ཡོད་ཅེས་གསུངས་པ་དང་སྦྲགས། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་མ་དྭངས་བར་དུ་དགོངས་སེལ་ཞུ་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཚང་མས་འོས་བསྡུའི་ལས་བརྩམ་མཚམས་འཇོགས་བྱས་པའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་བསྒྲུབ་རྒྱུར་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་གནང་དགོས་པའི་འབོད་སྐུལ་ནན་པོ་གནང་སོང།
རྩ་བའི་ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ལས་དོན་དང་འབྲེལ་ནས་༸གང་ཉིད་མཆོག་ཐུགས་ཕམ་བྱུང་ཡོད་པའི་གནད་དོན་དང། དེ་བཞིན་ལྷ་སྲུང་རྣམས་ཀྱི་བཀའ་ལུང་རིམ་པ་ཕེབས་པར་བརྟེན། ཁ་སང་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་སོ་སོའི་འགན་དེ་རང་བློ་རང་གིས་ལྐོག་ཏུ་མ་གྱུར་བ་ཡིན་སྟབས། དེ་འདྲའི་ཐོག་ནས་འགན་དེ་འཁུར་མ་ཐུབ་པ་ཞིག་ལ་སེམས་ནང་དོགས་གཞི་ཡོད་སྟབས། བཟང་སྤྱོད་ཀྱི་ཐོག་ནས་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་པ་ཡིན་ཅེས་གསུངས་ཡོད། ད་རེས་ཀྱི་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་ཏེ། ཉེ་སྔོན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཀྱང་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་པའི་གནས་ཚུལ་ཡང་བྱུུང་ཡོད་པ་རེད།

 

བརྙན་པར།

 

འབྲེལ་ཡོད་གསར་གནས།

གསར་གནས།