Tibetan Royal Year of 2151 | Year of the Wood Dragon

ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་རྣམས་དོན་གཅོད་དང་མཇལ་འཕྲད་ཀྱིས་བོད་དོན་ཤེས་རྟོགས་གནང་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་སང་ཚེས་ ༥ ཉིན་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བའི་ཚོགས་གཙོ་སྐུ་ཞབས་ Tutu Picard ལགསདང་གྲོས་ཚོགས་གོང་མའི་སྐུ་ཞབས་ Andre Gattolin ལགས་གཉིས་ཀྱིས་དབུས་པའི་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་གཅིག་གིས་ཕ་རན་སའི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Andre Gattolin ལགས་ཀྱིས་ལོ་མང་རིང་ནས་བོད་ནང་དུ་གཟིགས་སྐོར་ལ་ཕེབས་རྒྱུའི་ཐབས་ཤེས་གནང་ཡང་རྒྱ་གཞུང་ནས་ཆོག་མཆན་སྤྲད་མ་སོང་ཞེས་གསུངས་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲྭ་རྒྱའི་ཐོག་བཀོད་པར་གཞིགས་ཚེ་བོད་དོན་རྒྱབ་སྐྱོར་བའི་ལྷན་འཛོམས་ཐོག་བོད་དོན་གྱི་བརྙན་སྟོན་ཞིག་གཟིགས་འབུལ་ཞུས་པ་དང་སྦྲགས། ལོ་ངོ་ ༣༠ རིང་བོད་རིགས་པར་ཞིབ་འཇུག་བྱས་ཤིང་བོད་ནང་ཐེངས་མང་ཕེབས་མྱོང་མཁན་ལྕམ་ Buffetrill ལགས་ཀྱིས་རྒྱ་ནག་གིས་ཇི་ལྟར་བོད་ས་བཙན་བཟུང་བྱས་པའི་སྐོར་གྱི་འདྲ་པར་མང་དག་ཕྱོགས་བསྒྲིགས་ཀྱིས་གཟིགས་འབུལ་ཞུས་པའི་བརྒྱུད་ཚོགས་ཞུགས་པ་རྣམས་ནས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གནང་སྟེ་ བོད་དོན་རྒྱུས་ལོན་གནང་འདུགསྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལྕམ་ Buffetrill ལགས་ཀྱི་གླེང་མོལ་དེས་རྒྱ་ནག་གིས་བོད་ས་བཅིངས་བཀྲོལ་བཏང་བ་མ་ཡིན་པར་ཇི་ལྟར་ལྟ་གྲུབ་ཀྱི་ཐོག་ནས་བོད་དེ་བཙན་བཟུང་བྱས་ཡོད་པ་ངོ་སྤྲོད་བྱས་ཡོད་པའི་བརྗོད་བྱ་འབུར་འདོན་གྱིས་བོད་དོན་ངོ་སྤྲོད་བརྒྱུད་རྒྱལ་སྤྱིའི་མིག་ནང་གི་བོད་དང་རྒྱ་ནག་ནས་བརྗོད་བཞིན་པའི་བོད་གཉིས་ནི་ཁ་ཁ་ཡིན་པར་འགྲེལ་བརྗོད་གནང་སྟེ་རྒྱ་ནག་གིས་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཁོ་ན་ལས་ངོས་འཛིན་གནང་གི་མེད་ནའང་། སྤྱིར་བོད་ཟེར་བ་དེར་མདོ་སྟོད་སྨད་གཉིས་ཀྱང་ཚུད་ཡོད་པར་འགྲེལ་བརྗོད་ཁ་གསལ་གནང་འདུགཁོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱས་ཏེ་རྒྱ་ནག་གིས་བོད་ས་ཚོང་ལས་ཅན་དུ་བསྒྱུར་ནས་བཙལ་འཛུལ་བྱེད་བཞིན་ཡོད་སྟབས་ད་ཆ་འཛམ་གླིང་སྟེང་གི་རང་དབང་ཆེས་བྲལ་བའི་རྒྱལ་ཁབ་དང་པོ་དེ་ནི་ Syria ཡིན་པ་དང་། བོད་ཡུལ་ནི་དེ་ལྟ་བུའི་རྒྱལ་ཁབ་གཉིས་པ་དེ་ཆགས་ཡོད་པ་ཡང་འགྲེལ་བརྗོད་གནང་སྟེ། རྒྱལ་ས་ལྷ་སར་ཁང་པའི་སྒེའུ་ཁུང་ནས་དོགས་སྲུང་བའི་བརྙན་མིག་མང་པོ་ཡོད་པ་སོགས་ཀྱི་ཛ་དྲག་གི་གནས་སྟངས་འོག་བོད་མི་ ༡༥༣ ལྷག་གིས་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་ཡོད་པར་ངོ་སྤྲོད་གནང་བ་འཁོད་འདུག

དེ་བཞིན་ཁོང་གིས་བོད་ཁང་གི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་པ་སོགས་ཀྱི་ཐད་ནས་ངོ་སྤྲོད་བྱས་པའི་བརྒྱུད་ས་གནས་བོད་མི་དག་གིས་ཡུལ་ཁྲིམས་དང་མཐུན་པའི་ངང་ནས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞབས་ཕྱི་ཞུ་བཞིན་ཡོད་པ་སོགས་སྙན་སེང་ཞུས་ཏེ་ད་ཡོད་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྒྱུན་སྐྱོང་གནང་དགོས་གལ་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།