Tibetan Royal Year of 2151 | Year of the Wood Dragon

ཐུབ་བསྟན་རྡོ་རྗེ་ལགས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་གསར་པར་འོས་འདེབས་གནང་པ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་གསར་པར་འོས་འདེབས་གནང་པ་དང་སྦྲགས། ཁོང་གིས་རིང་མིན་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་སློབ་ཕྲུག་གི་ཤེས་ཡོན་སྤུད་ཚད་ཐད་ཤུགས་གtcv1ནོན་བརྒྱབ་རྒྱུ་ཡིན་ཅེས་གསུངས་སོང་།
དེ་ཡང་འདི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡ ནང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྡ་ས་དབུས་བོད་ཕྲུག་ཁྱིམ་སྡེ་གཙོས་པའི་ཡན་སློབ་གྲྭ་ཁག་གི་འབྲེལ་ཡོད་འགན་འཛིན་བཅས་ཚོགས་མི་ ༢༦ ལས་གྲུབ་པའི་ཚོགས་ཆུང་གིས་བོད་ཁྱིམ་གྱི་འཛིན་སྐྱོང་འཕེལ་རྒྱལ་ཚོགས་འདུ་ཐོག བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་གསར་པའི་འོས་འདེབས་ཀྱི་གསང་བའི་འོས་ཤོག་འཕངས་ཡོད་པ་རེད།
ཁ་སང་ཟླ་ ༤ ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་སྐོང་ཚོགས་གནང་ཐོག་དངོས་གཞིའི་འོས་གྲངས་ཇི་ཐོབ་གསལ་བསྒྲགས་གནང་པའི་ཁོངས། དེ་སྔ་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་ལ་མང་མོས་ཀྱིས་ཁྱོན་འོས་གྲངས་ ༢༣ རག་ནས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་གསར་པར་བསྐོ་གཞག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བྱས་འདུག འོན་ཀྱང་སྤྱི་ཁྱབ་དབུ་འཛིན་མཆོག་ནས་དངོས་གཞིའི་ལས་འཁུར་བཞེས་རྒྱུའི་གཞུང་འབྲེལ་མཛད་སྒོ་འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གནང་གཏན་འཁེལ་ཡོད་པ་རེད།
དེ་རིང་སྔ་དྲོ་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཟུར་པ་ཚེ་དབང་ཡེ་ཤེས་ལགས་དང། སྤྱི་ཁྱབ་དབུ་འཛིན་གསར་པ་ཐུབ་བསྟན་རྡོ་རྗེ་ལགས་གཉིས་ལྷན་བཞུགས་ཀྱིས་གསར་འགོད་པའི་བཅར་འདྲི་ཁག་ལ་དང་ལེན་གནང་ཡོད་པ་རེད།
སྐབས་དེར་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ད་ལན་བོད་ཁྱིམ་འཛིན་སྐྱོང་འཕེལ་རྒྱས་ངོས་ནས་ཁོང་རང་ཉིད་ལ་མང་མོས་ཀྱིས་རྒྱབ་སྐྱོར་གནང་སྟབས། མ་འོངས་པར་ཤེས་ཡོན་གྱི་ལྟེ་གནས་ཁངtcv་དེའི་ལས་དོན་གང་ཡིན་ལ་གྲུབ་འབྲས་སོན་ངེས་ཡིན་པ་ལས་དེ་ལྟར་མི་གྲུབ་པའི་ཐེ་འཚོམ་གང་ཡང་མེད་ཅེས་གསུངས་སོང་།
གཞན་ཡང་དབུ་འཛིན་ལས་ཟུར་རྣམ་པ་གཉིས་ལ་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་འཕོ་འགྱུར་གྱི་དུས་སྐབས་འདིར་མ་འོངས་པའི་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་དང་སློབ་ཕྲུག་གི་ཤེས་ཡོན་ཐད་ལ་གདོང་ལེན་གནང་དགོས་པའི་གནད་དོན་ཐོག་བཅར་འདྲི་ཞུས་པར། ཁོང་རྣམ་པ་གཉིས་ཀས་གསུངས་དོན། ད་ལྟའི་ཆར་བོད་ཁྱིམ་དུ་བོད་ཕྲུག་སློབ་མའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པར་བརྟེན། མ་འོངས་པར་དགོས་མཁོ་ལ་གཞིགས་ཏེ་ཡན་ལག་སློབ་གྲྭ་ཁག་མཁོ་བསྡུ་བྱ་རྒྱུ་དང། ད་ཡོད་ཕྲུ་གུ་དང་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་སྤུད་ཚད་ཡར་རྒྱས་གཏང་རྒྱུ་ཡིན་ཅེས་གསུངས་ཡོད།
ལྷག་དོན་ལོ་རེ་བཞིན་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སློབ་མའི་ཁྲོད་ནས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་རིགས་གཅིག་རྐང་འཛིན་གནང་མཁན་ཇེ་མང་ཐོན་རྒྱུ་སོགས་ལ་ཤུགས་གནོན་བརྒྱབ་རྒྱུ་གལ་ཆེ་འདུག་ཅེས་གསུངས་སོང་།
རྩ་བའི་ད་ལྟའི་ཆར་བོད་ཕྲུག་ཁྱིམ་སྡེ་དབུས་གཙོས་པའི་ཡན་ལག་སློབ་གྲྭ་ཁག་ ༡༦ ཡོད་པ་དང། དེ་དག་གི་ནང་ལ་སློབ་ཕྲུག་ཁྱོན་ ༡༢༠༠༠ ལྷག་དང་ལས་བྱེད་ ༡༤༠༠ ལྷག་ཡོད་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལྟེ་གནས་ཆེ་ཤོས་ཤིག་ཡིན་པ་རེད།
ལོ་ཤས་སྔོན་ནས་བོད་ནས་བཙན་བྱོལ་དུ་སློབ་སྦྱོང་ཆེད་ཡོང་མཁན་གྲངས་འབོར་ཉུང་དུ་ཕྱིན་པ་དང། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་མང་དག་ཞིག་ཕྱི་རྒྱལ་ལ་གཞི་སྤོ་གནང་མཁན་ལོ་རེ་བཞིན་གྲངས་འབོར་འཕར་བཞིན་ཡོད་པ་མ་ཟད། ལྷག་དོན་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་སློབ་མའི་གྲངས་འབོར་དེ་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད་འདུག་ལ། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་སློབ་ཕྲུག་བརྒྱ་ཆ་ ༡༨ ཧི་མཱ་ལའི་རིགས་བརྒྱུད་ཀྱི་སློབ་ཕྲུག་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།