Tibetan Royal Year of 2151 | Year of the Wood Dragon

དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བདུན་པར་སྐྱོ་དབྱངས་མངར་མོའི་གློག་བརྙན་གཟིགས་འབུལ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བདུན་པའི་ཐོག་བོད་རིགས་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་རི་ཏུ་ས་རིན་ལགས་རྣམ་གཉིས་ཀྱིས་བཟོ་སྐྲུན་ཞུས་པའི་སྐྱོ་དབྱངས་མངར་མོའམ་ The Sweet Requiem ཞེས་པའི་གློག་བརྙན་དེ་མང་ཚོགས་ལ་གཟིགས་འབུལ་ཞུས་སོང་།བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཁྱིམ་དུ་ཟླ་ ༡༡ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཚེས་ ༤ བར་ DIFF འམ་དྷ་རྨ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༧ པ་དེ་ཚོགས་ཡོད་པ་དང།  ཁ་སང་ཉིན་བཞི་པའི་ཉིན་དགུང་ཚོུད་ ༡༌༡༥ ཐོག་དྷ་སྟེང་བོད་ཁྱིམ་གྱི་ཧར་མིན་གྷ་མི་ནར་ཚོགས་ཁང་དུ་བོད་མི་དང་རྒྱ་གར་བ། དེ་བཞིན་ཕྱི་རྒྱལ་མི་རིགས་སོགས་མང་ཚོགས་མང་དག་ཞིག་འདུ་འཛོམས་བྱུང་ཐོག་རྒྱལ་སྤྱིའི་ཊོ་རོན་ཊོ་གློག་བརྙན་དུས་སྟོན་དུ་གདམས་ཐོན་བྱུང་བའི་བོད་པའི་གློག་བརྙན་སྐྱོ་དབྱངས་མངར་མོ་གཟིགས་འབུལ་ཞུས་ཡོད་པ་རེད། གཞི་རྩའི་སྐྱོ་དབྱངས་མངར་མོ་གློག་བརྙན་དེ་ཕྱི་ལོ་ ༢༠༠༦ ལོར་རྒྱའི་ས་མཚམས་དམག་མིས་ནང་པ་ལ་བརྒྱུད་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་གྱི་ཚོགས་ཁག་ཞིག་ལ་མེ་མདའ་བརྒྱབས་ཏེ་ལོ་ན་ ༡༦ སོན་པའི་བཙུན་མ་ཞིག་བསད་པའི་དངོས་སྒྲུང་ལ་གཞིགས་པའི་རྟོག་སྒྲུང་ཞིག་ཡིན་པ་དང་། གློག་བརྙན་དེའི་ནང་དོན་གཙོ་བོ་ནི་རྒྱ་གར་རྒྱལ་ས་ལྡི་ལིར་འཚོ་སྡོད་བྱས་པའི་བུ་མོ་སྒྲོལ་དཀར་ལགས་རང་ཉིད་ལོ་ན་བརྒྱད་སྐབས་ཕ་རྒན་དང་ལྷན་དུ་བོད་ནས་བྲོས་བྱོལ་དུ་ཡོང་སྐབས་ལམ་ཁར་མགོན་པོ་ཟེར་བའི་ལམ་ཁྲིད་པ་ཞིག་དང་འཕྲད་པ་དང་། ལམ་བར་ན་ཁོང་ཚོར་རུ་ཁག་གཞན་དང་འཕྲད་ཅིང་བྲོས་བྱོལ་གྱི་བརྒྱུད་རིམ་དེའི་ཁྲོད་དཀའ་སྡུག་དུ་མ་མྱངས་སྟབས། མགོན་པོས་ཁ་ཁུ་སིམ་པོར་ཁོང་ཚོ་གཡུགས་ནས་ཕྱིན་པས་ལམ་ཁྲིད་པ་མེད་པར་འགྲུལ་བསྐྱོད་གནང་སྐབས་དཀའ་སྡུག་དེ་ལས་མང་བ་འཕྲད་པའི་སྒྲོལ་དཀར་དང་དེ་འབྲེལ་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མིའི་སྤྱིའི་མྱོང་ཚོར་མངོན་པའི་གློག་བརྙན་ཞིག་ཡིན་པ་རེད།བསྟན་འཛིན་བསོད་ནམས་ལགས་དང་རི་ཏུ་ས་རིན་ལགས་རྣམས་གཉིས་ཀྱི་གློག་བརྙད་དེར་མང་ཚོགས་ནས་དགའ་བསུ་དང་བཟོ་སྐྲུན་གནང་སྟངས་ཧ་ཅང་ཡག་པོ་ཡོད་པར་བསྔགས་བརྗོད་གནང་གི་འདུགབསྟན་འཛིན་བསོད་ནམས་ལགས་སུ་གློག་བརྙན་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་དེ་སྔ་དང་མཚུངས་བསྡུར་གནང་ཚེ་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་དེ་ཅུང་ཞན་པོ་ཆགས་ཡོད་པ་དང།  ད་ཆ་གློག་བརྙན་འདིེའི་བརྒྱུད་ནས་ཐུགས་སྣང་གནང་བར་ཐུགས་ཕན་གསོ་བའི་རེ་བ་ཞུ་མུས་ཡིན་སྐོར་གསུངས་སོང་།གཞི་རྩའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བོད་པའི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་རྣམ་གཉིས་ནས་གློག་བརྙན་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཁྲོད་རང་དབང་ཅན་གྱི་གློག་བརྙན་ཡོད་པ་རྣམས་དྷ་སའི་ས་གནས་མི་མང་རྣམས་ལ་གཟིགས་རྒྱུའི་གོ་སྐབས་སྐྲུན་ཆེད་ཡིན་པ་རེད།འདི་ལོའི་དུས་སྟོན་ཁོངས་སུ་རྒྱལ་སྤྱིའི་དང་རྒྱ་གར་གྱི་དངོས་བྱུང་དང། རྟོག་སྒྲུང་དང།  བྱིས་པའི་གློག་བརྙན།   དེ་བཞིན་དུས་ཐུང་གློག་བརྙན་རིགས་སོགས་ཁྱོན་གློག་བརྙན་ ༢༡ བསྟན་ཐུབ་པ་བྱུང་བ་མ་ཟད།  དུས་སྟོན་དེར་གློག་བརྙན་བཟོ་སྐྲུན་པ་དང་།  གློག་བརྙན་འཁྲབ་ཁྲིད་པ་སོགས་ཆེད་ཕེབས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།