Tibetan Royal Year of 2151 | Year of the Wood Dragon

གནས་ཆེན་མཉན་ཡོད་དུ་དམ་ཆོས་འདུལ་བའི་ཕྱག་བཞེས་ལྟར་དབྱར་གནས་དབུ་འཛུགས།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་སངས་རྒྱས་བཅོམ་ལྡན་འདས་ཐེངས་ ༢༥ དབྱར་གནས་ལ་བཞུགས་པ་དང་དེ་བཞིན་ཆོ་འཕྲུལ་བསྟན་པ་སོགས་ཀྱི་མཛད་པ་དུ་མ་བསྐྱངས་པའི་གནས་ཆེན་ཁྱད་པར་ཅན་རྒྱ་གར་གྱི་ཨུ་ཏྟརཔྲ་དེ་ཤའི་ཁོངས་གཏོགས་སུ་ཆགས་པའི་ Shravasti འམ་མཉན་ཡོད་དུ་བྷར་མ་དང་ཤྲི་ལངྐ་སོགས་ནས་ཆེད་དུ་གདན་འདྲེན་ཞུས་པའི་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་ ༡༠༨ ལྷག་ལྷན་ཞུགས་ཐོག་དམ་ཆོས་འདུལ་བའི་ཕྱག་བཞེས་དང་མཐུན་པའི་དབྱར་གནས་དབུ་འཛུགས་གནང་འདུག
ཁ་སང་བོད་ཟླ་ ༥ ཚེས་ ༡༥ ཉིན་ནས་དབུ་འཛུགས་ཀྱིས་༸སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཐུན་འགྱུར་གནང་བ་ལྟར། འབྲི་གུང་༸སྐྱབས་མགོན་༸གང་ཉིད་མཆོག་དབུ་བཞུགས་ཐོག་ཟླ་བ་གསུམ་གྱི་རིང་བྷར་མ་དང་ཤྲི་ལངྐ་སོགས་ནས་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་ ༡༠༨ ལྷག་ལྷན་འཛོམས་སར་དབྱར་གནས་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་དབྱར་གནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁས་དབང་དབང་ཕྱུག་རྡོ་རྗེ་མཆོག་ནས་འཚམས་འདྲི་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་འདུག
དེ་བཞིན་དབྱར་གནས་ཀྱི་བྷར་མའི་གནས་བརྟན་ཆེན་པོ་པར་མོ་ཁ་མཆོག་དང་ཤྲི་ལངྐ་དང་བྷར་མ་བཅས་ཀྱི་བགྲེས་སོང་དགེ་སློང་ཁ་ཤས་ཀྱིས་དམ་ཆོས་འདུལ་བ་དང་འབྲེལ་བའི་གསུང་བཤད་གནང་བ་དང་ཆབས་ཅིག འབྲི་གུང་༸སྐྱབས་མགོན་མཆོག་ལ་གོ་སྒྲིག་དེ་ལྟར་གནང་བར་ཡི་རངས་ཀྱི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་འདུག
འབྲི་གུང་༸སྐྱབས་མགོན་མཆོག་གིས་མཉན་ཡོད་ཀྱི་གནས་ཆེན་འདི་བཞིན་རང་ཅག་ནང་པ་ཡོངས་ལ་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་དང་། དེ་བཞིན་མཉན་ཡོད་ནང་པའི་ལྟེ་གནས་གཙུག་ལག་ཁང་འདི་ཉིད་གསར་བཞེངས་གནང་བའི་དགོས་དམིགས་སོགས་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ངོ་སྤྲོད་ཞིབ་རྒྱས་བསྩལ་འདུག
དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་རིགས་ལམ་སློབ་གཉེར་ཁང་གཉིས་ཐུན་མོང་གིས་བོད་ཟླ་ ༥ ཚེས་ ༡༥ ནས་ ༣༡ བར་ཚད་མ་རྣམ་འགྲེལ་ཐོག་དབྱར་ཆོས་ཀྱི་ཆོས་རྭ་ཆེས་ཐོག་མ་དེ་དབུ་འཛུགས་གནང་ཡོད་པ་རེད།
རྩ་བའི་ད་རེས་འབྲི་གུང་༸སྐྱབས་མགོན་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་མཉན་ཡོད་ཀྱི་གནས་ཆེན་འདིར་ལོ་ངོ་གཉིས་སྟོང་ལྷག་ཙམ་གྱི་རྗེས་ལ་དབྱར་གནས་ཚོགས་ཐུབ་པ་འདི་ནི་ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་ཆེས་གནད་ཆེ་བ་ཞིག་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།