Tibetan Royal Year of 2151 | Year of the Wood Dragon

ནོར་ཝེ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་ངོ་རྒོལ་གྱི་ལམ་ནས་རྒྱ་ནག་གི་འགོ་ཁྲིད་སྣེ་ལེན།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ Li Zhanshu ཟླ་བ་འདིའི་ཚེས་ ༡༥ ནས་ ༢༤ བཅས་ཉིན་གྲངས་བཅུའི་རིང་ནོར་ཝེ་དང་། ཨོ་སི་ཊོ་རི་ཡ། དེ་བཞིན་ཧན་གྷ་རི་བཅས་ཡོ་རོབ་རྒྱལ་ཁབ་གསུམ་ནང་གཞུང་འབྲེལ་ཕྱོགས་སྐྱོད་དང་བསྟུན། དེ་རིང་ནོར་ཝེ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་ངོ་རྒོལ་སྐད་འབོད་གནང་བའི་ཐོག་ནས་ཁོ་པར་སྣེ་ལེན་བྱས་ཡོད་པ་རེད།

རྒྱ་ནག་གི་འགོ་ཁྲིད་སྟོབས་ཤུགས་ཅན་གསུམ་པ་ Li Zhanshu གིས་སྣེ་ཁྲིད་པའི་རུ་ཁག་ནས་ནོར་ཝེ་རྒྱལ་ས་ Oslo ནང་དེ་རིང་ཚེས་ ༡༥ ནས་ ༡༨ བར་དུ་ཁུལ་དེའི་གྲོས་ཚོགས་དང་།  ཕྱི་འབྲེལ་དང་རྒྱལ་སྲུང་ལས་ཁང་གི་དབུ་ཁྲིད། དེ་བཞིན་ནོར་ཝེ་སྲིད་བློན་ Erna Solberg མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ Tone W. Troen མཆོག་དང་མཇལ་མོལ་བྱ་རྒྱུ་ཡིན་པའི་གོ་སྐབས་དང་བསྟུན་ནོར་ཝེ་ནང་ཡོད་པའི་བོད་དོན་ཚོགས་པ་དང་ཡུ་གུར་ཚོགས་པ། དེ་བཞིན་ནོར་ཝེ་ནང་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཅས་ཚོགས་པ་གསུམ་ཐུན་མོང་གིས་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ངོ་རྒོལ་སྐད་འབོད་ཀྱི་ལམ་ནས་ཁོ་པར་སྣེ་ལེན་བྱས་ཡོད་པ་རེད།

གཞི་རྩའི་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་རྩོམ་པ་པོ་སྐུ་ཞབས་ Liu Xiaobo ལགས་སུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བར་བརྟེན་རྒྱ་ནག་དང་ནོར་ཝེ་གཉིས་ཀྱི་ཆབ་སྲིད་དང་ཚོང་གི་འབྲེལ་ལམ་ཡོངས་རྫོགས་ཆད་པ་དང་ཆབས་ཅིག་ཏུ་ཕྱི་ལོ་ ༢༠༡༦ ལོར་དེ་འབྲེལ་འབྲེལ་ལམ་སླར་གསོ་བྱུང་ཡོད་པ་དང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱུང་ནས་ད་ཆ་ Li Zhanshu ནོར་ཝེ་ནང་འབྱོར་བ་དེ་རྒྱ་ནག་གི་གནས་རིམ་མཐོ་བའི་འགོ་ཁྲིད་གཞུང་འབྲེལ་ཕྱོགས་སྐྱོད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ John Peder Egenaes ལགས་ཀྱིས་རྒྱ་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཞིག་ཡིན་སྟབས་རྒྱ་ནག་གི་འགོ་ཁྲིད་ནས་རྒྱལ་ཁབ་གཞན་ནང་ཚོང་འབྲེལ་གྱི་འགོ་ཁྲིད་བཟང་པོ་ཞིག་གི་ངོ་བོའི་ཐོག་ནས་འགྲོ་ཆོག་གི་མེད་པ་དང་། ལྷག་པར་དུ་ད་རེས་ཀྱི་ལས་འགུལ་བརྒྱུད་ནོར་ཝེ་མང་ཚོགས་ནས་རྒྱ་ནག་ནང་གི་གནས་སྟངས་ཐད་བློ་འཚབ་ཡོད་པའི་རྣམ་པ་མངོན་གསལ་གནང་ཕྱིར་དང་རྒྱའི་མངའ་ཁོངས་སུ་ཡོད་པའི་ཡུལ་མིར་གདུང་སེམས་མཉམ་བསྐྱེད་མཚོན་སླད་ཡིན་པ་གསུངས་འདུག

ནོར་ཝེ་ཡུ་གུར་ཚོགས་པའི་ཚོགས་གཙོ་ Bahtiyar Omer ལགས་ནས་ཀྱང་ནོར་ཝེ་ནང་གནས་བཞུགས་ཡུ་གུར་བ་ ༢༥༠༠ ལྷག་ཡོད་པ་དེ་དག་གི་ནང་མི་རེ་རེ་ད་ཆ་ཤིན་ཅང་གི་ཆབ་སྲིད་སློབ་གསོའི་བསྟི་གནས་ཁང་ནང་ཡོད་པར་འགྲེལ་བརྗོད་དང་སྦྲགས། ནོར་ཝེ་ལྟ་བུར་མཚོན་ན་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། ནོར་ཝེ་གྲོས་ཚོགས་འཐུས་མི་ནས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་རྒྱའི་མངའ་ཁོངས་སུ་ཡོད་པའི་ཡུལ་མི་རྣམས་ཀྱི་གནད་དོན་ངེས་པར་དུ་གླེང་དགོས་པར་གསུངས་འདུག

རྩ་བའི་ཚོགས་པ་གསུམ་མཉམ་འབྲེལ་གྱིས་ཡུལ་དེའི་གྲོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་གནང་འཆར་འདུག་ཀྱང་། སྐད་འབོད་གནང་སའི་ས་གནས་དེ་བདུན་ཕྲག་ཁ་ཤས་སྔ་རོལ་ནས་རྒྱ་རིགས་རུ་ཁག་ཞིག་གིས་གཡར་ཟིན་པ་ཤེས་རྟོགས་བྱུང་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་རུ་ཁག་དེར་ Norway-Wenzhou Chamber of Commerce ཞེས་བརྗོད་ཀྱི་ཡོད་པ་དང་། ཁོང་ཚོས་རྒྱ་ནག་དང་ནོར་ཝེ་གཉིས་ཀྱི་ལོ་ངོ་ ༦༥ འི་ཆབ་སྲིད་ཀྱི་འབྲེལ་ལམ་སྲུང་བརྩི་ཞུས་པའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་སྣེ་ལེན་ཞུ་རྒྱུ་ཡིན་པ་མ་ཟད། རུ་ཁག་གི་སྣེ་ཁྲིད་གནང་མཁན་ཞིག་གིས་ཁོང་ཚོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྲུང་བརྩི་གནང་རྒྱུའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་ཚབ་ཁང་ནས་ལྐོག་ངན་སྤྲད་པར་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།