Tibetan Royal Year of 2151 | Year of the Wood Dragon

ཆོས་ལུགས་ལ་མ་བརྟེན་པའི་འཚེ་མེད་ཞི་བའི་ཐབས་ལམ་སྤེལ་དགོས།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཁ་སང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་གིས་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུའི་ཐོག་ནང་ཆོས་ཐོག་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་ལས་རིམ་ཞིག་གོ་སྒྲིག་གནང་སོང་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་བཞིན་ཐོག་མར་འགྲོ་བ་མིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་མངོན་འདོད་སྒྲུབ་ཐབས་སུ་བེད་སྤྱོད་གང་འདྲ་བཏང་ཡོད་མེད་དང་། ལྷག་པར་དུ་ནང་པའི་ཆོས་ནང་གསུངས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྣམ་གཞག་ཁག་ངོ་སྤྲོད་དང་འབྲེལ། ཆོས་ལུགས་ལ་མ་བརྟེན་པའི་འཚེ་མེད་ཞི་བའི་ཐབས་ལམ་སྤེལ་དགོས་པ་གསུངས་སོང་།
དེ་ཡང་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས། ད་བར་འཚེ་མེད་ཞི་བའི་ཐབས་ཐབས་ལམ་ཐོག་ལག་བསྟར་བྱས་པའི་ལས་འགུལ་གྱི་རྣམ་པ་མང་པོ་ཞིག་ནུབ་ཕྱོགས་ནས་དར་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དེ་ནི་ཏག་ཏག་ཞིན་མིན་པ་དང་། དེ་ཡང་ད་བར་གྱི་འགྲོ་བ་མིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་མངོན་འདོད་སྒྲུབ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་མར་ལག་བསྟར་གནང་མཁན་དེ་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་ཡིན་པ་དང་། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་དགོངས་པ་གཞིར་བཟུང་རིམ་པའི་་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དམ་པ Nelson Mandela མཆོག་དང་ཨ་མི་ར་ཀའི་མི་རིགས་དཀར་ནག་གི་གནད་དོན་ཐབས་རྩོད་པ་ Martin Luther King སོགས་ནས་ལག་བསྟར་གནང་ཡོད་པ་སོགས་ངོ་སྤྲོད་གནང་སོང་།

ལྷག་པར་དུ་རིན་པོ་ཆེ་མཆོག་ནས། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་ནང་ཆོས་ཀྱི་བསླབ་བྱ་སྙིང་པོ་དེ་འཚེ་མེད་ཞི་བ་ཡིན་པ་དང་། དེ་ཡང་གཙོ་བོ་ཡིད་ཀྱི་ཐོག་ནས་འཚེ་བ་མེད་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ནང་ཆོས་ལས་གསུངས་པའི་འཚེ་མེད་ཞི་བའི་སྐོར་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། ནང་ཆོས་ལས་གསུངས་པའི་འཚེ་མེད་ཞི་བའི་ཐབས་ལམ་དེ་དག་ཟུར་བཏོན་གནང་སྟེ། བོད་མི་དང་ནང་པ་ཙམ་མ་ཟད། འགྲོ་བ་མི་གཅིག་འགྱུར་གྱིས་ལག་བསྟར་ཐུབ་སླད། ཆོས་ལུགས་ཀྱི་མིང་ངེས་པར་དུ་མི་དགོས་པར་ཆོས་ལུགས་ལ་མ་བརྟེན་པའི་འཚེ་མེད་ཞི་བའི་ཐབས་ལམ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།

གཞན་ཡང་རིན་པོ་ཆེ་མཆོག་ནས། བོད་དོན་བདེ་མཐའ་གསལ་ཐབས་ཀྱི་བྱ་བ་རྣམས་འཚེ་བ་དང་མ་འབྲེལ་བ་ཞིག་གཙོར་བཟུང་གནང་དགོས་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་མཚན་དང་གཟི་བརྗིད་ཁྲོད་ཕྱི་མི་རྣམས་ནས་བོད་མི་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་གནང་མཁན་རེད་ཅེས་མཚན་མཐོང་ཡོད་པ་དེ་འཛིན་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་ཡང་གནང་ཡོད།

འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་ནས་ཐེངས་འདིའི་གསུངས་བཤད་ཀྱི་ལས་རིམ་་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་དེ་ནི། འདས་པའི་དུས་ཚོད་ནང་ལ་ལྟེ་གནས་ཁང་འདིའི་ངོས་ནས་གནང་བཞིན་པའི་ཟབ་སྦྱོང་གི་གཞི་བཅོལ་ས་མང་ཆེ་བ་ནུབ་ཕྱོགས་པས་བྲིས་པ་ཆགས་ཀྱི་ཡོད་སྟབས། མ་འོངས་པར་བོད་པ་གཙོས་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ནང་ཆོས་ལས་གསུངས་པའི་འཚེ་མེད་ཞི་བའི་ཐབས་ལམ་ཁག་ཁྱབ་སྤེལ་ཐུབ་རྒྱུ་སོགས་ལ་དམིགས་པ་ཞིག་ཆགས་ཀྱི་འདུག

གཞི་རྩའི་ཐེངས་འདིའི་གསུངས་བཤད་ཀྱི་ལས་རིམ་ཐོག་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སློབ་གྲྭ་ཁག་གི་སྐུ་ཚབ། དེ་བཞིན་ནང་ཆོས་ལ་ཐུགས་རྒྱུད་ཆེ་བའི་དགེ་བཤེས་དང་། དོ་སྣང་ཅན་གྱི་མང་ཚོགས་སོགས་ནས་མཉམ་ཞུགས་ཀྱིས་དྲི་བ་དྲིས་ལན་དང་རིན་པོ་ཆེ་མཆོག་གི་བཀའ་སློབ་ཐོག་གྲོས་བསྡུར་སོགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།