Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་གྲོས་ཚོགས་ནང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་འཚམས་འདྲི་ཞུས་འདུག

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་སུ་༸གོང་ས་མཆོག་ནི་བོད་མི་ཁོ་ནའི་དབུ་ཁྲིད་ཙམ་མ་ཡིན་པར་༸གང་ཉིད་མཆོག་ནི་ང་ཚོ་ཚང་མར་མིག་དཔེ་འོས་པའི་དབུ་ཁྲིད་གཅིག་རེད་ཅེས་གསུངས་འདུག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ནི་ཁེ་ན་ཌའི་ Park dale High-Park ནང་ནས་གྲོས་ཚོགས་ཀྱི་འཐུས་མིར་གསར་དུ་བསྐོ་གཞག་གནང་པ་ཞིག་ཡིན་པ་རེད། ཁོང་གིས་འཛམ་གླིང་རྒྱལ་སྤྱིའི་ངོས་ནས་༸གང་ཉིད་མཆོག་ནི་གོ་ལ་སྤྱིའི་ཞི་བདེ་བསྐྲུན་ ཐབས་སུ་ངལ་བ་འཛེམས་ཀྱིས་ཞི་བདེ་ཐོག་ཕྱག་ལས་གནང་པར་ངོས་བཞེས་ཐོག་ ༡༩༨༩ ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དང། སྐབས་དེར་མགོན་པོ་མཆོག་གིས་ཀྱང་ཞི་བདེའི་གཟེངས་རྟགས་འབུལ་སྐབས་༸གང་ཉིད་མཆོག་ནི་དམིགས་བསལ་གྱི་སྐྱེས་བུ་དམ་པ་ཞིག་མིན་ཀྱང། དེ་ནི་༸གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་དྲང་བདེན། དེ་བཞིན་བྱམས་བརྩེ་བཅས་ཀྱི་ཐོག་ལ་མཛད་འཁུར་བཞེས་པར་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་སྐོར་བཀའ་བསྩལ་མཛད་ཡོད་པར་བརྟེན་གྲོས་ཚོགས་འཐུས་མི་ཚང་མས་དམིགས་བསལ་གྱི་ཉིན་མོ་དེ་སྲུང་བརྩི་ཞུ་རོགས་ཞེས་གསུང་ཡོད་པ་རེད།
རྩ་བའི་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༦ འཁོར་བ་དང། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅར་བཞུགས་ཁེ་ན་ཌའི་གཞུང་ཚབ་སྐུ་ཞབས་ Guy Saint Jacques ལགས་ཀྱིས་ཁོང་རྒྱ་ནག་ཏུ་ཁེ་ན་ཌའི་གཞུང་ཚབ་གནང་རིང་ལ་ཁོང་གི་དངོས་སུ་མཐོང་ཆོས་སུ་འགྱུར་བ་ནི་རྒྱ་ནག་གཞུང་གིས་ཞི་བའི་ཐོག་ནས་རང་ཉིད་ཀྱི་མངོན་འདོད་གསལ་སྟོན་གནང་མཁན་རྒྱ་རིགས་མི་སེར་ཚོ་འཛིན་བཟུང་བཙོན་འཇུག་བྱས་པ་དང། དེ་བཞིན་ཕྱི་སྡོད་རྒྱ་རིགས་ཚོས་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་ཐད་ལ་རྩོལ་བ་ཆེན་པོས་དཔྱད་ཞིབ་གནང་མཁན་དེ་དག་ལ་དམ་དྲག་ཞུགས་ཆེ་བྱེད་བཞིན་པར་བློ་འཚབ་ཡོད་པ་གསུངས་པ་དང་སྦྲགས།a33a76a95170b7850d4dfc0a9d4da04c དེ་བས་ཀྱང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་གནད་དོན་དེར་སྲུང་སྐྱོབ་གནང་མཁན་ཚོ་ལ་འཚབ་ཆེན་གྱིས་དམ་དྲག་བྱས་པར་བློ་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག      དེ་བཞིན་ཁོང་གི་དངོས་ཀྱི་མྱོང་བའི་ཐོག་ནས་གསལ་སྟོན་གནང་དོན་ལ། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་དོན་སྙིང་ལྡན་པའི་མང་ཚོགས་ཀྱི་མཉམ་ཞུགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁྲིམས་ཀྱི་དབང་འགྱུར་སྲ་བརྟན་ཡོང་ཐུབ་པ་གསུངས་པ་མ་ཟད།     ད་བར་འདས་པའི་ལོ་ངོ་ ༣༠ ལྷག་གི་ནང་རྒྱ་ནག་གི་དཔལ་འབྱོར་ཐོག་ལ་ཡར་རྒྱས་ཕྱིན་པའི་དབང་གིས་རྒྱ་ནག་གི་མི་འབོར་དང། སྤྱི་ཚོགས། རིག་གཞུང་། ད་བཞིན་དཔལ་འབྱོར་གྱི་རང་དབང་བཅས་ལ་ཕན་ཐོགས་བྱུང་ཡོད་ཀྱང། ད་དུང་རྒྱ་ནག་རང་གི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སོགས་ཀྱི་ཐད་ལ་ཡར་རྒྱས་གཏོང་རྒྱུ་ཡོད་སྐོར་གསུངས་འདུག ཁོང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཁེ་ན་ཌའི་གཞུང་གི་ཚབ་ཞུས་ཏེ་རྒྱ་ནག་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་འཐུས་ཚང་དགོས་པ་གསུངས་པ་མ་ཟད། ཁེ་ན་ཌའི་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།