Tibetan Royal Year of 2151 | Year of the Wood Dragon

གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པ་བསྐོ་གཞག་གནང་བ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

ཁ་སང་ཟླ་ ༡ ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་མོ་ནང་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་བཅར་བའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་འདུས་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་དཔལ་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་ཁག་དང་རྙིང་མའི་སྤྱི་འཐུས་རྣམ་པ། སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་དབུས་པའི་དགོན་སྡེ་ཁག་གི་སྐུ་ཚབ་དགེ་བསྐོས་རྣམ་པ་བཅས་ཀྱིས་སྔོན་གྱི་འགྲོ་ལུགས་གྲོས་ཆོད་གཏན་འབེབས་ལྟར་བཀའ་བསྡུར་གནང་འབྲས་སུ་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་༸རྒྱལ་བ་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་བསྐོ་གཞག་གནང་འདུགདེའང་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པ་ཚོགས་སྐབས་བཙན་བྱོལ་ནང་གི་རྙིང་མའི་མ་དགོན་དྲུག་ནས་དང་པོ་ཀཿཐོག་དང་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་ཁག་རིམ་པས་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རིང་རེ་མོས་བཞེས་རྒྱུའི་ཐུགས་ཐག་བཅད་ཡོད་པ་བཞིན། ཉེ་ལམ་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་ལོ་ ༦༤ ཐོག་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་ཀྱི་ཉེ་འདབས་སུ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལྟར། ད་ལན་སྨོན་ལམ་ཆེན་མོ་ཐེངས་ ༣༠ པ་ཚོགས་པ་དང་སྟབས་བསྟུན་རྒྱལ་བ་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་ལ་མོས་མཐུན་གྲོས་ཆོད་བྱུང་བ་བཞིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༨ པར་བསྐོ་གཞག་བྱུང་ཡོད་པ་རེད།

འོན་ཀྱང་༸རྒྱལ་བ་རྫོགས་ཆེན་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༠ པའི་ཐོག་ཚོགས་བཅར་གནང་མེད་སྟབས་རིམ་པས་༸རྒྱལ་བ་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་གི་སྐུ་མདུན་དུ་ཆེད་བཅར་གྱིས་ཁྲི་འཛིན་གྱི་ཐུགས་འགན་བཞེས་རྒྱུར་གསོལ་འདེབས་སྙན་གསེང་ཞུ་རྒྱུ་རེད་འདུགའདི་ག་རླུང་འཕྲིན་ཁང་གིས་སྔ་འགྱུར་རྙིང་མའི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་སུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་རིམ་པ་ཕེབས་ཕྱོགས་དང་དུས་ཡུན་སོགས་ཀྱི་ཐོག་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༨ པ་༸རྒྱལ་བ་རྫོགས་ཆེན་རིན་པོ་ཆེ་མཆོག་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་ལོ་འགོ་ནང་ཁྲི་འཛིན་གྱི་ཐུགས་འགན་བཞེས་རྒྱུར་གསོལ་འདེབས་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

གཞི་རྩའི་སྔ་འགྱུར་རྙིང་མའི་དབུ་འཛིན་བརྒྱད་པ་རྫོགས་ཆེན་ཡིད་བཞིན་ནོར་བུ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་མཆོག་ནི། ཕྱི་ལོ་༡༩༦༤ ལོར་ཟངས་མདོག་དཔལ་རི་གཉིས་པ་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ། ཁྱིམ་བདག་ལྭ་དཀར་ཚང་དུ་སྐུ་འཁྲུངས་པ་དང་། སྔར་ཡུམ་གྱི་མངལ་དུ་ཞུགས་སྐབས་ནས་གུ་རུ་རིན་པོ་ཆེ་དང་། ༸གྲུབ་དབང་རྫོགས་སྤྲུལ་བཞི་པ་ཟུང་གིས་ཉམས་དང་རྨི་ལམ་ལ་ཡང་ཡང་ཞལ་གཟིགས་གནང་བ་བཞིན་༸སྐྱབས་རྗེ་རྡོ་གྲུབ་ཆེན་མཆོག་གིས་རྫོགས་སྤྲུལ་བདུན་པ་ལྭ་དཀར་ཚང་ལ་འཁྲུངས་ངེས་ཀྱི་ཐུགས་ཐག་ཆོད་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ངོས་བཟུང་བ་ལྟར་ངོས་འཛིན་ཞུས་ཡོད་པ་རེད།

ཕྱི་ལོ ༡༩༧༢ ལོར་འབྲས་ལྗོངས་ཆོས་རྒྱལ་རིམ་བྱོན་གྱི་ཕོ་བྲང་དུ་༸སྐྱབས་རྗེ་རྡོ་གྲུབ་ཆེན་དབུས་འབྲེལ་ཡོད་ཡོངས་ནས་གསེར་ཁྲིར་མངའ་གསོལ་བ་དང་། སྐབས་དེར་བདུད་འཇོམས་རིན་པོ་ཆེས་དབུ་ཞྭ་པདྨ་མཐོང་གྲོལ་དང་རྟེན་གསུམ་ཤིས་ཚིག་བཅས་བསྐུར་གནང་གིས་གསང་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་དབང་བསྐུར་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྫོགས་སྤྲུལ་དྲུག་པའི་ཡང་སྲིད་དངོས་ཡིན་པའི་ཉམས་སྣང་བྱུང་ཚུལ་སོགས་གཟེངས་བསྟོད་གནང་ཞིང་གཙུག་ཕུད་བཞེས་པའི་མཚན་དུ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞེས་གསོལ་ཡོད་པ་རེད།

རྡོ་གྲུབ་རིན་པོ་ཆེ་མཆོག་གིས་དབུས་པའི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། བདུད་འཇོམས་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དབང་ལུང་གདམས་ངག་བུམ་པ་གང་བྱོ་ཚུལ་དུ་ཞུས་ཤིང་། དེ་རྗེས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་རིགས་ལམ་སློབ་གཉེར་ཁང་དུ་དགེ་བཤེས་བློ་བཟང་རྒྱ་མཚོ་སོགས་ལས་རིག་ལམ་ཆེ་འབྲིང་ཆུང་གསུམ། དབུ་ཕར་སོགས་ལ་གསན་བསམ་རྒྱ་ཆེར་གནང་བ་མ་ཟད། ཀུན་བཟང་བླ་མའི་ཞལ་ལུང་དང་། ངལ་གསོ་སྐོར་གསུམ། ཀློང་ཆེན་མཛོད་བདུན་ལ་སོགས་པའི་སྔ་འགྱུར་རྙིང་མའི་ཆོས་སྐོར་རྣམས་གསན་བཞེས་ལེགས་པར་མཛད་དེ་ལོ་གསུམ་ཟླ་གསུམ་གྱི་བཅད་རྒྱ། གྲྭ་ཚང་དུ་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་སོགས་ཀྱི་གཞི་རྐང་སྲ་བརྟན་མཛད་ཡོད།

རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་མི་མང་ཚོགས་ཁང་གསར་བསྐྲུན། སྤྱི་ཁང་ཉམས་གསོ། གློག་གི་མཐུན་རྐྱེན། ཟམ་པ་དང་འགྲོ་ལམ་བཅས་ཉམས་གསོ་གནང་སྟེ་སྤྱི་སྨན་ཉེར་མཁོ་བསྐྲུན་ཡོད་པ་དང་། ལྷག་དོན་འཛམ་གླིང་ཤར་ནུབ་གང་སའི་སྣོད་ལྡན་སློབ་མ་རྣམས་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་སྒོས་སྔ་འགྱུར་རྙིང་མ། བྱེ་བྲག་ཏུ་སྔ་འགྱུར་༸གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་ལས་གསུམ་དར་རྒྱས་ཀྱི་མཛད་པ་བསྐྱངས་དང་སྐྱོང་མུས་ཡིན་པ་རེད།

རྩ་བའི་དེ་སྔ་བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ཕེབས་ཕྱོགས་ཀྱི་ལམ་སྲོལ་དམིགས་བསལ་ཞིག་མེད་ཀྱང་། བྱེས་སུ་འབྱོར་རྗེས་རྙིང་མའི་མ་དགོན་དྲུག་ནས་རེ་མོས་ཐོག་དབུ་འཛིན་ཁྲི་རབས་གནང་གི་ཡོད་པ་རེད། དེའང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཆེས་ཐོག་མ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་གནང་བ་དང་དེ་རྗེས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སོགས་ནས་ཁྲི་རབས་ཀྱི་མཚན་གནས་རིམ་པ་བཞེས་ཐོག་བསྟན་འགྲོ་སྤྱི་དང་སྒོས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ལ་ཕན་ཐོགས་རྒྱ་ཆེ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།