Tibetan Royal Year of 2151 | Year of the Wood Dragon

ཆོས་ཞུ་བ་ཁྲི་ཚོ་ལྷག་ལ་དགེ་བསྙེན་དང་བྱང་སེམས་སྡོམ་པ་འབོགས་པར་མཛད་པ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཚོུད་ ༩ ཙམ་ལ་ཁ་སང་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བར་དབུ་འཛུགས་མཛད་པའི་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་འཕྲོ་སྐྱོང་དང་སྦྲགས་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་ཚོ་བརྒལ་བར་དགེ་བསྙེན་དང་བྱང་ཆུང་སེམས་པའི་སྡོམ་པ་འབོག་བཀའ་དྲིན་མཛད་སོང་། དེ་རིང་ཆོས་འབྲེལ་གྱི་ཉིན་གཉིས་པ་དེ་ཀོ་རི་ཡ་དང་ཝི་ཏི་ནམ་གྱི་སྐད་ཐོག་ནས་བཀྲ་ཤིས་པའི་མདོ་གསུང་འདོན་དང་སྦྲགས་བཀའ་ཆོས་དངོས་གཞི་དབུ་འཛུགས་བསྐྱངས་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་གྱི་སྤྱི་བཤད་དང་འབྲེལ་སངས་རྒྱས་ཀྱི་བསྟན་པ་ཁྱབ་ཀྱང་ཉམས་པར་གྱུར་བའི་ནང་པའི་ཡུལ་གྲུ་ཁག་གི་ནང་དུ་བསྟན་པ་སླར་གསོ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་བསྩལ་སོང་།མགོན་པོ་༸གང་ཉིད་མཆོག་ནས་ཡི་ཤུའི་ཆོས་པ་ཚོས་སྤྱི་ཚོགས་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཞབས་འདེགས་ཤུགས་ཆེ་སྒྲུབ་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ང་ཚོ་ནང་པའི་ཁྲོད་དེ་ལྟར་གནང་མཁན་དཀོན་པོ་ཡིན་སྟབས་ང་ཚོས་ཡི་ཤུའི་ཆོས་པ་ཚོའི་གནང་སྟངས་ལ་དཔེ་ལྟོས་དགོས་ཞེས་བཀའ་བསྩལ་ཡོད།ཆོས་འབྲེལ་གྱི་སྤྱི་བཤད་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་འཕྲོ་སྐྱོང་ལེགས་པར་གྲུབ་པ་མཛད་དེ་སང་ཉིན་མཛད་འཆར་ཡོད་པའི་འཇིགས་བྱེད་དཔལ་གཅིག་གི་བཀའ་དབང་གི་སྔོན་འགྲོའི་ཚུལ་དུ་ཐེངས་འདིའི་བཀའ་ཆོས་ཐོག་བཅར་བའི་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་ཚོ་བརྒལ་བར་དགེ་བསྙེན་དང་བྱང་ཆུང་སེམས་པའི་སྡོམ་པ་འབོག་བཀའ་དྲིན་མཛད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།