Tibetan Royal Year of 2151 | Year of the Wood Dragon

ནིའུ་ཡོག་དང་ནིའི་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཁང་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

 

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་དབར་ལ་ཚོགས་པའི་ལངས་ཕྱོགས་དང་འབྲེལ་བའི་ཐོག་ལ་མི་མཐུན་པའི་གནས་ཚུལ་ལྷག་རྗེས། ད་དབར་གྲོས་འཆམ་དང་འགྲིག་འཇགས་མ་བྱུང་བའི་སྟབས།  ཁ་ཉིན་ཚེས་ ༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ནས་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་འདུག     དེ་ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་སྐབས་ ༡༣ ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཞི་རྩའི་དམིགས་ཡུལ་བཞི་ཅན་ཁྲོད། དོན་ཚན་དང་པོ་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུའི་སྐོར་དང་། དོན་ཚན་བཞི་པ་བོད་རང་བཙན་བསྒྲུབ་པ་བྱ་རྒྱུ་གཉིས་ནང་འགལ་ཆགས་པའི་གནད་དོན་སྐོར་དང་འབྲེལ། འདི་ལོའི་ཕྱི་ཟླ་༧ཚེས་ ༢༡ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཞུ་ཡིག་གཅིག་ཕུལ་ཡོད་པ་དེའི་ནང། “དབུས་བོད་ཀྱི་གཞོན་ནུ་ལྷན་གྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར་ནིའུ་ཡོག་དང་ནིའུ་ཇར་སིབོད་ཀྱི་གཞོན་ནུ་ལྷན་ཚོཊ་དབུས་ཀྱིཁྱབ་ཁོངས་འོག་གནས་ཐབས་མེད་ལ། དབུས་ལ་འབྲེལ་བ་ཡང་བྱེད་རྒྱུ་མིན།’’ཞེས་ཐག་གཅོད་གནང་ཡོད་པ་ རེད་འདུག

འདིའི་བར་ན་འདས་པའི་དུས་ཡུན་དེའི་ནང་དབུས་བོད་ཀྱི་གཞོན་ནུས་ལྷན་ཚོགས་ནས་དབུས་ས་གཉིས་དབར་ནང་ཁུལ་འགྲིག་འཇགས་ཡོང་ཐབས་སུ་དབུས་རྒྱུན་ལས་ནིའི་ཡོག་ས་གནས་སུ་ཆེད་བཅར་གྱིས་ལས་ཐོག་ས་གནས་རྒྱུན་ལས་དང་ཐེངས་གཉིས་ཚོགས་འདུ་ཚོགས་ནས་གྲོས་བསྡུར་དང། དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པའི་དགོངས་ཚུལ་སོགས་བསྡུ་ལེན་གནང་ཡང། གྲོས་འཆམ་དང་འགྲིག་འཇགས་རིགས་རྩ་བ་ནས་ཡོང་ཐབས་མེད་པར་གཟིགས་ཏེ། ཁ་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འགན་འཛིན་ལྷན་ཚོཊ་ཐེངས་ ༤༦ གི་གྲོས་གཞི་དོན་ཚན་ ༡༠པའི་ནང་གསེས་ཁ་པའི་གྲོས་ཆོད་ ༢ པའི་དགོངས་དོན་དང། དེ་བཞིན་བོད་སྤྱིའི་བསྟན་སྲིད་ཆེད་གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་དང། ལས་དོན་ཚགས་ཚུད། མ་འོངས་གཞོན་ལྷན་ནང་ཁུལ་དང། ལྷག་པར་བོད་རིགས་ནང་ཁུལ་དོན་མེད་ཀྱི་འགལ་ཟླའི་རྙོག་གླེེང་རྒྱུན་མཐུད་མི་ཡོང་ཆེད་ནིའུ་ཡོག་དང་ནིའུ་ཇང་སིའི་ས་གནས་གཞོན་ནུ་གནས་སྐབས་རིང་སྒོ་རྒྱ་རྒྱུའི་ཐག་གཅོད་གནང་འདུག

ད་ལན་གྱི་གསལ་བསྒྲགས་འདིའི་ཐོག་ནས་ནིའུ་ཡོག་དང་ནིའུ་ཀར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཁང་གནས་སྐབས་སྒོ་རྒྱག་པ་དང་།  ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་སྒྲུབ་ཆེད12359905_931123383673008_7971156191819066404_n་བར་བརྒལ་འབྲེལ་མཐུད་པ་བཞི་ས་ྲགྱུན་ཟུར་པའི་མང་མོས་འོས་བསྡུ་བརྒྱུད་ནས་བསྐོ་བཞག་བྱས་ཡོད་པ་དང། སྐབས་ ༡༣ པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གཞོན་རྒྱུན་ལས་ནས་ ༢༠༡༦ ཟླ་ ༡ ཚེས་ ༢༠ གོང་དུ་ ནིའུ་ཡོག་དང་ནིའུ་ཇར་སིའི་གཞོན་ནུའི་རྒྱུ་དངོས་ཡོངས་རྫོགས་ཆད་ལུད་མེད་པར་རྩིས་སྤྲོད་གནང་དགོས་འདུག

འོན་ཀྱང་ད་ལྟའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་འདི་ལ་བློ་ཕམ་དང་བཅས། ཐག་གཅོད་བྱས་པ་དེས་སྒྲིག་འཛུགས་ལ་ཕན་རྒྱུ་ལས་གནོད་ཆེ་བ་ཞིག་ཏུ་ངོས་འཛིན་གནང་གི་འདུག  ད་དུང་ངག་དབང་དཔལ་ལྡན་ལགས་ཀྱིས་མུ་མཐུད་གསུངས་པར། ཁ་ཉིན་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་དེའི་ནང་།  ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་རྒྱུན་ལས་རྣམས་ནས་༢༠༡༦ལོར་ཚོགས་རྒྱུའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་བསྡུར་གྱིས་མང་མོས་ཐག་གཅོད་ཇི་བྱུང་ལ་ཡང་མོས་མཐུན་དང་གུས་བརྩི་ཞུ་རྒྱུའི་ཞལ་བཞེས་གནང་གི་མིན་ལུགས་གསུངས་ཡོད་པ་དེ་ནི་ཕྱོགས་གཅིག་གི་བཀའ་མོལ་ཞིག་ཡིན་པ་དང།  ང་ཚོས་ཚོགས་ཆེན་ཐོག་དེ་སྔའི་ས་ག12391329_931123497006330_8599667613872336017_nནས་གཞོན་ནུ་བརྒྱད་ཀྱི་དཀའ་ངལ་གཙོས་པའི་གནད་དོན་སྤྱིའི་ཐོག་ལ་གྲོས་ཆོད་ཅི་འདྲ་ཞིག་བྱུང་རུང་དེ་ལ་ཁས་ལེན་གནང་རྒྱུ་གསལ་པོ་ཞུས་ཡོད་སྐོར་གསུངས་ཀྱི་འདུག

ད་ལྟའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་རྩིས་ལེན་རྩིས་སྤྲོད་ཀྱི་ལས་རིམ་དེ་ ༢༠༡༦ ཟླ་ ༡ ཚེས་ ༢༠ སྔོན་དུ་བསྒྲུབ་དགོས་ཀྱི་འདུག་པ་དང། དེའི་རྗེས་རིམ་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མ་འོངས་པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་པ་བསྐོ་གཞག་གནང་འཆར་འདུག འོན་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཁ་ཉིན་གསལ་བསྒྲགས་འདིའི་ཐོག་ནས་རིང་མིན་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ངོ་ཚབ་ནུས་པ་ཞིག་བསྐོ་གཞག་མ་བསྒྲུབ་བར། ཚོགས་སྒེར་སུ་རུང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་དང་མཚན་དར། ལས་རྟགས་དང་ལས་དམ་སོགས་བེད་སྤྱོད་བྱ་མི་ཆོག་པ་ནན་བརྗོད་དང་འབྲེལ། གལ་སྲིད་དེ་ལྟར་བེད་སྤྱོད་གཏང་མཁན་བྱུང་ཚེ་འགན་འཁུར་ཡོངས་རྫོགས་དོ་བདག་རང་ཉིད་ལ་འཁུར་དགོས་པ་བཅས་གསུངས་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།