Tibetan Royal Year of 2151 | Year of the Wood Dragon

དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་བོད་པའི་དགོན་སྡེ་ཁག་ལ་འབྱུང་བའི་རྐྱེན་ངན་སེལ་ཐབས་ཀྱི་འགན་འཁུར་ཆེ་ཤོས་ཡོད་པ་བཀའ་སྩལ་གནང་པ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ཐེངས་བདུན་པ་ཚོགས་ཡོད་པ་རེད།

དེ་རིང་ཟླ་༣ ཚེས་ ༢༡ ཉིན་ཝཱ་རཱ་ཎ་སཱི་ཁུལ་གྱི་སཱར་ནཱཐའི་ཉེ་འདབས་རིག་པའི་རྡོ་རྗེ་གཙུག་ལག་ཁང་དུ་ཀུན་སྐྱོང་དགེ་རྩ་ཚོགས་པ་དང་རྒྱ་གར་གྱི་རྒྱལ་སྤྱིའི་རྐྱེན་ངན་ལྡོག་ཐབས་ཚོགས་པས་གོ་སྒྲིག་འོག་མཛད་སྒོར་སྐུ་མགྲོན་གཙོ་བོར་རྒྱལ་བ་ཀརྨ་པ་མཆོག་དབུས་བཞུགས་གཙོས་པའི་ཁྲ་འགུ་རིན་པོ་ཆེ་མཆོག་དང། རྐྱེན་ངན་འཛིན་སྐྱོང་ཚོགས་པའི་ངེས་སྟོན་པ་གཞོན་པ་སྐུ་ཞབས་ Rakesh Kumar Singh ལགས། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གྲྭ་བཙུན་དགོན་ཁག་ ༥༠ ནས་གྲྭ་བཙུན་རྣམས་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འཐུས་མི་༦༥ ལྷག་ ཆེད་བཅར་གྱིས་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།

སྐབས་དེར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཉེ་བའི་ཆར་karmapaའཛམ་གླིང་ཡུལ་གྲུ་མང་པོའི་ནང་ས་ཡོམ་དང་ཆུ་ལོག་སོགས་རང་འབྱུང་ཁོར་ཡུག་གི་གནོད་འཚེ་འདྲ་མིན་སྣ་ཚོགས་ཞིག་བྱུང་དང་བྱུང་བཞིན་པའི་ཁར། ས་གནས་ཁག་ཏུ་ཡོད་པའི་བོད་པའི་དགོན་སྡེ་ཁག་ལ་འབྱུང་བའི་རྐྱེན་ངན་དེ་དག་ལ་དེ་མ་ཉིད་གདོང་ལེན་དང་ཉེན་སྲུང་གནང་མཁན་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཀྱི་སྡེ་ཚོགས་ཤིག་ཆགས་ཡོད་པ་བཀའ་སྩལ་དང་འབྲེལ། དགོན་སྡེ་ཁག་གིད་རྐྱེན་དེ་དག་སེལ་ཐབས་ལ་འགན་འཁུར་ཆེ་བཞེས་ཀྱིས་ གནོད་འཚེ་ཕོག་མཁན་ཚོ་ལ་རོགས་རམ་དང་གང་མྱུར་སྐྱབས་ཐབས་བྱེད་དགོས་པའི་ནན་སྐུལ་གནང་འདུག

རྩ་བའི་ཚོགས་པ་དེ་ནི། ཐོག་མར་ཕྱི་ལོ་༢༠༠༩ལོར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་འཛམ་གླིང་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་མདོག་སྤྱི་དང་སྒོས་སུ་ཧི་མཱ་ལ་ཡ་དང་བོད་མཐོ་སྒང་གི་ཁོར་ཡུག་སྐྱོབ་ལས་དོན་ཐོག་ཐུགས་འཁུར་ཆེ་ཤེས་ཀྱིས་ཆེད་བཙུགས་གནང་བའི་ཚོགས་པ་ཞིག་ཡིན་པ་མ་ཟད། ཚོགས་འདུ་དེའི་ནང་ཐོག་མར་དགོན་སྡེ་ཁག་༢༢མཉམ་བཞུགས་གནང་ཡོད་པ་དང་། ད་ལྟའི་ཆར་ཚོགས་འདུ་ནང་དགོན་སྡེ་དང་བཙུན་དགོན་གྲངས་༥༥ནས་མཉམ་ཞུགས་གནང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།